གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༢ཉིན།

༄༅།། དམངས་སྒོར་ཁྲོད་སྒོར3ཅན་མེད་པའི་རྒྱུ་མཚན་ཤེས་སམ།

        མི་དམངས་ཤོག་སྒོར་ལ་སྒོར1ཅན་དང་། སྒོར5ཅན། སྒོར10ཅན་སོགས་ཡོད་མོད། ཏག་ཏག་སྒོར3ཅན་མེད་པའི་རྒྱུ་མཚན་ཅི། རྒྱུ་མཚན་འདི་ཧ་ཅང་གལ་ཆེ།
        ང་ཚོས་ཉིན་རྒྱུན་སྒོར་མོ་ལག་ལེན་བྱེད་བཞིན་ཡོད་མོད། ཚང་མས་དམངས་སྒོར་ཁྲོད་སྒོར3ཅན་མེད་པ་དེར་དོ་སྣང་བྱས་ཨེ་མྱོང་། དོན་འདི་ཀྲུང་གོ་གཅིག་པུ་མ་ཡིན་ཏེ། གནའ་ནས་ད་བར་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དངུལ་ལོར་ཁྲོད་དུ་དངུལ་ཐང3ཅན་ཧ་ཅང་ཉུང་། དེ་རིང་རྩོམ་སྒྲིག་པས་ཚང་མར་དངུལ་ལོར་ཇུས་འགོད་བྱེད་ཐབས་སྐོར་ངོ་སྤྲོད་ཅུང་ཙམ་བྱེད།
        གྲངས་ཀ་ཧྲིལ་པོའི་ལྡབ་གྲངས་ཀྱི་འབྲེལ་བ།
        གནའ་དེང་དང་རྒྱལ་ཁབ་ཕྱི་ནང་གི་དངུལ་ལོར་གྱི་དངུལ་ཐང་ཁྲོད་བེད་སྤྱོད་ཆེས་ཆེ་བ་ནི1、2、5、10བཅས་ཀྱི་གྲངས་ཀ4ཡིན།
        སྤྱིར་བཏང་དུ། རྒྱལ་ཁབ་ཅིག་གིས་དངུལ་ལོར་གྱི་དངུལ་ཐང་རིམ་པ་གཏན་འབེབས་བྱེད་སྐབས། ཆེས་མཐོ་བའི་དངུལ་ཐང་དང་དངུལ་ཐང་གཞན་པའི་བར་གྱི་འབྲེལ་བ་ནི་གྲངས་ཀ་ཧྲིལ་པོའི་ལྡབ་གྲངས་ཀྱི་འབྲེལ་བ་ཡིན།
        3 ནི་ཕལ་གྲངས་ཡིན།
        གྲངས་ཀ1ནས10ཡི་ནང་དུའང་གཙོ་ཕལ་གྱི་དབྱེ་བ་གཉིས་ཡོད།
        1、2、5、10ནི་གྲངས་ཀ་གཙོ་བོ་ཡིན་པ་དང་། གྲངས་ཀ་འདི་དག་ཆེས་ཉུང་བའི་འཕྲི་སྣོན་བྱས་པ་ལ་བརྟེན་ནས་གྲངས་ཀ་གཞན་དག་འབྱུང་བ་ཡིན། དཔེར་ན། 1+2=3དང་། 2+2=4 1+5=6 2+5=7 10-2=8 10-1=9བཅས་པ་ལྟ་བུ་རེད། སྒོར1ཅན་དང་སྒོར2ཅན་ཡོད་པའི་གནས་ཚུལ་འོག སྒོར3ཅན་དང་སྒོར4ཅན་སོགས་ཀྱི་གནས་ཐང་སྡེབ་སྒྲིག་བྱེད་ཆོག
        དེ་ལས་གཞན་དག་ནི་ཕལ་གྲངས་ཡིན། གལ་ཏེ་གཙོ་གྲངས་གྲས་ཀྱི་གྲངས་ཀ་གཅིག་གིས་ཕལ་གྲངས་ཀྱིས་ཚབ་བྱས་ན། སྣོན་འཕྲི་ཐེངས་གཉིས་ཡན་མ་བྱས་ཚེ། གྲངས་གནས་དེ་ཐོན་དཀའ་བས། དུས་རྒྱུན་བེད་སྤྱོད་གཏོང་བར་སྟབས་བདེ་མིན།

        “3”ཅན་ཐོན་ཚད་དམན།
        ཚོད་རྩིས་རིག་པའི་ངོས་ནས་བལྟས་ན། གྲངས་ཀ1ནས9བར་གྱི་ཨང་སྒྲིག་མཉམ་སྡེབ་ཁྲོད། གྲངས་ཀ3ཅན་འབྱུང་ཚད་ཆེས་མང་ན18%མ་གཏོགས་མེད་ལ། གྲངས་ཀ1、2、5ཡི་འབྱུང་ཚད་ཀྱིས90%ཟིན། གལ་ཏེ་གྲངས་ཀ3ཅན་གྱི་དངུལ་ལོར་རིགས་བེད་སྤྱོད་བཏང་ན། འཁོར་རྒྱུག་ཁྲོད་མངོན་པའི་སྲིད་ཕྱོད་ནི16.7%ཙམ་མ་གཏོགས་མི་ཟིན། ཚུལ་འདིས་གྲངས་ཀ3ཅན་གྱི་དངུལ་ལོར་ནི་འཁོར་རྒྱུག་དངོས་ལས་ཕྱིར་སློག་པའི་ནུས་པ་མངོན་གསལ་མིན་པ་ར་འཕྲོད་བྱུང་ཞིང་། དེ་ལས་ལྡོག་སྟེ་དངུལ་ལོར་གྱི་གྲུབ་ཚུལ་དོ་མཉམ་མིན་པའི་སྣང་ཚུལ་འབྱུང་སྲིད་པ་རེད།
        དམངས་སྒོར3ཅན་མང་དུ་བཏང་ན་ཤོག་སྒོར་གཉིས་ལས་གྲོན་ཆུང་བྱས་མེད་མོད། འོན་ཀྱང་། དངུལ་ཐང་མི་གཅིག་པའི་དངུལ་ལོར་ལྷག་མ་གཅིག་ཡོང་ཆེད་བཏང་བའི་བཟོ་སྐྲུན་དང་འཁོར་རྒྱུག་གི་མ་དངུལ་མང་དུ་ཕྱིན་པ་རེད།
        མཐོང་དཀོན་པའི་དམངས་སྒོར3ཅན་གྱི་རིན་ཐང་ནི་སྒོར་ཁྲི4རེད།
        ང་ཚོའི་ལོ་རྒྱུས་སྟེང་གི་སྒོར3ཅན་དེ1955ལོའི་ཟླ3ཚེས1ཉིན་འགྲེམ་སྤེལ་བྱས་ཤིང་། སྐབས་དེར་རང་རེའི་རྒྱལ་ཁབ་ཀྱིས་སུའུ་ལེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པའི་ལམ་ཕྱོགས་ལག་བསྟར་བྱེད་བཞིན་ཡོད། སྐབས་དེར་སུའུ་ལེན་གྱི་རྒྱུན་སྤྱོད་དངུལ་ལོར་ནི་དངུལ་ཐང3ཅན་ཡིན་པས། རང་རྒྱལ་གྱིས་ཀྱང་དངུལ་ཐང་མ་ལག་དེ་དཔྱད་གཞིར་བཟུང་བ་རེད། དེའི་རྐྱེན་གྱིས་སྒོར3ཅན་འདི་ལ་ཞི་དུལ་གྱི་མིང་ཞིག་ཡོད་དེ། སུའུ་སྒོར་གསུམ་ཅན་ཟེར།
        ཚོང་རར་འཁོར་རྒྱུག་བྱས་ནས་ལོ9སོང་རྗེས། སྒོར3ཅན་དེ་རྒྱལ་ཁབ་ཀྱིས་ཕྱིར་འཐེན་བྱས། དེར་བརྟེན། ད་ལྟའི་དམངས་ཁྲོད་དུ་སྒོར3ཅན་མཐོང་དཀོན་ལ་གྲངས་འབོར་ཧ་ཅང་ཉུང་བས། ཉར་ཚགས་རིན་ཐང་ཆེན་པོ་ལྡན་པ་རེད། མིག་སྔའི་ཚོང་རའི་འཕེལ་ཕྱོགས་ལ་གཞིགས་ན། དམངས་སྒོར3ཅན་གྱི་རིན་ཐང་ནི་སྒོར་ཁྲི4ཡས་མས་ཟིན་གྱི་ཡོད། །

《ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དྲ་བ》ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1