ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ལྕགས་ཟམ་རྫོང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-11




    སྤྱི་ཟླ12པའི་ཚེས2ཉིན། ཞིང་ཆེན་ ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་རུ་ཁག་བདུན་པ་གསར་བརྗེའི་གནས་གཞི་རྙིང་པ་ལྕགས་ཟམ་རྫོང་དུ་ཡོང་ནས་ཏང་གི་ སྐ བ ས ་ བ ཅུ ་ ད གུ ་ པ འི ་ ཀྲུ ང ་ ཨུ འི ་ ཚ ང ་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་ དོན་སྒྲོག་འགྲེལ་བྱས་པ་རེད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་གྲུབ་མི། ལྷོ་ནུབ་རྡོ་སྣུམ་སློབ་གྲྭ་ཆེན་པོའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་འགོ་འཛིན་པ་ཀྲང་ཞའོ་ཧྥེ་ཡིས་སྒྲོག་འགྲེལ་སྙན་སེང་ཞུས་པ་རེད། སྒྲོག་འགྲེལ་བྱེད་སྐབས་ཀྲང་ཞའོ་ཧྥེ་ཡིས་ལྕགས་ཟམ་རྫོང་གི་གནས་ཚུལ་དངོས་ དང་ཟུང་འབྲེལ་བྱས་ནས་ལྕགས་ཟམ་རྫོང་གི་འབྲེལ་ཡོད་ལས་ཀར་ཁྲིད་སྟོན་རང་བཞིན་གྱི་གྲོས་གཞི་དང་བསམ་འཆར་འདོན་པ་རེད། ལྕགས་ཟམ་རྫོང་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཁྲོད་དུ་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་མོ་བྱེད་པ་དང་དམར་དམག་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྱོང་བྱེད་པའི་གོ་སྐབས་ཡག་མོ་འཛིན་ནས་ལྕགས་ཟམ་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་སྒྲོག་འགྲེལ་ཉན་མཁན་ལྕགས་ཟམ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ལ་བློ་སྒོ་འབྱེད་པ་བྱ་དགོས་ཞེས་གསུངས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1