གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༡༣ཉིན།

“2019ལོའི་ལྷོ་ལྷོ་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས” པེ་ཅིང་དུ་འཚོགས་པ།


     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། “2019ལོའི་ལྷོ་ལྷོ་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས”པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གླེང་སྟེགས་ལ་ཞུགས་ཏེ“ཤེས་དཔལ་སྣ་མང་རང་བཞིན་མཐའ་འཁྱོངས་ཀྱིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད།
     ཧོང་ཁུན་མིང་གིས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དོན་གཉེར་བྱེད་པ་ཞིག་ཀྱང་ཡིན། ཀྲུང་གོ་གསར་པའི་ལོ་ངོ་70ནི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེར་གྱུར་བ་བཅས་བར་གྱི་ལོ་ངོ་70ཡིན་ལ། ཀྲུང་གོ་མི་དམངས་ཀྱི་གཞི་རྩའི་ཁེ་དབང་ཁག་ལ་རྒྱུན་མཐུད་བརྩི་འཇོག་དང་འགན་སྲུང་ཐུབ་པའི་ལོ་ངོ་70ཞིག་ཡིན་པ་མ་ཟད། ཀྲུང་གོས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཟམ་མི་ཆད་པ་ཕུལ་བའི་ལོ་ངོ་70ཡང་ཡིན། བརྒྱུད་རིམ་རླབས་པོ་ཆེ་འདིའི་ཁྲོད། ཀྲུང་གོས་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་གི་ཐོག་སྐྱོད་ཐུབ་པ་བྱུང་ནས་ཧ་ཅང་རྩ་ཆེའི་ཉམས་མྱོང་བསགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་རྒྱུ་དེ་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་དུ་འཛིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཡོངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དེ་རྩ་བར་འཛིན་ཡོད། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཡོངས་ཀྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད་ཅེས་བརྗོད་པ་རེད།
     ཧོང་ཁུན་མིང་གིས། དུས་བབ་གསར་པའི་འོག རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། ཐུན་མོང་ཐོག་ཞི་བདེ་བརྟན་ལྷིང་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་དང་། སྣ་མང་ཕུན་སུམ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད། དོ་སྙོམས་དང་གང་ལེགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འདུན་པ་དོན་གཉེར། དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་ཐོན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ལེགས་སྐྱེས་འབུལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
     གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཕྱི་འབྲེལ་པུས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་80ཡི་མཐོ་རིམ་དཔོན་རིགས་དང་། རིགས་གཅིག་མཁས་ཅན། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་སོགས་མི་300ལྷག་ཙམ་ཞུགས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1