རྔ་བ་རྫོང་དུ་ན་གཞོན་དྲག་པོའི་ཉེན་རྟོག་སློབ་གྲྭ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར་དྲ་བ། སྤེལ་དུས། 12-20


      ཉེ་ཆར། དྲག་པོའི་ཉེན་རྟོག་རྔ་བའི་ཡན་ལག་རུ་ཁག་གིས་རྔ་བ་རྫོང་བློན་ཚང་ཡུལ་ཚོའི་སློབ་ཆུང་དུ་ན་གཞོན་དྲག་པོའི་ཉེན་རྟོག་སློབ་གྲྭའི་སྒོ་བྱང་སྤྲོད་པའི་མཛད་སྒོ་སྤེལ་བ་དང་ཆབས་ཅིག་སློབ་མ་ཚོར་སློབ་གོས་ཞལ་འདེབས་བྱས།

      དབུལ་སྐྱོར་གནད་འཁེལ་གྱི་ལས་དོན་སྤེལ་བ་ནས་བཟུང་། དྲག་པོའི་ཉེན་རྟོག་རྔ་བའི་ཡན་ལག་རུ་ཁག་གིས་མ་དངུལ་སྒོར་ཁྲི་106ཞལ་འདེབས་བྱས་པར་མ་ཟད། དབུལ་སྐྱོར་གནད་སྒྲོལ་དང་སློབ་སྐྱོར་ཞལ་འདེབས་ཀྱི་ཆེད་དོན་ཐེབས་རྩ་བཙུགས། ཉེ་བའི་ལོ་ཤས་རིང་། སྔ་རྗེས་སུ་བློན་ཚང་ཡུལ་ཚོའི་སློབ་ཆུང་ལ་སྒོར་ཁྲི་88ལྷག་བཏང་ནས་འཐུང་ཆུའི་ལས་གྲྭ་དང་སྣ་འཛོམས་བྱེད་སྒོ་ལྟེ་གནས་བསྐྲུན་པ་དང་།གཞུང་ལས་སྒྲིག་ཆས་ཀྱི་ཞལ་འདེབས་བྱས། མ་དངུལ་སྒོར་97200བཏང་ནས་རྔ་བ་རྫོང་བློན་ཚང་ཡུལ་ཚོའི་སློབ་ཆུང་དང་ཧུང་ཡོན་རྫོང་ཚ་རུ་མ་ཡུལ་ཚོའི་སློབ་ཆུང་གི་སློབ་མ་ཚོར་སློབ་གོས་432ཞལ་འདེབས་བྱས། དེ་དང་ཆབས་ཅིག་ད་དུང་རིག་སྟོབས་དབུལ་སྐྱོར་དང་རྒྱལ་སྲུང་སློབ་གསོ། དམག་དམངས་མཉམ་སྐྲུན་སོགས་ཀྱི་ཐད་འབད་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པར་མ་ཟད། བློན་ཚང་ཡུལ་ཚོའི་ན་གཞོན་དྲག་པོའི་ཉེན་རྟོག་སློབ་གྲྭ་བཙུགས་ཏེ་རྒྱུན་གཏན་ཅན་གྱི་དམག་དོན་རྩལ་ནུས་སྦྱོང་བརྡར་དང་རྒྱལ་སྲུང་སློབ་གསོ། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་ལག་ལེན་སོགས་ཀྱི་བྱེད་སྒོ་སྤེལ་ཏོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1