རང་རྒྱལ་གྱི་རྒྱལ་ཐོན་དམག་གྲུ་ཨ་མ་དང་པོ་མཚོ་དམག་ལ་རྩིས་སྤྲོད་བྱས་པ་དང་། ཞི་ཅིན་ཕིང་རྩིས་སྤྲོད་མཛད་སྒོར་ཞུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-19



        སྤྱི་ཚེས་17ཉིན་གྱི་ཕྱི་དྲོར། རང་རྒྱལ་གྱི་རྒྱལ་ཐོན་དམག་གྲུ་ཨ་མ་དང་པོ་ཧའེ་ནན་སན་ཡ་ཡི་དམག་དོན་གྲུ་ཁ་ཞིག་ནས་མཚོ་དམག་ལ་རྩིས་སྤྲོད་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྩིས་སྤྲོད་མཛད་སྒོར་ཞུགས་ཡོད།

        ཧའེ་ནན་སན་ཡ་ནི་གནམ་སྔོ་ཞིང་ཆུ་མོ་དྭངས་པའི་ཁར་གནམ་གཤིས་ཚ་གྲང་སྙོམ་པོ་ཞིག་ཡོད། དམག་དོན་གྲུ་ཁའི་ནང་གི་ཧྲན་ཏུང་རྟགས་ཅན་གྱི་དམག་གྲུའི་ཐོག་ཚོན་མདོག་སྣ་ལྔའི་དར་ཆས་ཁེངས་ཞིང་། མཚོ་དམག་དཔུང་སྡེ་དང་དམག་གྲུ་ཨ་མའི་འཛུགས་སྐྲུན་ཚན་པའི་འཐུས་མི་ལྔ་སྟོང་ལྷག་གིས་གྲུ་ཁར་གྲལ་སྟར་བསྒྲིགས་ཡོད་པས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
        ཕྱི་དྲོའི་ཆུ་ཚོད་བཞི་པའི་ཐོག རྩིས་སྤྲོད་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་། ཡུལ་དངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཤིང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ངང་བསྒྲེངས་ཡོད། གཟབ་སྦྲེང་གུས་ལུགས་དམག་གིས་བརྒྱད་གཅིག་དམག་དར་དང་མིང་བཏགས་དཔང་ཡིག་བསྣམས་ནས་ཀྲུའུ་ཞི་སྟེགས་བུའི་ཕྱོགས་སུ་དལ་གྱིས་ཕེབས་ཡོད། ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་དར་དང་། མིང་བཏགས་དཔང་ཡིག་ཧྲན་ཏུང་རྟགས་ཅན་དམག་གྲུའི་གྲུ་དཔོན་དང་། ཆབ་སྲིད་ཨུ་ཡོན་ལ་སྤྲད་གནང་ཡོད། ཧྲན་ཏུང་རྟགས་ཅན་གྱི་དམག་གྲུའི་གྲུ་དཔོན་དང་། ཆབ་སྲིད་ཨུ་ཡོན་གྱིས་ཞི་ཅིན་ཕིང་ལ་གུས་བཏུད་ཞུས་ཏེ་ཁོང་གི་ཕྱག་ནས་བརྒྱད་གཅིག་དམག་དར་དང་མིང་བཏགས་དཔང་ཡིག་བླངས་ཡོད། ཞི་ཅིན་ཕིང་གིས་དེ་རྗེས་ཁོང་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན་ཡོད།

        ཏིང་ཞུའེ་ཞང་དང་། ལེའུ་ཧོ། ཧོ་ལི་ཧྥོང་། དེ་བཞིན་ལི་ཙོ་ཁྲེང་བཅས་མཛད་སྒོར་ཞུགས་ཡོད། ཀྲང་ཡེའུ་ཞ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། རང་རྒྱལ་གྱི་རྒྱལ་ཐོན་དམག་གྲུ་ཨ་མ་དང་པོ་དེ་དམག་གྲབས་ནང་ཞུགས་པ་དང་། མིང་བཏགས་པ། གྲུ་རྟགས་བཏགས་པ་བཅས་ཀྱི་ཁྱབ་བསྒྲགས་གནང་ཡོད།
        ཀྲུང་གོའི་གྲུ་བཟོ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ལེ་ཧྥན་ཕེ་དང་། མཚོ་དམག་དམག་སྤྱི་ཧྲེན་ཅིན་ལུང་གིས་མཛད་སྒོའི་ཐོག་སྔ་རྗེས་སུ་གཏམ་བཤད་གནང་ཡོད།
        རྩིས་སྤྲོད་མཛད་སྒོ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་དུ་མཇུག་འགྲིལ་ཡོད་པ་རེད།
        དེ་རྗེས། ཞི་ཅིན་ཕིང་གིས་ཧྲན་ཏུང་རྟགས་ཅན་གྱི་དམག་གྲུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། ཞི་ཅིན་ཕིང་གིས་འབྲེལ་ཡོད་སྒྲིག་ཆས་ལ་གཟིགས་སྐོར་གནང་བ་དང་། གྲུ་ཐོག་གནམ་གྲུའི་འཕུར་སྐྱོད་པའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས་ཁ་ལོ་ཁང་དུ་ཕེབས་ནས་དཔོན་དམག་རྣམས་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་། གྲུ་ཐོག་ཉིན་ཐོའི་ཐོག་མཚན་བཀོད་གནང་ཡོད་པ་རེད།

        ཞི་ཅིན་ཕིང་གིས་གྲུ་ཁ་ནས་དམག་གྲུ་ཨ་མའི་དཔོན་དམག་གི་འཐུས་མི་དང་དམག་གྲུ་ཨ་མའི་འཛུགས་སྐྲུན་ཚན་པའི་འཐུས་མི་དང་མཇལ་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དམག་གྲུ་ཨ་མའི་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་ཚོས་ཡར་འབད་བསྐྱར་འབད་ཀྱིས་ཏང་དང་མི་དམངས་ཀྱི་ཆེད་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
        ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་གནང་བ་བརྒྱུད། རང་རྒྱལ་གྱི་རྒྱལ་ཐོན་དམག་གྲུ་ཨ་མ་དང་པོ་དེར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་ཧྲན་ཏུང་རྟགས་ཅན་གྱི་དམག་གྲུ་ཞེས་པའི་མིང་བཏགས་པ་དང་། གྲུ་རྟགས་17ཞེས་བཏགས་ཡོད།
        ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས། ལྷོ་རྒྱུད་འཐབ་ཁུལ། མཚོ་དམག ཧའེ་ནན་ཞིང་ཆེན་དང་དེ་བཞིན་དམག་གྲུ་ཨ་མའི་འཛུགས་སྐྲུན་ཚན་པ་བཅས་ཀྱི་འགན་ཁུར་བློ་མཐུན་རྩིས་སྤྲོད་མཛད་སྒོར་ཞུགས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1