༄༅།། འཕྲོད་སྦྱོར་གྱི་རྒྱུན་ཤེས་དག་ཤེས་ན། ཁྱེད་སྐུ་ཁམས་གསལ་ཐང་ཡོང་ངེས།

རྩོམ་སྒྲིག་པ།ཡོང་ཁུངས།བདེ་ཆེན་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས། སྤེལ་དུས། 11-27




        1.རྒྱུན་དུ་མཚན་ལྟོ་བཟས་ན་ཕོ་བར་ངལ་གསོ་ཐེབས་ཀྱི་མེད་ལ། ཕོ་བའི་ནད་ཕོག་ཉེན་ཡོད།

        2.ཞོགས་པ་ལངས་རྗེས་ཆུ་གྷེ་ལ་སི་གང་བཏུངས་ན། མཁྲིས་རྡོ་ཆགས་པར་སྔོན་འགོག་བྱེད་ཐུབ་ལ། ཆབ་ཆེན་གཏོང་བདེ་རུ་འགྲོའོ།

        3.འོ་ཇ་ཉུང་ཙམ་འཐུང་དགོས། གང་ལགས་ཤེ་ན། འོ་ཇ་འཐུང་ཡུན་རིང་ན་ཁྲག་ཤེད་མཐོ་རུ་འགྲོ་བའི་ཁར་གཅིན་སྙི་ཟགས་ཁུའི་ནད་སོགས་ཕོག་ཉེན་ཡོད།
        4.བྱ་དེའི་འཕོངས་ཤར་སྐྲན་ནད་སློང་བའི་རྒྱུ་ཡོད་པས། བྱ་ཤ་ཟ་དུས་འཕོངས་ཤ་ཡེ་ནས་ཟ་རྒྱུ་མེད།

        5.གཟའ་འཁོར་རེར་སྒོ་ང་4ལས་མང་བ་ཟ་རྒྱུ་མེད། དེ་ལས་བརྒལ་ཚེ་ལུས་པོར་ཕན་ཐོགས་མེད།

        6.གྲོད་པ་སྟོང་པར་ཀྲོ་མ་ཀྲུ་ཟ་རྒྱུ་མེད། ཡག་ཤོས་བྱུང་ན་ལྟོ་ཆས་བཟས་རྗེས་ཀྲོ་མ་ཀྲུ་ཟ་དགོས།

        7.མ་ཉལ་གོང་གི་ཆུ་ཚོད་3ནང་ལྟོ་ཆས་ཟ་རྒྱུ་མེད། གལ་ཏེ་བཟས་ནས་ཉལ་ན་ལུས་ཤ་རྒྱགས་སུ་འགྲོ་སྲིད།

        8.ཉིན་ལྟར་ཉུང་མཐར་ཡང་ཆུ་གྷེ་ལ་སི་8ཙམ་འཐུང་དགོས། 

        9.ལྟོ་ཆས་བཟས་རྗེས་ཤིང་འབྲས་ཟ་དགོས་ཟེར་བ་ནི་དོན་ལ་མི་གནས་པ་ཞིག་རེད། བྱས་ཙང་། ཡག་ཤོས་བྱུང་ན་ཁ་ལག་མ་བཟས་གོང་མཆོད་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1