གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༢༤ཉིན།

༄༅།། ཆམ་རིམས་སྔོན་འགོག་བྱེད་པར་དོ་སྣང་བྱེད་དགོས།

        དགུན་དུས་ནི་མི་རྣམས་ལ་ཆམ་རིམས་འབྱུང་སླ་བའི་དུས་སྐབས་ཤིག་ཡིན་ལ།ཆམ་རིམས་ནི་སྤྱིར་བཏང་གི་ཆམ་ནད་དང་མི་འདྲ་བར་ཆམ་རིམས་ཀ་པ་དང་ཁ་པ་སོགས་ཀྱི་ནད་དུག་གིས་བསླངས་པ་ཡིན་པས།སྣང་ཆུང་གཏན་ནས་བྱེད་མི་རུང་།
        མིག་སྔར། ཆམ་རིམས་ལ་དམིགས་གསལ་གྱི་བཅོ་ཐབས་ཤིག་མེད་པས།ཆམ་ནད་ལྟར་གསོ་བཅོས་བྱེད་རྒྱུ་ལས་འོས་མེད།གོ་ཐོས་སུ་དེང་སྐབས་ནུས་པ་ཧ་ཅང་ལེགས་པའི་ཆམ་རིམས་ནད་དུག་འགོག་བྱེད་ཀྱི་སྨན་རྫས་ཤིག་ཡོད་པར་གྲགས་མོད།འོན་ཀྱང་རྒྱལ་ནང་དུ་ད་རུང་བཀོལ་སྤྱོད་བྱེད་པའི་ཆོག་མཆན་ཐོབ་མེད།
        དེ་ན་ང་ཚོས་ཆམ་རིམས་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན།
        གཅིག སྤྱི་དམངས་བཟང་པོ་ཞིག་བྱེད་དགོས།
1.རྒྱས་བཟའ་རྒྱས་འཐུང་མི་བྱེད་པར་ཟས་ཐུན་རེ་རེ་ལུགས་མཐུན་ངང་བཟའ་དགོས།
2.སྔ་ཉལ་སྔ་ལངས་བྱས་ཏེ་གཉིད་ཀྱིས་འདང་བར་བྱེད་དགོས་ལ་གཉིད་ཀྱི་སྤུས་ཀར་དོ་སྣང་ལེགས་པོ་བྱས་ཏེ།གཉིད་ཉལ་བའི་གོམས་སྲོལ་ལེགས་པོ་ཞིག་ཆགས་སུ་འཇུག་དགོས།
3.ཆོས་ཉིད་ལྡན་པའི་སྒོ་ནས་ལུས་སྦྱོང་ལེགས་པོ་བྱས་ན་ད་གཟོད་ཆམ་རིམས་ལས་རྣམ་པར་རྒྱལ་ཐུབ།
4.ཁང་པའི་ནང་རླུང་རྒྱུ་རུ་འཇུག་དགོས།ཁང་པའི་ནང་དུ་འོས་འཚམ་གྱིས་རླུང་རྒྱུ་རུ་བཅུག་ན་དབུགས་ལམ་གྱི་འགོ་ནད་མང་པོ་ཞིག་འགོག་ཐུབ།
5.གཙང་སྦྲར་དོ་སྣང་བྱས་ནས་དུས་རྒྱུན་དུ་ལག་པ་བཀྲུས་ན།ནད་རིགས་ཁ་ནས་འཛུལ་བ་སྔོན་འགོག་བྱེད་ཐུབ།

        གཉིས།སྔོན་འགོག་ལེགས་པོ་བྱེད་དགོས།
1.ཁ་ཐུམ་བརྒྱག་པ། ཚོང་རའི་ནང་དུ་སེང་རས་སོགས་ཀྱིས་བཟོས་པའི་ཁ་ཐུམ་རྣམ་པ་སྣ་ཚོགས་བཙོང་རྒྱུ་ཡོད་མོད།འོན་ཀྱང་དེས20%ཡི་ཆམ་རིམས་ནད་དུག་ལས་འགོག་མི་ཐུབ།སྨན་ཁང་དུ་སྤྱི་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་ཀྱིན་པའི་ཁ་ཐུམ་ནི་གཤགས་བཅོས་བྱེད་པར་ཇུས་འགོད་བྱས་པ་ཡིན་པས།གཙོ་བོ་ཁྲག་དང་ལུས་སྟེང་གི་གཤེར་ཁུ་སོགས་འགོག་པའི་ནུས་པ་ལྡན།ཡིན་ནའང་དེས་ཀྱང80%ཡི་ཆམ་རིམས་ནད་དུག་ལས་འགོག་མི་ཐུབ།ཆམ་རིམས་ནད་དུག་གཏན་འགོག་བྱེད་དགོས་ན། N95ཅན་གྱི་ཁ་ཐུམ་བརྒྱབ་ན་ད་གཟོད་ཆམ་རིམས་གཏན་འགོག་བྱེད་ཐུབ་པ་རེད།N95ཞེས་པ་ནི་ཚོང་རྟགས་ཤིག་མ་ཡིན་པར་དེ་ནི་ཁ་རས་ཀྱི་ཚད་གཞི་ཞིག་ཡིན་ཏེ།གློ་ལུ་བ་དང་ཧབ་སྦྲིད་རྒྱག་པ་སོགས་ལས་བྱུང་བའི་ནད་དུག་གི95%འགོག་ཐུབ་པའི་དོན་ཡིན།
2.ཧབ་སྦྲིད་རྒྱག་སྐབས་ལག་པས་ཁ་སྣ་འགེབ་དགོས།ཁ་ཐུམ་རྒྱག་པ་ནི་ཆམ་རིམས་ནད་དུག་འགོག་པའི་ཐབས་ལམ་ཞིག་ཡིན་པ་དང་།ཆམ་རིམས་ནད་དུག་ནི་ཁ་དབུགས་སུ་གནས་ཤིང་གཙོ་བོ་ཧབ་སྦྲིད་བརྒྱབ་པ་ལས་འབྱུང་བ་རེད།ཚན་རིག་ཞིབ་འཇུག་ལས་མངོན་པ་ལྟར་ན།ཧབ་སྦྲིད་བརྒྱབ་པ་ལས་བྱུང་བའི་ཆམ་རིམས་ནད་དུག་གི་དུས་ཚོད་རེའི་ཁྱབ་ཚད་ནི་རིམ་པ12ཅན་གྱི་རླུང་འཚུབ་དྲག་པོའི་མགྱོགས་ཚད་དང་འདྲ་མཚུངས་ཡིན་པས།ཧབ་སྦྲིད་རྒྱག་ཐེངས་རེར་རྨི10ཡི་ལམ་དུ་ཁྱབ་པ་རེད།དེའི་རྐྱེན་གྱིས་ང་ཚོར་ཧབ་སྦྲིད་རྒྱག་སྐབས་ཀྱི་གོམས་སྲོལ་ལེགས་པོ་ཆགས་དགོས་པ་སྟེ།ཧབ་སྦྲིད་རྒྱག་པའི་སྐབས་སུ་མྱུར་དུ་ལག་པས་ཁ་སྣ་འགེབ་པའམ་ཡང་ན་ཕུ་རུང་སོགས་ཀྱིས་ཁ་སྣ་བཏུམ་དགོས།དེ་ལྟར་བྱས་ན་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད་མི་གཞན་ལའང་ཕན་ནོ། །
3.འགོག་སྨན་རྒྱག་པ། འགོག་སྨན་རྒྱག་པ་ནི་དེང་སྐབས་ཆམ་རིམས་འགོག་པའི་ཐབས་ལམ་ཆེས་བཟང་པོ་དེ་ཡིན་ལ།ཆེས་བདེ་འཇགས་དེའང་ཡིན།ལོ་ངོ30ལྷག་གི་རིང་ལ་བཀོལ་སྤྱོད་བྱས་པའི་ཁྲོད་ཞོར་སྐྱོན་ཆེན་པོ་གང་ཡང་བྱུང་མ་མྱོང་ལ།ཞོར་སྐྱོན་ཆུང་ངུའི་རིགས་ཀྱང་ཧ་ཅང་ཉུང་།ཆམ་རིམས་ནི་མི་ཚོགས་ཡོངས་ལ་འབྱུང་སླ་བའི་ནད་རིགས་ཤིག་ཡིན་པས།གཞུང་ལུགས་ལྟར་ན་ཆམ་རིམས་ཀྱི་འགོག་སྨན་ནི་མི་ཡོངས་རྫོགས་ལ་རྒྱག་དགོས་པ་ཞིག་རེད།ནང་སྒོས་སུ་རྒན་པ་དང་བྱིས་པ།ནད་པ།དབང་བོ་སྐྱོན་ཅན།སྦྲུམ་མ།སྨན་བཅོས་མི་སྣ་སོགས་ལ་ངེས་པར་དུ་རྒྱག་དགོས།སྨན་བཅོས་མི་སྣའི་ལས་ཀ་ལྕི་བར་མ་ཟད་དུས་ཚོད་ལྟར་ངལ་གསོ་བྱེད་མི་ཐུབ་པས།རིམས་འགོག་ནུས་པར་གནོད་འཚེ་ཐེབས་ཡོད་པ་རེད།དེ་ལས་ཀྱང་གལ་ཆེ་བ་ནི་ཁོ་ཚོ་རྒྱུན་དུ་ཆམ་རིམས་ནད་པ་དང་ཡང་ན་ནད་པ་གཞན་དག་ལ་འབྲེལ་འདྲིས་བྱེད་དགོས་པས།ནད་རིགས་སྣ་ཚོགས་འགོ་སླ་བའམ་ཡང་ན་ནད་ཀྱི་འགོ་ཁུངས་སུ་འགྱུར་སླ་བ་རེད།དེ་བས་སྨན་བཅོས་མི་སྣར་ངེས་པར་དུ་ཆམ་རིམས་འགོག་སྨན་རྒྱག་དགོས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1