ཁོང་གིས་དབུལ་སེལ་ཆེད་གཅེས་པའི་སྲོག་ཀྱང་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


        སྤྱི་ཟླ་12པའི་ཚེས་6ཉིན་གྱི་ཆུ་ཚོད་13དང་སྐར་མ་50ཐོག  །སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་སྟག་སྨུག་གྲོང་པའི་ཧྲུའུ་ཅི་དང་པོ།  དཀར་མཛེས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བློ་མཐུན་ཡོན་ཅན་ལགས།  སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་དུ་དབུལ་སེལ་འགག་སྒྲོལ་གྱི་ལས་དོན་སྒྲུབ་སྐབས་ཁྲག་ནད་ཀྱིས་རྐྱེན་ནས་གྲོངས་པ་རེད།  ཁོང་གི་ལུས་ལ་ནད་ཡོད་བཞིན་སྡེ་དགེ་རྫོགས་ཆེན་དུ་དབུལ་སེལ་འགག་སྒྲོལ་གྱི་ལས་དོན་སྒྲུབ་ཏུ་ཕྱིན་ཞིང་།  སྤྱི་དོན་གྱི་ཆེད་དུ་གཅེས་པའི་སྲོག་ཀྱང་བཏང་པས།  ང་ཚོས་འདས་པོ་བློ་མཐུན་ཡོན་ཅན་ལ་གདུང་སེམས་མཉམ་སྐྱེ་བྱ།

བློ་མཐུན་ཡོན་ཅན་གྱི་མི་ཚེའི་ངོ་སྤྲོད་བསྡུས་པ།

        བློ་མཐུན་ཡོན་ཅན་ནི་སྤྱི་ལོ་1977ལོའི་ཟླ་2པར་སྐྱེས་ཤིང་།  1997ལོའི་ཟླ་7པར་ལས་གནས་ལ་ཞུགས་པ་དང་།  2005ལོའི་ཟླ་11པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས།  1997ལོའི་ཟླ་7པ་ནས་2001ལོའི་ཟླ་2པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དྲུང་ཡིག་ཚན་ཁག་གི་ལས་མིའི་འགན་ཁུར།  2001ལོའི་ཟླ་3པ་ནས་2005ལོའི་ཟླ་6པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་སྲིད་འཛིན་ཚན་ཁག་གི་ཁོའོ་ཀྲང་གཞོན་པའི་འགན་ཁུར།  ད་དུང་དེའི་སྐབས་སུ་དུང་དཀར་ལུང་པའི་དོ་དམ་ཁང་དང་བྲག་འགོ་རྫོང་བཅས་ལ་ལས་འགན་ཁུར།  2008ལོའི་ཟླ་12པ་ནས་2011ལོའིི་ཟླ་12པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་སྲིད་འཛིན་ཚན་ཁག་གི་ཁོའོ་ཀྲང་གི་འགན་ཁུར། 2012ལོའི་ཟླ་1ནས་2016ལོའི་ཟླ་12པའི་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིག་སྐུར་ངོ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་ཁུར།   2017ལོའི་ཟླ་1ནས་ད་ལྟའི་བར།  སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར།  2019ལོའི་ཟླ་5པར་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པ་ལྟར།  སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་སྟག་སྨུག་གྲོང་པ་རུ་ཕྱིན་ནས་ཧྲུའུ་ཅི་དང་པོའི་འགན་ཁུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1