གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༡༠ཉིན།

“ལོ་ངོ་70རིང་གི་མཚོ་སྔོན་གྱི་མཐོང་ཚོར”ཞེས་པའི་བརྩམས་ཆོས་འགྲེམས་སྟོན།

    ཟླ་12ཚེས་5ཉིན།  ཁྲེན་མིན་ཅུད་དང་ཅའོ་ཧྲེང་ཧྥུའུ་ཡིས་"མཚོ་སྔོན་རང་གི་པར་རྒྱག་མཁས་ཅན་ཞིག་ཡིན་པའི་ཆ་ནས། རང་ཁྱིམ་གྱི་སྒོ་ཁ་ནས་སྟོངས་ལ་ཉེ་བའི་(EN)རིམ་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དགོ་བ་དམར་པོ་པར་ལེན་ཐུབ་པ་ནི་སྤོབས་པ་སྐྱེ་འོས་པའི་བྱ་བ་ཞིག་རེད་"ཅེས་བརྗོད་།  མཚོ་སྔོན་དུ་ལོ་ངོ་30ལྷག་ཙམ་པར་ལེན་བྱས་པའི་མཐོ་རིམ་པར་རྒྱག་མཁས་ཅན་ཅའོ་ཧྲེང་ཧྥུའུ་ཡིས་“མཚོ་སྔོན་གྱི་མཐོང་ཚོར”ཞེས་པའི་བསྡུ་རུག་བྱེད་སྒོར་རང་ཉིད་ཀྱིས་ཞིབ་ཕྲའི་ངང་བདམས་གསེས་བྱས་པའི་བརྩམས་ཆོས་《དགོ་བ་དམར་པོ་དགའ་རོགས་སྒྲིག་པའི་དུས་》ཅེས་པ་བསྐུར་ཡོད།
    དགོ་བ་དམར་པོར་དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མི་སྣས་ཀྲུང་ཧྭའི་དགོ་བ་ཞེས་འབོད་པ་དང་། དེ་ནི་མཚོ་སྔོན་པོའི་ཉེ་འཁོར་དུ་འཚོ་བའི་གཙོད་རིགས་ཀྱི་སྲོག་ཆགས་ཤིག་རེད། མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྒོ་དང་སྐྱེ་ཁམས་ཁོར་ཡུག་གི་ཤུགས་རྐྱེན་འོག དགོ་བ་དམར་པོའི་རིགས་སྟོངས་ལ་ཉེ་བར་འགྱུར་ཅིང་།  རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་གྱིས་“འཛམ་གླིང་གི་ཆེས་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས”ནང་བཀོད་པ་དང་། 《གོ་ལ་ཧྲིལ་པོའི་གཙོད་སྲུང་སྐྱོང་བྱེད་སྒོའི་འཆར་གཞི》ཡི་ནང་མིང་ཨང་དང་པོར་བཀོད་པའི་སྟོངས་ལ་ཉེ་བའི་གཙོད་རིགས་སུ་འཁོད་ཡོད།

    མཐོ་རིམ་པར་ལེན་མཁས་ཅན་ཅའོ་ཧྲེང་ཧྥུའུ་ཡིས་དུས་ཡུན་རིང་པོའི་ནང་དགོ་བ་དམར་པོར་དོ་སྣང་དང་པར་ལེན་པས། ཕན་ནུས་ལྡན་པའི་ངང་སྲོག་ཆགས་དེ་རིགས་ཀྱི་པར་གྱི་སྟོང་ཆ་ཁ་གསབ་བྱས་ཡོད། “‘མཚོ་སྔོན་གྱི་མཐོང་ཚོར’ཞེས་པའི་བསྡུ་རུག་བྱེད་སྒོ་དེ་ཧ་ཅང་ཡག་པོ་འདུག  མི་དམངས་དྲ་བའི་གཞུང་གི་སྤྱི་སྟེགས་ནས་རྒྱ་ཆེའི་དྲ་གྲོགས་ཚོར་རང་བྱུང་ཁམས་ལ་བརྩི་འཇོག་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱེད་ཐུབ་པ་མ་ཟད། རང་ཉིད་ཀྱིས་བསྐུར་བའི་བརྩམས་ཆོས་ཐོག་ནས་རྒྱ་ཆེའི་དྲ་གྲོགས་ཀྱིས་གཏིང་ཟབ་པའི་ངང་སྟོངས་ལ་ཉེ་བའི་(EN)རིམ་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དགོ་བ་དམར་པོ་མཚོ་སྔོན་དུ་འཚོ་གནས་བྱེད་པའི་གནས་ཚུལ་ཤེས་རྟོགས་ཡོང་བ་བྱེད་ཐུབ་ཀྱི་ཡོད་པ་རེད།







39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1