ཁྲའོ་ཞན་གྱིས་གྲུབ་འབྲས་ཐོབ་པའི་ངང“ཧ་ཅང་གལ་ཆེའི་ཚོད་ལྟ”ཞིག་བྱས་པ་ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-10



     ཚེས་8ཉིན་ཁྲའོ་ཞན་གྱི་རྒྱལ་སྲུང་ཚན་རིག་ཁང་གི་མགྲིན་ཚབ་པས། ཁྲའོ་ཞན་གྱིས་ཚེས་7ཉིན་གྱི་ཕྱི་དྲོ་ཤིས་ཧའེ་སྲུང་སྐར་འཕེན་གཏོང་ར་བར་གྲུབ་འབྲས་ཐོབ་པའི་ངང“ཧ་ཅང་གལ་ཆེའི་ཚོད་ལྟ”ཞིག་བྱས་ཡོད་ཅེས་བརྗོད་པ་རེད།
     ཚེས་8ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཁྲའོ་ཞན་གྱི་རྒྱལ་སྲུང་ཚན་རིག་ཁང་གི་མགྲིན་ཚབ་པའི་གསལ་བསྒྲགས་ཐོག་ནས་གནས་ཚུལ་སྤེལ་ཏེ་རྒྱལ་སྲུང་ཚན་རིག་ཁང་གིས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ད་ཐེངས་ཀྱི“དོན་སྙིང་གལ་ཆེན་ལྡན་པའི”ཚོད་ལྟའི“གྲུབ་འབྲས་ཐོབ་པའི་འབྲས་བུ”སྙན་སེང་ཞུས་པ་རེད་ཅེས་བརྗོད་པ་དང་། གནས་ཚུལ་སྤེལ་བའི་ནང་ཚོད་ལྟའི་ནང་དོན་ཞིབ་ཕྲ་གླེང་མེད།
     གསལ་བསྒྲགས་ནང་ད་དུང“ད་ཐེངས་བྱས་པའི་གལ་ཆེའི་ཚོད་ལྟའི་འབྲས་བུས་ཡུན་རིང་མ་སོང་བར་ཁྲའོ་ཞན་གྱི་འཐབ་ཇུས་གནས་བབ་ལ་སླར་ཡང་འགྱུར་ལྡོག་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་ཡིན”ཞེས་འཁོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1