ཕེང་ཆིང་ཧྭས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་གནའ་དཔེར་གཟིགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-29


        སྤྱི་ཟླ་11པའི་ཚེས་27ཉིན།  ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕེང་ཆིང་ཧྭ་ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རྟོག་ཞིབ་ཕེབས་ཤིང་། མཐོ་རིམ་སློབ་ཆེན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་རྒྱུས་ལོན་བྱས།  ཁོང་གིས་བློ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཛུམ་སྟོན་དུ་བྱས་ནས། ནན་ཏན་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་དང་འབྲེལ་བའི་ཇུས་གཞི་བཀོད་སྒྲིག་དོན་འཁྱོལ་ཡོང་བ་བྱེད་པ།  ཏན་ཏིག་སྒོས་སློབ་གྲྭའི་ཕྱོགས་སོ་སོའི་ལས་དོན་ལེགས་པོར་བསྒྲུབ་པ།  བསམ་བློའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་དགེ་མཚན་ལྡན་པའི་རིག་ཚན་འཕེལ་རྒྱས་གཏོང་བར་དམ་འཛིན་བྱེད་པ། མི་དམངས་ཡིད་ཚིམ་པའི་མཐོ་རིམ་སློབ་གསོ་སྤེལ་བར་འབད་འབུངས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པའི་གོ་རིམ་ཁྲོད་ནུས་པ་དེ་བས་ཆེན་བ་འདོན་དགོས་ཞེས་བསྟན།


        ལྷོ་ནུབ་མི་རིགས་སློབ་ཆེན་ནི་ཀྲུང་གོ་གསར་པས་ཆེས་ཐོག་མར་སྐྲུན་པའི་མི་རིགས་སློབ་ཆེན་གྱི་ཡ་གྱལ་ཞིག་ཡིན། ཕེང་ཆིང་ཧྭ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པར་ཕེབས་ནས།  ཡུལ་དངོས་སུ་སློབ་གྲྭའི་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཡིག་ཆ་ཞིབ་འཇུག་སྒྲིག་གཞིའི་འཛུགས་སྐྲུན་སྐོར་ལ་རྟོག་ཞིབ་གནང་།  ཁོང་རིམ་བཞིན་བོད་ཡིག་ཡིག་ཚགས་ཁང་དང་དབྱིས་ཡིག་ཡིག་ཚགས་ཁང་དུ་ཕེབས་ནས། སློབ་གྲྭ་དེ་གའི་དགེ་སློབ་རྣམས་དང་གསུང་གླེང་བྱས་ཤིང་། སྤྲོ་སྣང་ལྡན་པའི་ངང་གནའ་དཔེ་ཡིག་ཆར་ལྟ་ཀློག་དང་།  བོད་རིགས་དང་དབྱིས་རིགས་ཀྱི་ཡི་གེའི་འཕེལ་རིམ་དང་གནའ་དཔེ་མྱུར་སྐྱོབ་སྲུང་འཛིན།  དེ་བཞིན་བསྡུ་སྒྲིག་ཞིབ་འཇུག་དང་ཡིག་བསྒྱུར་པར་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1