གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༩ཉིན།

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་གནད་བསྡུས།


 ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་2019ལོའི་ཟླ་12པའི་ཚེས་6ཉིན་ཁྲེང་ཏུའུ་རུ་འཚོགས་པ། 
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གཏམ་བཤད་གནང་བཞིན་པ། 

        ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་2019ལོའི་ཟླ་12པའི་ཚེས་6ཉིན་ཁྲེང་ཏུའུ་རུ་འཚོགས་པ། 
        ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་བྱས་པ་མ་ཟད། ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་ཚབ་བྱས་ཏེ་ལས་ཀའི་སྙན་ཞུ་ཕུལ་བར་གསན་པ་དང་གྲོས་བསྡུར་བྱས་ཤིང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་ཟབ་མོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཕེང་ཆིང་ཧྭ་ཡིས་ཆོད་དོན་གྱི་གྲོས་བསྡུར་མ་ཟིན་ལ་དམིགས་ནས་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་བྱས་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་ལས་ཀར་གདེང་འཇོག་གང་ལེགས་གནང་། ཚང་མས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་རབ་དང་རིམ་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་ཏན། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ཁག་ཡོད་ཚད་ཁྱད་དུ་བསད་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་མདུན་དུ་སྐྱོད་པ། དམ་བཅའ་ཡིད་ལ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ཁུར་བའི་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་བྱེད་པ། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོགས་ཆེན་དང་རྫོང་ཁོངས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ཚོགས་ཆེན་འཚོགས་པ། སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་ཕྱིར་ལྟའི་ཞིབ་བཤེར་ལས་ཀ་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་སྲིད་འཛིན་འཆར་འགོད་དང་ལེགས་སྒྲིག བཅོས་བསྒྱུར་བཅས་དོན་ཆེན་དྲུག་དོན་ཐོག་འཁྱོལ་བ། འཕར་སྣོན་བརྟན་པོ་དང་བཅོས་བསྒྱུར་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་བརླིང་སྲུང་སྐྱོང་། ཏང་འཛུགས་སྐྱོང་སོགས་ལས་ཀ་ཁག་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བ་དང་། འགག་སྒྲོལ་ཆེན་མོ་གསུམ་གྱི་ལས་ཀ་ཡག་མོ་སྒྲུབ་པ། རྩ་གཅིག་ཡན་མང་དང་ཁུལ་ལྔ་མཐུན་སྦྱོར་ལ་སྐུལ་འདེད། ཕྱོགས་བཞིར་རྒྱ་བསྐྱེད་དང་ཁོངས་ཡོངས་སྒོ་འབྱེད་ལ་སྐུལ་འདེད་ཇེ་མགྱོགས་གཏོང་བ། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། དམངས་འཚོར་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས་བྱེད་པ། བསམ་བློའི་རིག་གནས་ལས་ཀར་དྲིལ་བསྒྲགས་ཇེ་དྲག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཆེན་མོ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། སྤྱི་ཚོགས་ཀྱི་གནས་བབ་འཆམ་མཐུན་བརྟན་བརླིང་ཡོང་བ་དང་། སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏོང་བའི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པར་འདོད།
        ཚང་འཛོམས་གྲོས་ཚོགས་ལས། ཞིང་ཆེན་ཏང་ཨུ་ཡིས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། དུས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང་གི་རྒྱས་འཛོམས་གྲོས་ཚོགས་འཚོག་ནས་སྤེལ་རེས་དང་གླེང་མོལ་བྱེད་པ། འགོ་ཁྲིད་ལས་བྱེད་པས་གཞི་རིམ་དྲིལ་བསྒྲགས་དང་སྒྲོག་འགྲེལ་རྩ་འཛུགས་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལ་སློབ་སྦྱོང་དང་ལག་ལེན་བྱེད་པའི་སྐོར་གྱི་བསམ་འཆར་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་ཐད་གཅིག་གྱུར་བྱེད་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་སློང་དགོས་ཞེས་བསྟན་པ་རེད།
        ཚང་འཛོམས་གྲོས་ཚོགས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་སྙིང་དོན་ལག་ལེན་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ཆ་ཚང་ལ་སློབ་སྦྱོང་དང་ལག་ལེན་བྱེད་པ། འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། འགན་སྲུང་གཉིས་ཡག་པོ་བསྒྲུབ་པ། ཏང་གི་འཛུགས་སྐྱོང་ལ་སྣེ་ཁྲིད་པ། མང་ཚོགས་ཀྱི་དགོས་མཁོ་ཁྲིད་ཕྱོགས་བྱེད་པ། བཅོས་བསྒྱུར་ཟབ་མོ་སྒུལ་ཤུགས་བྱེད་པ། མི་འདང་ས་ཁ་གསབ་དང་ཞན་ས་ཇེ་དྲག་གཏོང་བ། ནང་རྐྱེན་འཛུགས་པ། ནུས་པ་མཐོར་འདེགས་གཏོང་བ། ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་འགན་འཁྲི། དམངས་གཙོ་གྲོས་མོལ། སྤྱི་ཚོགས་མཐུན་སྦྱོར། མི་དམངས་ནང་ལ་ཞུགས་པ། ཁྲིམས་ལུགས་ཀྱི་འགན་སྲུང་། ཚན་རྩལ་གྱི་གཞོགས་འདེགས་ཡོད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་གཏོང་བ། དུས་རབས་གསར་པའི་སི་ཁྲོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གནས་བབ་གསར་པ་འཛུགས་པ་བཅས་བྱས་ནས། སི་ཁྲོན་སྐྱོང་བ་དང་སི་ཁྲོན་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པ་ཐོབ་པ་དང་རྨང་གཞི་ཇེ་བརྟན་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་བྱེད་པའི་གཞི་རྩའི་རྩ་དོན་ཁོང་དུ་ཆུད་དགོས་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་རིག་ལམ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་དང་བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས། བཅོས་སྐྱོང་དང་འཕེལ་རྒྱས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས། མཉམ་འཛུགས་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་བྱེད་པའི་དམིགས་འབེན་ལས་འགན་ཁོང་དུ་ཆུད་པ། 2021ལོར། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་རིགས་སོ་སོའི་རྩ་འཛུགས་འབྲེལ་བ་སྔར་ལས་བདེ་བླག་དང་། གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་དང་སྤྱི་པའི་དོ་དམ། སྤྱི་པའི་བདེ་འཇགས་བཅས་ལ་འགན་སྲུང་ནུས་ལྡན་ཐུབ་པ། གཞི་རིམ་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་བརྟན་བརླིང་ཡོང་བའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་དགོས། 2035ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་སྔར་ལས་འཐུས་ཚང་དང་། གཞི་རིམ་བཅོས་སྐྱོང་ལས་ཆོད་སྔར་ལས་མཐོར་འདེགས་ཡོང་བ། གཞི་རྩའི་ཐོག་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། དུས་རབས་འདིའི་དུས་དཀྱིལ་ལ་ཕྱོགས་ཡོངས་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།
        ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ཡིད་ཆེས་ཇེ་བརྟན། གཏིང་ཤུགས་རྒྱུན་འཁྱོངས། ཡར་རྒྱས་བརྩོན་ལེན། གསར་གཏོད་གསར་བསྐྲུན་བྱས་ནས། དུས་རབས་གསར་པའི་སི་ཁྲོན་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གནས་བབ་གསར་པ་འཛུགས་པ་དང་། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏོང་བར་གྲུབ་འབྲས་སྔར་ལས་ཡག་པོ་ཐོབ་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་བརྩོན་དམིགས་འབེན་འགྲུབ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་ཡོད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1