གཏམ་བརྗོད་ཟློས་གར་《གངས་ལྗོངས་ཀྱི་རྣམ་ཤེས།》ཞེས་པ་དར་མདོ་ནས་འཁྲབ་སྟོན་བྱས།

ངེད་དྲ་བ། ཏིང་འཛིན་བཀྲ་ཤིས རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིསཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-06


སྤྱི་ཟླ་11པའི་ཚེས་3ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྒྱུ་རྩལ་ཟློས་གར་གླིང་ཚད་ཡོད་སྤྱི་གཉེར་ཁང་དང་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་གཏམ་བརྗོད་ཟློས་གར་《གངས་ལྗོངས་ཀྱི་རྣམ་ཤེས།》ཞེས་པ་དར་མདོ་ནས་འཁྲབ་སྟོན་བྱས་ཤིང་། ཟློས་གར་འདི་རང་ཁུལ་དུ་འཁྲབ་སྟོན་ཐོག་མར་བྱས་པ་ཡིན་ལ། ཟློས་གར་འདིའི་ནང་དུ་པི་ཧྲི་ཞང་འཚོ་བཞུགས་སྐབས་སུ། ལྷག་བསམ་ཟོལ་མེད་དང་བློ་གཅིག་སེམས་གཅིག་གིས་མང་ཚོིགས་ལ་ཕན་བདེ་བསྐྲུན་པའི་མཛད་རྗེས་དག་བརྗོད་ཡོད། རང་ཁུལ་གྱི་འགོ་ཁྲིད་ཧུའུ་ཁྲང་ཧྲེང་དང་ལི་ཁང་། བྱམས་ལོ་སོགས་པི་ཧྲི་ཞང་གི་ལྕམ་མོ་ཞུས་ཧུའེ་མིང་དང་། ནུ་མོ་པི་ཡུས་དབྱི་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པར་ཕེབས། འཁྲབ་སྟོན་བྱས་པའི་རིང་དུ། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་600ལྷག་ལ་མང་ཚོགས་ཀྱི་ཆེད་དུ་དཀའ་ལས་མྱངས་ཤིང་མང་ཚོགས་ཀྱི་ཆེད་དུ་བྲེལ་བ་ཆེ་བའི་ཕུལ་བྱུང་ཏང་ཡོན་ཞིག་གི་གཏམ་རྒྱུད་ཀྱིས་སེམས་འགུལ་ཐེབས་སུ་བཅུག །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1