གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༤ཉིན།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་ཐེ་ལུའུ་ཧྲེ་ཧྥུའུ་དང་མཇལ་ཕྲད་གནང་བ།

ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་ཀྲུང་ཨུའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལམ་སྲོལ་ཚོགས་འདུ་དང་ཀྲུང་ཨུའི་འཐབ་ཇུས་བདེ་འཇགས་གྲོས་མོལ་ནང་ཞུགས་མཁན་གྱི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་ཐེ་ལུའུ་ཧྲེ་ཧྤུའུ་དང་མཇལ་ཕྲད་གནང་བ་རེད།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་12པའི་ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་ཀྲུང་ཨུའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལམ་སྲོལ་ཚོགས་འདུ་དང་ཀྲུང་ཨུའི་འཐབ་ཇུས་བདེ་འཇགས་གྲོས་མོལ་ནང་ཞུགས་མཁན་གྱི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་ཐེ་ལུའུ་ཧྲེ་ཧྤུའུ་དང་མཇལ་ཕྲད་གནང་བ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར་ཀྲུང་ཨུ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོ་བདེ་ལེགས་ངང་གཉེར་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རབས་གསར་པར་སླེབས་ཡོད། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཅན་ལ་ཁ་གཏད་དེ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་སྔར་བས་དམ་ཟབ་ངང་མཉམ་དུ་ལངས་ཏེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་བློ་འགེལ་ཆོག་པའི་འཐབ་ཇུས་རོགས་ཟླ་བྱས་ནས་ཕན་ཚུན་བར་བློ་བརྟན་འགྱུར་མེད་ཀྱིས་འཐབ་ཇུས་རྒྱབ་སྐྱོར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནས་བཟུང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་བདག་དབང་བདེ་འཇགས་ལ་ཐེ་ཇུས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད། ཙུང་ཐུང་ཕུའུ་ཅིང་གིས་བྱེད་སྟངས་དེ་རིགས་ནི་ནོར་འཁྲུལ་ཧ་ཅང་ཆེ་བ་དང་རང་གཞན་གཉིས་ལ་གནོད་པར་འདོད་པ་དེ་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་མོས་མཐུན་བྱེད་ཀྱི་ཡོད། སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་དུ་སྐྱོད་པའི་གོམ་སྟབས་བཀག་འགོག་བྱེད་མི་ཐུབ། ཨུ་རུ་སུའི་མི་དམངས་ལའང་ཕྱིའི་ཐེ་གཏོགས་ཀྱི་ཤུགས་རྐྱེན་ཐེབས་མི་སྲིད་ལ། རང་ཉིད་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། འཐབ་ཇུས་བདེ་འཇགས་ཀྱི་གྲོས་མོལ་དང་ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་ལས་སྟེགས་གཉིས་མུ་མཐུད་དུ་བེད་སྤྱོད་ཡག་པོ་བྱས་ནས་འཐབ་ཇུས་འབྲེལ་འདྲིས་དང་བདེ་འཇགས་ཀྱིས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་གྱི་འཐབ་ཇུས་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། སོ་སོའི་ལྟེ་བའི་ཁེ་ཕན་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པ། ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས།
        ཕ་ཐེ་ལུའུ་ཧྲེ་ཧྤུའུ་ཡིས་བསྟན་དོན། ཨུ་རུ་སུ་དང་ཀྲུང་གོ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པ་དང་མིག་སྔར་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོན་པོར་སླེབས་ཡོད་པས། ཨུ་ཀྲུང་འབྲེལ་བ་སྔར་བཞིན་སྲ་བརྟན་ཡིན། མིག་སྔར་ཨ་རིས་ལག་བསྟར་བྱས་པའི་སྲིད་ཇུས་རབ་དང་རིམ་པས་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་མ་ཟད། རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་ཧྲིལ་པོར་ཡང་ཤུགས་རྐྱེན་ངན་པ་བཟོས་ཡོད། རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་ཐད་ཨུ་ཀྲུང་གི་ལངས་ཕྱོགས་གཅིག་མཚུངས་སམ་ཡང་ན་འདྲ་མཚུངས་ཡིན་པས་ཕྱོགས་གཉིས་པོས་མུ་མཐུད་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་རང་བདག་དབང་ཆ་དང་བདེ་འཇགས་སྲུང་སྐྱོང་དང་། རྒྱལ་སྤྱིའི་འཐབ་ཇུས་བརྟན་ལྷིང་དང་སྲུང་སྐྱོང་། སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེདབྱས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་བརྩི་དང་རྒྱལ་སྤྱིའི་སྒྲིག་ལམ་དྲང་གཞག་ཡོང་བར་བྱེད་དགོས།
        དབྱང་ཅེ་ཁྲེ་དང་། ཀུའོ་ཧྲེང་ཁུན། ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1