ཝུན་ཁྲོན་དུ་སི་ཁྲོན་མི་རིགས་ས་ཁུལ་གྱི་ཟློས་གར་འཁྲབ་སྟོན་སྤེལ།

དབང་ཆེན་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-11



     སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་ཐོན་ཁུངས་སྔོག་འདོན་དང་། མི་རིགས་ས་ཁུལ་གྱི་ཟློས་གར་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་རིགས་ས་ཁུལ་གྱི་ཟློས་གར་སྒྱུ་རྩལ་གསར་རྩོམ་གྱི་གསར་གཏོད་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད། ཟླ་12ཚེས་4ཉིན་ནས་ཚེས་5ཉིན་སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་ཐིང་། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཛུབ་ཁྲིད་འོག 2019ལོའི་སི་ཁྲོན་མི་རིགས་ས་ཁུལ་གྱི་ཟློས་གར་འཁྲབ་སྟོན་དང་གསར་རྩོམ་འཁྲབ་སྟོན་གྱི་བསམ་འཆར་བརྗེ་རེས་ཚོགས་འདུ་ཝུན་ཁྲོན་རྫོང་ཧྲུའེ་མའོ་རུ་སྤེལ།

      ཚོགས་འདུར། ཚོགས་ཞུགས་ཆེད་མཁས་པས་རྔ་བ་ཁུལ་འཛམ་ཐང་རྫོང་ཛམ་བྷ་ལའི་བོད་ཀྱི་ཟློས་གར་ཚོགས་པ་དང་ལིས་རྫོང་ཆའང་གི་ཟློས་གར་ཚོགས་པས་འཁྲབ་པའི་བོད་ཀྱི་ཟློས་གར་རྟ་རྒྱུག་རྒྱལ་འཇོག་ཅེས་པ་དང་། ཆའང་གི་ཟློས་གར་ཀྭ་ཕུའུ་རི་སོགས་ལ་བལྟས། འཁྲབ་སྟོན་པས་ངོ་མཚར་ལྟད་མོ་ཡིས་ཚོགས་ཞུགས་ཆེད་མཁས་པ་དག་དང་གཟིགས་མོ་བ་རྣམས་ལ་གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་ཁྱད་འཕགས་རིག་གནས། ཁྱད་ལྡན་སྒྱུ་རྩལ་བཅས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཟློས་གར་རིག་གནས་ལྟད་མོ་ཞིག་འཁྲབ་པས་ཚང་མས་དགའ་བསུ་ཚད་མེད་བྱས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1