མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་མཇུག་བསྒྲིལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 12-18


ཟླ་12ཚེས་15ཉིན་སི་ཕེན་གྱི་མ་ཏེ་རིར། 2019ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་ཀྲུའུ་ཞི། ཆི་ལིའི་ཁོར་ཡུག་པུའུ་ཀྲང་ཁ་ལུའོ་ལིན་ན་ཧྲི་སྨི་ཐེས་མཇུག་སྒྲིལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བཞིན་པ།

    ཆུ་ཚོད་40ལྷག་ཙམ་ཕྱི་སྣུར་བྱས་རྗེས། 2019ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཚེས་15ཉིན་སི་ཕེན་གྱི་རྒྱལ་ས་མ་ཏེ་རིར་མཇུག་བསྒྲིལ་བ་རེད། གྲོས་མོལ་བྱེད་མཁན་ཕྱོགས་ཁག་དབར་འགལ་ཟླ་ཚབས་ཆེན་ཡོད་པས། ཚོགས་ཆེན་ཐོག《ཕ་རི་སིའི་གྲོས་ཆོད》ཀྱི་དོན་ཚན་དྲུག་པའི་ལག་བསྟར་ཞིབ་སྲོལ་ལ་གྲོས་མོལ་བྱེད་པའི་ལྟེ་བའི་ལས་འགན་དེར་ཐུན་མོང་གི་ངོས་འཛིན་བྱུང་མེད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1