གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༩ཉིན།

༄༅།། ཞལ་འདེབས་གཡོ་ལེན་བྱེད་པ་ཇི་ལྟར་འགོག་དགོས།


        ཉེ་ཆར། པེ་ཅིན་ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་བརྡ་ཁྱབ་ཚོགས་འདུ་བསྡུས་ཏེ།གྱོད་དོན་བདག་སྤྲོད་བྱས་པའི་ཁྲོད་ཤེས་པའི་དེང་སྐབས་དྲ་སྦྲེལ་སྟེང་དུ་མི་སྒེར་ལ་ནད་གཞི་ལྗིད་མོ་བྱུང་ན་རོགས་སྐྱོར་ཡོང་རོགས་ཞུ་བའི་ལས་རིགས་ཁྲོད་དུ་གནས་པའི་གནད་དོན་ཐད་ནས་བརྡ་ཁྱབ་སྤེལ།
        ཁྲའོ་དབྱང་ཆུས་མི་དམངས་ཁྲིམས་ཁང་ཝང་ཅིན་ཁྲིམས་རའི་ཁྲིམས་དཔོན་ཝང་མའེ་ཡིས་བསྟན་དོན།དེང་སྐབས་མི་སྒེར་ལ་ནད་གཞི་ལྗིད་མོ་བྱུང་ན་དྲ་སྦྲེལ་སྟེང་ནས་རོགས་སྐྱོར་ཡོང་རོགས་ཞུ་བའི་གནས་ཚུལ་མང་པོ་ཡོད་མོད།འོན་ཀྱང་དེའི་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཚད་ལྡན་མིན་པར་མ་ཟད་སྟོང་བར་ལུས་ཡོད།དྲ་བའི་སྟེགས་བུ་དང་མགོ་རྩོམ་མཁན།དངུལ་བསྡུ་མཁན།ཞལ་འདེབས་འབུལ་མཁན་སོགས་ཀྱི་དབང་ཆ་དང་འོས་འགན།འགན་འཁྲི་སོགས་ཀྱི་ཐད་ལ་གཏན་འཁེལ་གསལ་བོ་མེད་པས།རོགས་སྐྱོར་ཡོང་རོགས་ཞུ་མཁན་གྱི་ཆ་འཕྲིན་ཕྱི་རུ་བསྒྲགས་པའི་ཚད་མི་གསལ་བ་དང་།ཚད་གཞི་མི་གསལ་བ།འགན་འཁྲི་མི་གསལ་བ།ཞལ་འདེབས་སྒོར་མོའི་འགྲོ་ཁུངས་དང་བཀོལ་སྤྱོད་གནས་ཚུལ་གསལ་བོ་མིན་ལ་ཚད་ལྡན་ཡང་མིན།འདི་དག་གིས་འབྲེལ་ཡོད་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཐད་གནད་དོན་དང་སྐྱོན་ཆ་མང་པོ་བཟོས་ཡོད་པས།ཞལ་འདེབས་གཡོ་ལེན་བྱེད་པའི་གནས་ཚུལ་བྱུང་ཞིང་།ཐ་ན་སྤྱི་དམངས་ཀྱི་ཡིད་རྟོན་ཐད་ཕོག་ཐུག་བཏང་བས།ད་ཡོད་ཀྱི་རོགས་སྐྱོར་མ་ལག་ལ་ཐད་ཀར་གནོད་འཚེ་བཏང་ཡོད།
        དེ་བས་ཝང་མའེ་ཡིས་མྱུར་དུ་བཅའ་ཁྲིམས་གཏན་འབེབས་བྱས་ཏེ།ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་དགོས་པ་དང་།རུབ་བསྡུ་བྱས་པའི་མ་དངུལ་ཕྱོགས་གསུམ་པ་པོས་དོ་དམ་བྱེད་པའི་ནང་རྐྱེན་བཙུགས་ནས།དྲ་བའི་སྟེགས་བུ་རང་ལ་ཡོད་པའི་མ་དངུལ་དང་རུབ་བསྡུ་བྱས་པའི་མ་དངུལ་གཉིས་སོ་སོར་དོ་དམ་དང་དུས་བཅད་ལྟར་སྤྱི་བསྒྲགས་བྱེད་པ་མངོན་འགྱུར་བྱེད་དགོས་པ།དྲ་བའི་སྟེགས་བུ་དང་སྨན་བཅོས་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀྱི་མ་དངུལ་འཁོར་སྐྱོད་བྱེད་ཐུབ་པའི་ནང་རྐྱེན་བཙུགས་ནས།རུབ་བསྡུ་བྱས་པའི་མ་དངུལ་དེ་སྨན་བཅོས་ལས་ཁུངས་ཀྱིས་ཐད་ཀར་སྨན་ཡོན་གྱི་སྟེང་དུ་བཀོལ་དགོས། རུབ་བསྡུ་མཁན་གྱིས་ཐད་ཀར་སྒོར་མོ་ལེན་མི་ཐུབ་པ་བྱེད་པ་དང་།བརྩེ་སེམས་ཀྱིས་ཕུལ་བའི་སྒོར་མོ་དེ་དག་ལ་ལྟ་སྐུལ་དོ་དམ་དང་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ནས།མ་དངུལ་གྱི་ཉེན་ཁ་ཇེ་དམའ་རུ་གཏོང་དགོས་པའི་གྲོས་གཞི་བཏོན་ཡོད།
        ཁྲིམས་ཁང་གིས་གོང་གི་གནད་དོན་དེ་དག་ཐད་ནས་སོ་སོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྲིད་པུའུ་དང་ཆུ་ཐིགས་རོགས་སྐྱོར་ཚན་རྩལ་ཚད་ཡོད་ཀུང་སི་གཉིས་ལ་ཁྲིམས་འཛིན་གྲོས་གཞིའི་ཡི་གེ་བཏང་ནས།དམངས་སྲིད་ཐིང་གིས་མི་སྒེར་ལ་ནད་གཞི་ལྗིད་མོ་བྱུང་བར་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཐད་ཀྱི་ཁྲིམས་འཛུགས་བྱ་བར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ།སྡེ་ཁག་གི་སྒྲིག་ཡིག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།ཆུ་ཐིགས་བསགས་པའི་སྟེགས་བུས་ཐོན་ཁུངས་ཀྱི་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་།ཞིབ་བཤེར་ལམ་ལུགས་བཙུགས་ནས།རོགས་སྐྱོར་ཡོང་རོགས་ཞུ་བའི་གཞི་ཁྱོན་དང་མཐུན་པའི་ཞིབ་དཔྱད་དང་ལྟ་སྐུལ་ནུས་པ་སོགས་བསྐོ་བཞག་བྱེད་དགོས་པའི་གྲོས་གཞི་བཏོན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1