འབའ་ཐང་རྫོང་གི་ཞིང་ལས་ཐོན་ལས་ལྡུམ་ར་དེང་རབས་ཅན་དུ་གྱུར་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-20


        འབའ་ཐང་རྫོང་མཐོ་སྒང་སྐྱེ་ཁམས་ཞིང་ལས་ཐོན་ལས་ལྡུམ་ར་ནི་འབའ་ཐང་རྫོང་གི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་ལྡུམ་ར་ཨང་དང་པོ་དེ་ཡིན་ཞིང་། གཞི་ཁྱོན་བསྡོམས་འབོར་མུའུ126ཡོད་པ་དང་དགུན་གྱི་དྲོད་ཁང་ཆེན་པོ40བསྐྲུན་ཡོད་པ་རེད།ལས་གཞི་དེ་ནི་ཞིང་དུད་དང་གྲོང་སྡེ། མཉམ་ལས་ཁང་དང་སྤྱི་གཉེར་ཁང་མཉམ་འབྲེལ་བྱས་པའི་ཐབས་ཤེས་སྤྱད་དེ་རྫོང་ཡོངས་ཀྱི་གྲོང་སྡེ་དབུལ་ཕོངས35དང་། དབུལ་ཕོངས་མིན་པའི་གྲོང་སྡེ40ཡི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ཀྱི་འཁོར་རྒྱུག་མ་དངུལ་དང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་ལྡུམ་རའི་ཆེད་སྤྱོད་མ་དངུལ། ཞིང་ཆེན་རིམ་པའི་ཐུན་མོང་དཔལ་འབྱོར་དཔེ་སྟོན་ས་ཚུགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་ཐེབས་རྩ་བཅས་སྡེབ་སྒྲིག་བྱས་ཏེ་ཐུན་མོང་དུ་བསྐྲུན་པ་ཞིག་རེད།
        དེ་སྔོན། ལས་གཞི་ལས་ཐོན་པའི་སྔོན་ཚལ་གྱི་འབའ་ཐང་རྫོང་གི་བཞི་ཆ་གཅིག་གི་ཚོང་རར་ཁྱབ་ཡོད་པས་མ་ཚད་མང་ཚོགས་དབུལ་ཕོངས་མི་བཅུ་ལྷག་གི་ལས་གཉེར་ཐག་གཅོད་བྱས་ཡོད་པ་དང་། ལོ་ལྟར་ལས་རིགས་ཁག་གི་གནས་སྐབས་ལས་མིའི་ཐེངས་གྲངས་བརྒྱ་ཡན་ཆད་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད། པར་འདི་ནི་ཉེ་ཆར་བླངས་པའི་དགུན་གྱི་དྲོད་ཁང་ཆེན་པོའི་ཟུར་ཞིག་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1