རྔ་བ་ཁུལ་དུ་ཉེ་བའི་ལོ་ངོ་26གི་རིང་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་བྱུང་མེད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-10


སྤྱི་ཟླ་11པའི་ཚེས་8ཉིན། རྔ་བ་ཁུལ་ནགས་ལས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་དགུན་ཁ་ནས་བཟུང་། རང་ཁུལ་གྱི་རིམ་པ་སོ་སོའི་ཏང་སྲིད་ཀྱི་གཟིགས་སྐྱོང་འོག ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་བར་སྔོན་འགོག་བྱ་རྒྱུ་དེ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་། ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱེད་པའི་འགག་རྩ་རུ་བཟུང་བས། ཁུལ་ཡོངས་སུ་ཉེ་བའི་ལོ་26གི་རིང་ལ་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་དང་། མི་སེར་ལ་ཤི་རྨས་དོན་རྐྱེན་བྱུང་མེད་པའི་གྲུབ་འབྲས་བཟང་པོ་བླངས་ཏེ། ནགས་ཚལ་ཐོན་ཁུངས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1