གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༢ཉིན།

༄༅།། སོ་ལ་སྲུང་སྐྱོབ་ལེགས་པོ་བྱས་ན་རྒན་པའི་ཧོན་ལོག་ནད་འགོག་ཐུབ།

        རྒྱུན་དུ་སོ་ལེགས་པར་བཀྲུས་ཏེ།ཁ་སྦུག་གི་གཙང་སྦྲར་དོ་སྣང་ལེགས་པོ་བྱས་ན།སོ་འབུ་བཀག་ནས་བལྡད་པའི་བྱེད་ནུས་དང་ཕོ་རྒྱུའི་བྱེད་ནུས་ཇེ་ལེགས་སུ་གཏོང་བར་མ་ཟད།རྒན་པའི་ཧོན་ལོག་ནད་འགོག་ཐུབ།
        སོ་རྙིལ་གཉན་ཚད་ནི་རྒན་པའི་མི་ཚོགས་ཁྲོད་ཀྱི་རྒྱུན་མཐོང་གི་ཁ་སྦུག་ནད་རིགས་ཤིག་ཡིན་ལ།མང་ཆེ་ཤོས་པུའུ་ལིན་འབུ་སྲིན་རྐྱང་མས(卟啉单细菌)བསླངས་པ་རེད།ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན།སོ་རྙིལ་པུའུ་ལིན་འབུ་སྲིན་རྐྱང་མ་ནི་ཁ་སྦུག་ནས་ཀླད་པར་སྤོ་བསྒྱུར་བྱེད་ཐུབ་པས།སོ་རྙིལ་པུའུ་ལིན་འབུ་སྲིན་རྐྱང་མ་ལས་བྱུང་བའི་གནོད་ལྡན་རྩབས་ཀྱིས་ཀླད་པའི་ནང་གི་དབང་རྩའི་ཕྲ་ཕུང་ལ་གནོད་འཚེ་བཏང་སྟེ།རྒན་པའི་དྲན་ཤེས་ཉམས་པ་དང་།དེ་ནས་རིམ་གྱིས་ཧོན་ལོག་པ་རེད།དེ་བས་སོའི་བདེ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ།སོ་རྙིལ་པུའུ་ལིན་འབུ་སྲིན་རྐྱང་མ་དང་རིང་དུ་གྱེས་ན།ཀླད་པར་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད།དྲན་ཤེས་ཉམས་པ་འགོག་ཐུབ།
        གྲོགས་པོ་རྒན་པ་རྣམས་ལ་དྲན་སྐུལ་བྱེད་རྒྱུ་སྟེ།སོ་རྙིལ་པུའུ་ལིན་འབུ་སྲིན་རྐྱང་མ་ཁོ་ནས་རྒན་པའི་ཧོན་ལོག་ནད་སློང་མི་ཐུབ་མོད།འོན་ཀྱང་འབུ་སྲིན་འདིས་ཧོན་ལོག་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བར་མ་ཟད།ནད་རིགས་སྔར་ལས་མགྱོགས་པོའི་སྒོ་ནས་ཇེ་ལྕི་རུ་གཏོང་བ་རེད།མིག་སྔར།སོ་རྙིལ་པུའུ་ལིན་འབུ་སྲིན་རྐྱང་མ་ལས་བྱུང་བའི་གནོད་ལྡན་རྩབས་སྔོན་འགོག་བྱས་ཏེ།རྒན་པའི་ཧོན་ལོག་ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་བའི་སྨན་རྫས་ཤིག་གསར་སྤེལ་བྱས་ཡོད་ལ།དེ་ལས་གཞན་ད་རུང་ཆེད་མཁས་པས་སྔོན་འགོག་བྱེད་ཐབས་ཆེས་བཟང་པོ་ཞིག་བཏོན་ཡོད་པ་ནི།སོ་ལེགས་པར་བཀྲུ་དགོས་པ་དེ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1