གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༡༠ཉིན།

༄༅།། འབྲི་འོ་ལ་འབྲས་སྐྲན་ཚོད་འཛིན་སོཊ་ཀྱི་ནུས་པ་ལྡན་འདུག



         ཨ་རིའི་འོ་རྫས་ཚན་རིག་མཐུན་ཚོགས་ཀྱི་འགན་འཛིན་དང་ཨ་རིའི་ཝེ་སི་ཁང་སོན་སློབ་ཆེན་(University of Wisconsin-Madison)   གྱི་ཟས་རིགས་ཚན་རིག་སྡེ་ཁག་གི་འགན་འཛིན་ Dr.ScottRankinཞེས་པའི་དགེ་རྒན་ཆེ་མོ་བས་2011ལོའི་ཟླ་9པར་སི་ཁྲོན་རྔ་བའི་ཁྱུང་མཆུ་རྫོང་གི་ནོར་གནག་གི་ཐོན་ཁུངས་ལ་རྟོག་ཞིབ་བྱས་རྗེས། སྔོ་ཚལ་དང་ཤིང་ཏོག་ཅུང་ཉུང་བའི་བོད་རིགས་ས་ཁུལ་དུ་འབྲིའི་འོ་མ་གཙོ་བོ་བྱས་པའི་བཟའ་བཏུང་གི་གྲུབ་ཆ་དེས་ས་གནས་དེ་གའི་འབྲོག་མི་རྣམས་ཀྱི་དགོས་ངེས་ཀྱི་འཚོ་བཅུད་དགོས་མཁོ་སྐོང་ཐུབ་པ་མ་ཟད། དེ་མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་ཡང་ཧ་ཅང་འཚམ་པོ་ཡོད་པའི་དགོངས་ཚུལ་བཏོན་ཡོད།

         དགེ་རྒན་ཆེན་མོ་བ་ཁོང་གིས་དེ་རྗེས་ཀྱི་ཞིབ་འཇུག་ལས་མངོན་པར།  མཐོ་སྒང་གི་འབྲིའི་འོ་མའི་ཁྲོད་ཀྱི་སྣུམ་ནང་དུ་བཞུ་མཐའ་མེད་པའི་སྣུམ་སྐྱུར་དང་དོ་ཡའི་སྣུམ་སྐྱུར་ཕལ་བ་འདུས་ཡོད་པ་དང་། འབྲི་འོ་ཡི་ནང་ཡོད་པའི་ཨན་གཞི་སྐྱུར་དང་ཀལ། འཚོ་རྒྱུ་A  ལྕགས་སོགས་ཀྱི་འདུས་ཚད་ཚང་མ་འོ་མ་གཞན་ལས་མཐོ་བ་ཡོད་ཅིང་། འབྲིའི་འོ་མའི་ནང་མངར་ཆ་ཉུང་ཤས་ཀྱི་གྲུབ་ཆ་58ཡོད་པ་དང་། དེའི་འདུས་རྡུལ་གྲུབ་ཆ་དེ་མིའི་འོ་མའི་ནང་ཡོད་པའི་མངར་ཆ་ཉུང་ཤས་ཀྱི་འདུས་རྡུལ་དང་འདྲ་པོ་ཡོད་པ་རེད།

            དེ་བཞིན་འབྲིའི་འོ་མའི་ནང་འདུས་པའི་དོ་ཡའི་སྣུམ་སྐྱུར་ཕལ་བ་ལ་འབྲས་སྐྲན་འགོག་པའི་ནུས་པ་ལྡན་པ་མ་ཟད། རིམས་འགོག་ནུས་པ་ཇེ་ཆེར་གཏོང་བ་དང་ཤ་རྒྱགས་པ་ཆགས་པར་ཚོད་འཛིན་བྱེད་པའི་ནུས་པ་ལྡན་ཡོད། དགེ་རྒན་ཆེན་མོ་བ་Rankinདང་འབུམ་རམས་པ་ཆུས་ཡན་གཉིས་ཀྱིས་འབྲིའི་འོ་མ་ལས་དབྱེ་ལེན་བྱས་པའི་གྲུབ་ཆ་དང་ཙི་གུའི་མཆིན་པའི་འབྲས་སྐྲན་ཕྲ་ཕུང་གཉིས་མཉམ་དུ་གསོ་སྐྱོང་བྱས་ནས་ཚོད་ལྟ་བྱས་པར། འབྲིའི་འོ་མའི་ཁྲོད་ནས་བཏོན་པའི་བྱེད་ལས་ཚོགས་པས་འབྲས་སྐྲན་ཕྲ་ཕུང་སྐྱེ་བར་ཚོད་འཛིན་གྱི་ནུས་པ་ཆེན་པོ་ཐོན་པ་ཤེས་རྟོགས་བྱུང་ཡོད།

         གཞན་ཡང་། དགེ་རྒན་ཆེ་མོ་བ་Rankinལགས་ཀྱིས་ཞིབ་འཇུག་བྱས་པ་ལས་མངོན་པར་གཞིགས་ན། འབྲིའི་འོ་མའི་ནང་གི་བཞུ་མཐའ་མེད་པའི་སྣུམ་སྐྱུར་ལ་ཁྲག་ཚིལ་སྙོམས་སྒྲིག་དང་ཁྲག་རྡོག་གཙང་སེལ་བྱེད་པའི་ནུས་པ་ལྡན་པ་མ་ཟད། ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་ཆེར་གཏོང་བ་དང་མཐོང་བྱེད་དྲ་སྐྱིར་སྲུང་སྐྱོབ་ཐེབས་ནས་མིག་ཤེད་ཇེ་བཟང་དུ་འགྲོ་བ་དང་། ཀླད་པ་གསོ་བ། དེ་བཞིན་ཚིགས་ནད་དྲག་སྐྱེད་ཡོང་བ་བཅས་ཀྱི་ཕན་ནུས་ལྡན་ཡོད་པ་རེད།

         ས་མཐོའི་སྦགས་བཙོག་མེད་པའི་སྣོད་བཅུད་ཁོར་ཡུག་གིས་འབྲིའི་འོ་མ་ནི་རང་བྱུང་དང་ལྷད་མེད་ཡིན་ཞིང་། འཚོ་བཅུད་ལྡན་པ་བཅས་ཀྱི་སྤུས་ཚད་འགན་ལེན་ཐུབ་པས། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་དེ་ནི་“སྐྱེ་ལྡན་ཟས་རིགས་ཡག་ཤོས”རེད་ཅེས་བཤད་ཡོད།
         ཉེ་བའི་ལོ་ཤས་རིང་། ཚན་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་མཚོ་བོད་མཐོ་སྒང་གི་འབྲིའི་འོ་མའི་ནང་CLAམང་པོ་(476mg/100gཟིན་གྱི་ཡོད་པ་)འདུས་ཡོད་པ་ཤེས་རྟོགས་བྱུང་ཡོད།  འབྲིའི་འོ་མའི་ཁྲོད་ཀྱི་CLAཞེས་པ་ནི་ཅི་ཞིག་ཡིན་པ་དང་། དེར་ནུས་པ་ཅི་ཞིག་ལྡན་ནམ་ཞེ་ན། 

         CLAཞེས་པ་ནི་དོ་ཡའི་སྣུམ་སྐྱུར་ཕལ་བ་ལ་གོ་ཞིང་།  རྩྭ་ཐང་དུ་འཚོས་པའི་ཕྱུགས་ཟོག་གི་འོ་མར་འདུས་པའི་CLAནི་འོ་མ་གཞན་དག་ལས་མངོན་གསལ་མང་བ་ཡོད་པ་རེད། 
         CLAཡི་བྱེད་ནུས།
         ཁྲག་ཚིལ་ཇེ་དམའ་རུ་གཏོང་བ་དང་འཕར་རྩ་སྲ་འགྱུར་འགོག་པ།
         CLAཡིས་མིའི་མཆིན་པའི་ནང་གི་ཚིལ་རྫས་དང་ཚིལ་སྤྲི་དཀར་གྱི་འདྲེས་གྲུབ་ལ་ཚོད་འཛིན་བྱས་ཏེ། གཅིན་སྐྱག་ནང་གི་མཁྲིས་རྒྱུ་གཤེར་རྩི་མེད་པར་བཟོ་ཐུབ་ཅིང་། དེ་མིན་CLAཡིས་ཏོག་དབྱིབས་འཕར་རྩ་རྒྱ་བསྐྱེད་ཐུབ་པ་དང་། ཁྲག་རྡོག་གྲུབ་པ་ཇེ་ཉུང་དུ་བཏང་སྟེ་འཕར་རྩ་འབྲས་རྡོག་བཞིན་སྲ་འགྱུར་དུ་འགྲོ་བའི་བརྒྱུད་རིམ་རིང་དུ་གཏོང་ཐུབ་ཀྱི་ཡོད།
         ཁྲག་ཤེད་སྙོམ་སྒྲིག་བྱེད་པ།
         ཐོག་མའི་ཁྲག་ཤེད་ནི་ཧའོ་སྨི་ཀུང་ཀྲུའུ་150དང་དམའ་ཤོས་ནི་ཧའོ་སྨི་ཀུང་ཀྲུའུ་94ཡིན་པ་ལ། CLAཡི་སྤྱིན་ཐུམ་སྨན་འཐུང་ནས་ཟླ་གཉིས་འགོར་རྗེས། མི10ཡི་ཁྲག་ཤེད་ཚང་མ་རྒྱུན་ལྡན་དུ་གྱུར་ཡོད་ཅིང་། དེས་CLAལ་དངོས་གནས་ཁྲག་ཤེད་སྙོམས་སྒྲིག་བྱེད་པའི་ནུས་པ་ལྡན་པ་མཚོན་ཡོད།  CLAཡིས“ཁྲག་རྩ་དྭངས་མོ་བཟོ་བའི་”ནུས་པ་འདོན་ཐུབ་པ་སྟེ། ཁྲག་རྩའི་ཁྲོད་ཀྱི་གད་སྙིགས་གཙང་སེལ་དང་ཁྲག་གི་འབྱར་ཚད་སྙོམས་སྒྲིག་བྱེད་ཐུབ་པ་མ་ཟད། དེས་ཁྲག་རྩ་རྐྱོང་འབྱེད་དང་ཁྲག་འཁོར་རྒྱུག་བྱེད་ཚད་ཇེ་ལེགས་སུ་བཏང་ནས་ཁྲག་ཤེད་བརྟན་པོ་ཡོང་བར་ནུས་པ་འདོན་ཐུབ་ཀྱི་ཡོད།
         སྐྲན་ནད་ཚོད་འཛིན་བྱེད་པ།
         རིགས་གཅིག་མཁས་ཅན་གྱིས་བསྟན་པར།  CLAཡིས་མིའི་རིགས་ཀྱི་སྐྲན་ནད་ལ་ཚོད་འཛིན་གྱི་ནུས་པ་ཐོན་པ་དེ་གཙོ་བོ་སྐྲན་ནད་ཀྱི“སྐུལ་འདེད་དུས་སྐབས”སུ་མངོན་བཞིན་ཡོད། སྐྲན་ནད་བྱུང་བའི“སྐུལ་འདེད་དུས་རིམ”ཞེས་པ་ནི་ཕྲ་ཕུང་ཇེ་མང་དང་རྒྱ་སྐྱེད་པའི་འགོ་སློང་བའི་དུས་རིམ་ལ་ཟེར་ཞིང་། དེའི་ཁྲོད་སྐྲན་ནད་ཀྱི་ཕྲ་ཕུང་སྐྱེ་འཚར་ཇེ་མགྱོགས་སུ་འགྲོ་བ་དང་། གོ་རིམ་རང་བཞིན་གྱི་ཕྲ་ཕུང་ཤི་བ་ཇེ་ཉུང་དུ་འགྲོ་བ་མ་ཟད། ད་དུང་ཁ་གྱེས་ནས་གསོ་བཅུད་མེད་པར་འགྱུར་འགྲོ་བ་རེད། CLAཡི་བྱེད་ནུས་གཙོ་བོ་ནི་སྐྲན་ནད་ཕྲ་ཕུང་གི་སྐྱེ་འཕེལ་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན་པ་དང་། ཚོད་ལྟ་མང་པོ་ལས་མངོན་པར། CLAནི་མིག་སྔའི་བཟའ་བཏུང་ཁྲོད་ཀྱི་ཆེས་ཕན་ནུས་ལྡན་པའི་འབྲས་སྐྲན་སྔོན་འགོག་གི་རྫས་ཤིག་ཏུ་གྱུར་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1