༄༅། །དགུན་ཁའི་ཟས་མཆོག་སུར་པན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-11


                   སུར་པན་གྱི་རོ་བསྐ་ཞིང་རང་བཞིན་དྲོད་ཆེ་བ་ཡིན། སྨན་ལ་སྤྱོད་དུས་སུར་པན་ཅཱན་ཅོ་ཞེས་པ་མཆོག་ཏུ་འཛིན། འོན་ཀྱང་ཕོ་བ་སྨུག་པོ་དང་གློ་གཅོང་གི་ནད་པས་དེ་དག་ལ་འཛེམ་དགོས། 

༡ ཕྱིད་པ། 
སུར་པན་ཅཱན་ཅོ་ཆུ་ལ་བསྐོལ་ཏེ་དེའི་ཁུ་ཐང་ཕྱིད་ཡོད་སའི་སྐྱི་པགས་ལ་བྱུག་ན་ཁྲག་རྒྱུན་འཁོར་རྒྱུག་ལ་ཕན་པས་ཕྱིད་པ་སྔོན་འགོག་དང་སྨན་བཅོས་བྱེད་པར་ཕན། ཅཱན་ཅོ་ཁེ་དྲུག་གཏུབ་རྗེས་ཏུའུ་དྲུག་ཅུ་ཙམ་ཡོད་པའི་ཨ་རག་ནང་ཉིན་བཅུ་ལ་སྦངས་ཏེ། སྙིགས་རོ་རྣམས་བཏོན་ནས་ཕྱིད་མ་ཐག་པའི་ཐོག་མའི་དུས་སུ། སྐྱི་པགས་ཀྱི་ཕྱིད་པའི་གནས་དམར་པོར་གྱུར་ཞིང་ཟ་འཕྲུག་ལངས་སར་ཉིན་རེར་ཐེངས་གསུམ་ནས་ལྔ་ཙམ་བྱུག་ན་ཕན་ཐོགས་ཆེན་པོ་ཡོད། 

༢ སྐྲ་བྱི་བ། སྐྲ་བྱི་བའི་གནས་སུ་ཅཱན་ཅོ་ཆང་གིས་ཉིན་རེར་ཐེངས་ཁ་ཤས་ལ་བྱུག་ན་སྐྲ་སྐྱེ་བར་ཕན་ཐོགས། 

༣ ཡི་ག་འགག་པ། སུར་པན་ཉུང་ཙམ་འོས་འཚམ་སྒོས་བསྟེན་ན་ཕོ་ཁུ་ཟགས་པར་ཕན་པས་དང་ག་འབྱེད་ཐུབ་པ་ཡིན། 

ཉེ་ཆར་ཨ་མེ་རི་ཁའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། སུར་པན་གྱིས་སྐྲན་ནད་འགོག་པར་མ་ཟད། སྐྲན་ནད་སློང་ཀྱང་སྲིད། གལ་སྲིད་སུར་པན་ལུས་སྟེང་དུ་བསྡུས་པ་མང་དྲགས་ན་དུག་ཏུ་འགྱུར་ཞིང་། དུག་རྫས་ཐམས་ཅད་མཆིན་པས་བསྡུ་ལེན་བྱས་ནས་སྐྲན་ནད་འབྱུང་བའི་ཉེན་ཁ་བཟོ་སྲིད། གལ་སྲིད་དེ་ལས་ལྡོག་སྟེ་ཉུང་ཙམ་བསྟེན་ན་སུར་པན་འཇུ་ལམ་དུ་བསྡུ་ལེན་བྱེད་པས་ལུས་ལ་ཕན་པར་མ་ཟད། སྐྲན་ནད་འགོག་པའི་ནུས་པའང་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1