རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཞིས་རྩེ་དང་ཆབ་མདོ་ས་ཁུལ་གཉིས་གྲོང་ཁྱེར་དུ་སྒྱུར་བར་ཆོག་མཆན་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་གནང་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེ་ས་ཁུལ་དང་ཆབ་མདོ་ས་ཁུལ་གཉིས་སོ་སོར་གཞིས་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་སྒྱུར་བའི་སྐོར་གྱི་འབྲེལ་ཡོད་ཡིག་ཆར་ཆོག་མཆན་བཀོད། བོད་ལྗོངས་བཅོས་བསྒྱུར་དང་འཕེལ་རྒྱས་བརྟན་རླིང་ཡོང་བར་སྐུལ་འདེད་ཆེན་པོ་གཏོང་བ་དང་། གཞིས་རྩེ་དང་ཆབ་མདོ་གྲོང་ཁྱེར་གཉིས་ཀྱི་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་བྱ་བར་མཐོང་ཆེན་གནང་བཞིན་པ་དང་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་ཐུགས་ཁུར་དམིགས་བསལ་བྱེད་བཞིན་པར་མཚོན་ཐུབ། ཟླ་11པའི་ཚེས་2ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་བསྡུས་ཏེ། གཞིས་རྩེ་དང་ཆབ་མདོ་གྲོང་ཁྱེར་གཉིས་འཛུགས་པའི་ལས་ཀའི་འབྲེལ་ཡོད་གནས་ཚུལ་བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1