བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ་སྟེ། བཀྲ་ཤིས་ལྷུན་པོ་དགོན་པའི་རིག་དངོས་རྩ་ཆེན་280གནའ་བོའི་ཕོ་བྲང་དུ་འགྲེམས་སྟོན་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-11



            “བཀྲ་ཤིས་ལྷུན་པོ།——བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ།” ཞེས་པའི་འགྲེམས་སྟོན་དེ་ཚེས་8ཉིན་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་འགོ་ཚུགས་མཛད་སྒོ་སྤེལ་བ་དང་། གནའ་བོའི་ཕོ་བྲང་བཙུགས་ནས་ལོ་འཁོར་600ལོན་པའི་མུ་འབྲེལ་བྱེད་སྒོའི་འགོ་དངོས་སུ་ཚུགས་པས། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དང་བཀྲ་ཤིས་ལྷུན་པོ་དགོན་པར་ཉར་ཚགས་བྱས་ཡོད་པའི་རིག་དངོས་རྩ་ཆེན་280ཡིས་རྒྱ་ཆེའི་གཟིགས་མོ་བ་རྣམས་ལོ་རྒྱུས་ཀྱི་ཞིང་ཁམས་སུ་ཁྲིད་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་བརྒྱུད་ནང་བསྟན་རིག་གནས་སྒྱུ་རྩལ་གྱི་ནང་དོན་ལ་མྱོང་རོལ་ཞིག་བྱེད་དུ་འཇུག་ངེས།
བཀྲ་ཤིས་ལྷུན་པོ་དགོན་པའི་རིག་དངོས་རྩ་ཆེན་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་བཤམས་ཡོད།
            ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ནི་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་བཙུགས་རྗེས་སྤེལ་བའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་གནའ་བོའི་ཕོ་བྲང་གི་ནང་བསྟན་སྒྱུ་རྩལ་བརྗོད་དོན་གཙོ་བོ་ཡིན་པའི་ཆེད་དོན་འགྲེམས་སྟོན་ཐོག་མ་ཡིན་ལ། བཀྲ་ཤིས་ལྷུན་པོ་དགོན་པའི་རིག་དངོས་ཆེས་ཐོག་མར་དགོན་པ་ནས་ཕྱིར་བཏོན་ཏེ་རྟེན་རྫས་བཤམས་མཛོད་ཁང་དུ་བཤམས་ཐེངས་ཐོག་མའང་ཡིན།
བཀྲ་ཤིས་ལྷུན་པོ་དགོན་པའི་རིག་དངོས་རྩ་ཆེན་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་བཤམས་ཡོད།
            ཐེངས་འདིའི་འགྲེམས་སྟོན་ནི་“བཀྲ་ཤིས་ལྷུན་པོ་ནས་གནའ་བོའི་ཕོ་བྲང་བར།”“བཀྲ་ཤིས་ལྷུན་པོ་དགོན་པ་ནས་ཐོན་པའི་སྒྱུ་རྩལ།”“པཎ་ཆེན་སྐུ་ཕྲེང་དྲུག་པའི་ཤུལ་དངོས་རྩ་ཆེན།”དང་“ཞི་བདེ་བཀྲ་ཤིས།”བཅས་བརྗོད་དོན་ཚན་པ་བཞི་རུ་བགོས་ཡོད།  བརྗོད་དོན་ཚན་པ་སྔོན་མ་གསུམ་ནི་རིག་དངོས་འགྲེམས་སྟོན་ཡིན་པ་དང་། “ཞི་བདེ་བཀྲ་ཤིས” ནི་རིག་གཏོད་འགྲེམས་ཁུལ་ཡིན། དེའི་ཁྲོད་དུ་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དང་བཀྲ་ཤིས་ལྷུན་པོ་དགོན་པའི་རིག་གཏོད་རྟགས་མ་“བཀྲ་ཤིས་སྐྱེད་ཚལ”གཉིས་ཀྱིས་མཉམ་འབྲེལ་སྒོས་བསྐྲུན་པའི་“བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ”ཞེས་པའི་མུ་འབྲེལ་ཐོན་རྫས་བཅས་འདུས་ཡོད། 
བཀྲ་ཤིས་ལྷུན་པོ་དགོན་པའི་རིག་དངོས་རྩ་ཆེན་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་བཤམས་ཡོད།
            གནའ་བོའི་ཕོ་བྲང་གིས་ལོ་འཁོར་600ལོན་པའི་དུས་ཆེན་བསུ་བའི་སྐབས་འདིར།  གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་གིས་དམིགས་ཚད་གསར་པ་བཏོན་པ་སྟེ། “དུས་བདེའི་ཕོ་བྲང”འགན་ལེན་དུ་བྱེད་པ་དང་།“རིག་གཞུང་གི་ཕོ་བྲང”རྒྱབ་རྟེན་བྱེད་པ། “ གཞི་གྲངས་ཀྱི་ཕོ་བྲང”འདེགས་སྐྱོར་དུ་འཛིན་པ། “ གསོན་ཤུགས་ལྡན་པའི་ཕོ་བྲང”རྩ་བ་རུ་བཟུང་ནས། སྔར་ལས་གུ་ཡངས་པའི་རྣམ་འགྱུར་གྱིས་ཐེངས་རྗེས་མའི་ལོ་ངོ་600ཡི་ལེའུ་གསར་པའི་དབུ་བརྩམས་པ་རེད། ཐེངས་འདིའི་འགྲེམས་སྟོན་ནི་རིག་གཏོད་འགྲེམས་ཁུལ་དང་རིག་དངོས་འགྲེམས་ཁུལ་གཉིས་ལྷན་དུ་སྤེལ་ཡོད་པ་དང་། དེའང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་གི་ཚོད་ལྟ་ཐེངས་ཤིག་རེད། 

རིག་གཏོད་ཐོན་རྫས་ཁག་ཅིག་གི་འགྲེམས་སྟོན། 
བཀྲ་ཤིས་ལྷུན་པོ།——བཀྲ་ཤིས་ལྷུན་པོ་དགོན་པ་གནའ་བོའི་ཕོ་བྲང་དང་འཕྲད་པ།
            འགྲེམས་སྟོན་དུས་ཚོད། 2019.12.10—2020.2.29
            འགྲེམས་སྟོན་ས་གནས། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་ཝུའུ་མིན་འགྲེམས་ཁུལ།
            འགྲེམས་སྟོན་འདི་ལ་ལོགས་སུ་པ་སེ་མི་དགོས།
            གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་གི་པ་སེ་བཟུང་ནས་རིན་མེད་ངང་གཟིགས་སྐོར་བྱས་ཆོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1