བོད་ལྗོངས་སུ་དགའ་ལྡན་ལྔ་མཆོད་བསུས་ཏེ། རྗེ་ཙོང་ཁ་པ་དགོངས་པ་རྫོགས་ནས་ལོ་འཁོར་600ལོན་པར་རྗེས་དྲན་ཞུ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-24


            ཟླ་12པའི་ཚེས་21ཉིན་ཏེ།  བོད་ལུགས་ཀྱི་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན། བོད་ལྗོངས་ཀྱི་ལོ་རེར་ཐེངས་རེའི་སྲོལ་རྒྱུན་གྱི་ཆོས་ལུགས་རྗེས་དྲན་ཉིན་མོ་སྟེ།  དགའ་ལྡན་ལྔ་མཆོད་བསུས། ལོ་སྔོན་མ་དག་དང་མི་འདྲ་བ་ནི་ད་ལོའི་བོད་ལུགས་ཀྱི་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་འབྱེད་པ་པོ་རྗེ་ཙོང་ཁ་པ་དགོངས་པ་རྫོགས་ནས་ལོ་འཁོར་600ལོན་པའི་ཉིན་མོ་ཡིན། རྗེ་ཙོང་ཁ་པར་རྗེས་དྲན་དང་སེམས་ཅན་ལ་བདེ་སྐྱིད་ཡོང་ཆེད། ལྷ་ལྡན་གཙུག་ལག་ཁང་དང་དགའ་ལྡན་དགོན་པ། བཀྲ་ཤིས་ལྷུན་པོ་དགོན་པ་སོགས་དགེ་ལུགས་པའི་དགོན་པ་དག་གིས་ནམ་རྒྱུན་ལྟར་མཆོད་མེ་སྒྲོན་པ་ལས་གཞན། ད་དུང་600”དབྱིབས་ཀྱི་སྒྲོན་མེ་སྦར་ཡོད། འོད་ལམ་ལམ་གྱི་གློག་འོད་འོག་ཏུ། དགོན་པ་དང་སྐྱ་སེར་དད་ལྡན་མང་ཚོགས་ཀྱི་ཁྱིམ་དུ། གཟི་འོད་ལམ་ལམ་འཕྲོ་བའི་མཆོད་མེ་དེ་གློག་འོད་དང་འདྲེས་ནས།  སྔར་ལས་བརྗིད་ཉམས་ལྡན་པར་གྱུར་ཡོད།
           དགའ་ལྡན་ལྔ་མཆོད་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་འབྱེད་པ་པོ་རྗེ་ཙོང་ཁ་པ་དགོངས་པ་རྫོགས་ནས་འཚང་རྒྱ་བའི་ཉིན་མོ་ཡིན།  ཉིན་འདིར་དགེ་ལུགས་པའི་དགོན་པ་ཡོངས་རྫོགས་ཀྱིས་དགའ་ལྡན་ལྔ་མཆོད་ཀྱི་རྗེས་དྲན་བྱེད་སྒོ་སྤེལ་བ་རེད། པར་འདི་ནི་ལྷ་ལྡན་གཙུག་ལག་ཁང་ལ་སྐོར་བ་རྒྱག་པའི་དད་ལྡན་མང་ཚོགས་རེད།
ལྷ་ལྡན་གཙུག་ལག་ཁང་ཡང་སྟེང་དུ་སྦར་བའི་མཆོད་མེ།
ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མེ་སྦར་བར་སྒུག་པའི་གྲྭ་བ། 
ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མེ་སྦར་བའི་གྲྭ་བ། 
བར་སྐོར་དུ་མཆོད་མེ་སྦར་བའི་དད་ལྡན་མང་ཚོགས།
ལྷ་ལྡན་གཙུག་ལག་ཁང་གི་སྒེའུ་ཁུང་ནང་དུ་སྦར་བའི་མཆོད་མེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1