གཙོ་ངོས།>> གནའ་ཤུལ།>>གནའ་ཤུལ།

མཁས་གྲུབ་ནོར་བུ། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༢༣ཉིན།

༄༅།། ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།


མཁས་གྲུབ་ནོར་བུ།        

ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།

    སེབ་པ་དགོན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་ཆུའི་འགྲམ་རྒྱུད་ཀྱི་སེབ་པ་གྲོང་ལྟག་ཏུ་ཆགས་ཡོད། དགོན་པ་འདི་དང་ཐོག་བོན་དགོན་ཞིག་ཡིན་ཞིང་།སྤྱི་ལོ1269ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ས་སྐྱར་བསྒྱུར། མཚན་ལ་ཐེག་ཆེན་དར་རྒྱས་གླིང་ཞེས་གསོལ། ད་བར་ལོ་ངོ་བདུན་བརྒྱ་ལྔ་བཅུར་ཉེ་བའི་ལོ་རྒྱུས་ཡོད་པ་ཞིག་རེད།

    སེབ་པ་སྤྲུལ་སྐུའི་སྐུ་ཕྲེང་རིམ་བྱོན་དག་ནི་བསྟན་འགྲོའི་དོན་ཆེན་མཛད་པའི་སྐྱེས་ཆེན་དམ་པ་འབའ་ཞིག་ལགས་པ་དང་། ད་ལྟ་དགོན་པ་རུ་གྲྭ་པ་བརྒྱ་ལ་ཉེ་བ་ཡོད་ཅིང་། དགོན་པ་འདིར་མ་ཆེན་ལྷ་ཁང་དང་གུ་རུ་ལྷ་ཁང་གཉིས་ཡོད་པ་ལས། གུ་རུ་ལྷ་ཁང་ནི1992ལོ་ནས་བཞེངས་འགོ་ཚུགས་ཤིང1995ལོར་དངོས་སུ་བཞེངས་གྲུབ་བྱུང་། ནང་རྟེན་དུ་སྨི17ཅན་གྱི་གུ་རུ་རིན་པོ་ཆེའི་སྐུ་འདྲ་བཞུགས། ཐོག་ཁང་གཉིས་པ་ནི་གུ་རུ་སྟོང་སྐུ་ལྷ་ཁང་ཡིན། དེར་གུ་རུ་སྐུ་འདྲ1108ཡོད། ད་དུང་དགོན་པའི་ནང་དུ་སྨི63ཅན་གྱི་སྤྱན་རས་གཟིགས་ཕྱག་བཞི་པ་རྒྱུ་ཟངས་ལ་ཞལ་གསེར་གསོལ་བའི་སྐུ་བརྙན་ཆེན་པོ་ཞིག་བཞེངས་ཡོད།

    ད་ལྟ་སེབ་པ་དགོན་དུ་སེབ་པ་སྤྲུལ་སྐུའི་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཕྲེང་བཅུ་བཞི་ལ་ཕེབས་པའི་སྤྲུལ་སྐུ་རིན་ཆེན་ཚེ་རིང(མཚན་དངོས་ལ་ངག་དབང་ཀུན་དགའ་གཞན་ཕན་ཆོས་ཀྱི་ཉི་མ།)ལགས་ཀྱིས་དགོན་པའི་བདག་གཉེར་གྱིས་འགན་བཞེས་ཤིང་། ཁོང་གིས་ད་དུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་དང་ཡུལ་ཤུལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་དང་ཡུལ་ཤུལ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་བཞིན་ཡོད་པ་རེད།

ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།
ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།

    2010ལོའི་ཟླ4པའི་ཚེས14ཉིན་ཡུལ་ཤུལ་དུ་ས་འགུལ་ཆེན་པོ་བྱུང་རྗེས། སེབ་པ་དགོན་དུ་རྒྱལ་ཁབ་ཀྱི་རོགས་སྐྱོར་དང་མི་སེར་གྲྭ་བཙུན་དག་གིས་ཧུར་བརྩོན་སྡུག་རུས་བྱས་འོག་སྒོར་ཁྲི500ལྷག་བཏང་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ2544ཡོད་པའི་དངོས་མང་བཤམས་སྟོན་ཁང་བསྐྱར་བཞེངས་བྱས་པ་དང་། སེབ་པ་དགོན་པས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཡར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་འདུ་ཤེས་ཀྱིས་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་རིགས་རིག་གནས་ཤུལ་བཞག་གི་སྐྱེ་ཁམས་སྲུང་སྐྱོང་བྱ་བར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད་པས། སྤྲུལ་སྐུ་རིན་ཆེན་ཚེ་རིང་ལགས་སྐུ་དངོས་སུ་གྲོང་པ་སོ་སོར་ཕེབས་ནས་ས་གནས་མང་ཚོགས་ལ་བློ་སྟོན་མཛུབ་ཁྲིད་གནང་བ་དང་། བགྲང་བྱ་སུམ་ཅུ་ལྷག་གི་རིང་ལ་རང་ཉིད་ཀྱིས་འབད་པ་ཆེན་པོ་བྱས་པར་བརྟེན། དམངས་ཁྲོད་ནས་ཡུལ་སྲོལ་ཐོན་སྐྱེད་དང་། འཚོ་བའི་མཁོ་ཆས། སྲོག་ཆགས་གསོབ་གཟུགས་སོགས་དངོས་རྫས་ཁྲི་གཉིས་ལྷག་བསྡུ་རུབ་བྱས་ཡོད།

ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།
ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།
ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།

    སྤྱི་ལོ1998ལོར་སེབ་པ་དགོན་པ་མཚོ་སྔོན་ཞིང་ཆེན་གྱི་རིག་རྫས་སྲུང་སྐྱོང་གཙོ་གནད་སྡེ་ཁག་ཏུ་བདམས་པ་དང་། 2015ལོར་རྒྱལ་ཡོངས་ཀྱི་རིག་རྫས་བརྟག་ཞིབ་བྱེད་དུས་རིག་རྫས་ཀྱི་གྲལ་དུ་ཚུད་པའི་སྣོད་ཆས་ཀྱི་རིགས605ཡོད་པ་རེད། དེ་བཞིན་མཆོད་ཆ་དང་རོལ་ཆ། ཟངས་རག  རུས་སོ། གོ་མཚོན་དང་དེ་མིན་དངོས་རྫས་ཀྱི་རིགས་སོགས་དམངས་ཁྲོད་ཀྱི་ཁྱད་འཕགས་རིག་རྫས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ལྷག་པར་དུ་ཆོས་ལུགས་ཀྱི་ཡོ་བྱད་མིན་པའི་རིག་དངོས་སྲུང་སྐྱོང་བྱས་པ་འདི་ནི་ཡུལ་ཤུལ་ཁུལ་གྱི་དགོན་སྡེ་གཞན་ན་མེད་པའི་རིག་རྫས་སྲུང་སྐྱོང་བྱེད་པའི་མཛད་པ་རྨད་དུ་བྱུང་བ་ཞིག་ཀྱང་ཡིན་པ་རེད།

ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།
ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།
ཡུལ་ཤུལ་སེབ་པ་དགོན་དུ་མཇལ་བའི་བོད་ཀྱི་ཁྱད་འཕགས་རིག་རྫས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1