མཚོ་ནུབ་ཀྱི་གནམ་གྲུ་འབབ་ཐང་གསུམ་གྱིས་ལམ་ཐིག་ཐུང་བའི་ཕར་འགྲོ་ཚུར་འོང་གི་མགྲོན་པོ་ཁྲི་གཅིག་སྐྱེལ་འདྲེན་ལེགས་འགྲུབ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-26



          ཉེ་ཆར།  མཚོ་སྔོན་དམངས་བསྐྱོད་མཁའ་འགྲུལ་ནས་རྒྱུས་ལོན་བྱས་པ་ལྟར་ན།  རང་ཁུལ་གྱི་གཏེར་ལེན་ཁ་དང་། ན་གོར་མོ། ཧྭ་ཐུའུ་འགག་གནམ་གྲུ་འབབ་ཐང་ནས་ལམ་ཐིག་ཐུང་བའི་ཕར་འགྲོ་ཚུར་འོང་གི་མགྲོན་པོ་ཁྲི་གཅིག་སྐྱེལ་འདྲེན་ལེགས་འགྲུབ་བྱུང་།
          རྟེན་འབྲེལ་མཛད་སྒོ་གཏེར་ལེན་ཁ་གནམ་གྲུ་འབབ་ཐང་ནས་སྤེལ། ཁུལ་དཔོན་གཞོན་པ་གཡང་ཡོངས་གྲུབ་དང་ནུབ་རྒྱུད་གནམ་གྲུ་སྡེ་ཚོགས། མཚོ་སྔོན་གནམ་གྲུ་སྐྱེལ་འདྲེན་ཀུང་ཟི་སོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་གཏེར་ལེན་ཁ་གནམ་གྲུ་འབབ་ཐང་གི་ལས་བྱེད་ལས་བཟོ་བ་ཡོངས་ཐེངས་འདིའི་བྱ་འགུལ་ནང་ཞུགས། མཛད་སྒོའི་སྟེང་།  ཧ་ཞ་མཁའ་འགྲུལ་ཀུང་ཟིའི་སྤྱི་གཉེར་བ་གཞོན་པལའོ་ཧྲན་གིས་མགྲོན་པོ་ཁྲི་གཅིག་པ་ལ་རིན་མེད་གནམ་གྲུའི་པ་སེ་གནང་།

          ཧ་ཞ་མཁའ་འགྲུལ་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལའོ་ཧྲན་གིས་བཤད་རྒྱུར། མགྲོན་པོ་ཁྲི་གཅིག་སྐྱེལ་འདྲེན་བྱས་པ་ནི་གྲངས་ཀ་མང་པོ་ཞིག་མིན་ནའང་། ཀྲུང་གོའི་ལམ་ཐིག་ཐུང་བའི་སྐྱེལ་འདྲེན་ལ་མཚོན་ན་དཔེ་མཚོན་རང་བཞིན་ལྡན་པའི་དོན་དག་ཅིག་ཡིན། མ་འོངས་པའི་ལོ་གཅིག་གི་ནང་འདི་ལས་ལྷག་པའི་འབྲས་བུ་ལྡན་པར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར། དམངས་བསྐྱོད་མཁའ་འགྲུལ་ཅུའུ་ཡི་འཕེལ་རྒྱས་ཀྱི་འདུ་ཤེས་ལྟར། མཚོ་སྔོན་གནམ་གྲུ་སྐྱེལ་འདྲེན་ཀུང་ཟི་དང་མཚོ་ནུབ་ཁུལ་སྲིད་གཞུང་གིས་ད་ལོའི་ཟླ་བདུན་པའི་ཚེས་བཅུ་ཉིན་ནས་བཟུང་མཚོ་ནུབ་ཀྱི་གནམ་གྲུ་འབབ་ཐང་གསུམ་ནས་ལམ་ཐིག་ཐུང་བའི་ཕར་འགྲོ་ཚུར་འོང་གི་མགྲོན་པོ་སྐྱེལ་འདྲེན་བྱེད་མགོ་བརྩམས་ཤིང་།རྒྱལ་ཡོངས་ཀྱི་མཐོ་སྒང་གནམ་གྲུ་འབབ་ཐང་དང་ནུབ་བྱང་ས་གནས་ཀྱི་ལམ་ཐེག་ཐུང་བའི་མགྲོན་པོ་སྐྱེལ་འདྲེན་བྱེད་པ་མངོན་འགྱུར་བྱུང་པས། རང་ཞིང་ཆེན་གྱི་ཡན་ལག་མཁའ་འགྲུལ་འཕེལ་རྒྱས་ལ་དགེ་མཚན་མང་པོ་བསྐྲུན།

          ལས་གཞི་འདི་འཁོར་བསྐྱོད་བྱས་པ་ནས་བཟུང་། གནམ་གྲུ1342ཤར་གཏོང་བྱས་ཤིང་བདེ་འཇགས་ལག་བསྟར་བྱས་ཚད་བརྒྱ་ཆའི91དང་མི་ཐེངས་ཁྲི་གཅིག་ཆིག་བརྒྱ་ཞེ་དྲུག་ལ་སླེབས་པ་དང་ཆ་སྙོམས་སྐུ་མགྲོན་བརྒྱ་ཆའི94་ལ་སླེབས། གནམ་གྲུ་འཛིན་བྱང་ཉོ་འཚོང་མཐོ་རླབས་སུ་སླེབས་པས་ཞིང་ཆེན་ཚོང་ར་ལས་རིགས་སྔར་ལས་ཇེ་མཐོར་ཕྱིན། མཁའ་ལམ350ཉིན་རེར་གནམ་གྲུ་གཏོང་ཐེངས་བརྒྱད་དང་ཆ་སྙོམས་ཉིན་རེར་དུས་ཚོད་དགུའི་དུས་ཡུན་ལ་ཤར་གཏོང་བྱས་ཤིང་། འདི་ནི་མཐོ་སྒང་གི་གནམ་གྲུ་འབབ་ཚིགས་ཐོག་མ་ཡིན་ལ། འཕུར་བསྐྱོད་ཆེས་རིང་བ་དང་བེད་སྤྱོད་རིན་ཐང་ཆེས་ཆེ་བའི་འཛམ་གླིང་ཟིན་ཐོ་བསྐྲུན་ཡོད།  

          སྐུ་མགྲོན་ཆན་ཧྭ་ཆིན་གྱིས་བཤད་རྒྱུར། སྔོན་ཆད་ང་རང་ཁ་ལོ་བ་ཞིག་ཡིན་པ་དང་ན་གོར་མོ་རུ་འགྲོ་ན་དུས་ཚོད་བཞི་ལྔ་ཡས་མས་དགོས་ཤིང་། ད་ལྟ་སྐར་མ་བཞི་ཅུ་ནས་ལྔ་བཅུའི་བར་ཐོན་ཐུབ་པས། ཧ་ཅང་སྟབས་བདེ་རེད། ཧི་པའེ་ཀྲུང་གོའི་350རྟགས་ཅན་གྱི་གནམ་གྲུའི་ཀྲའོ་ཙོ་ཞིན་གྱིས་བཤད་རྒྱུར། མཐོ་སྒང་དང་གཞོང་སའི་གནམ་གྲུ་ཤར་གཏོང་ཁ་ལོ་བ་སྤུས་ཚད་ཧ་ཅང་མཐོ་ཞིང་། རྨིད་སྟོང་གསུམ་ཡན་གྱི་མཐོ་སྒང་ཤར་གཏོང་གནམ་གྲུ་དང་གཞོང་སའི་གནམ་གྲུ་ཤར་གཏོང་ལ་ཁྱད་པར་ཆེན་པོ་ཡོད་ངེས། དེ་བས་མཐོ་སྒང་གནམ་གྲུ་ཤར་གཏོང་ལ་དཀའ་སྡུག་ཆེན་པོ་ཡོད་སྲིད།

          ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་ཁུལ་གྱིས་ལངས་གཟུགས་འགྲིམ་འགྲུལ་ཆེན་མོའི་དྲ་རྒྱ་བཞེངས་སྐྲུན་བྱས་པ་དང་དམངས་གཉེར་མཁའ་བསྐྱོད་ལས་རིགས་འཕེལ་རྒྱས་ལ་གྲུབ་འབྲས་མི་དམན་པ་བླངས་ཤིང་། ད་ལོར་གནམ་གྲུ་འབབ་ཚིགས་གསུམ་པའི་སྐུ་མགྲོན་མི་ཐེངས་བསྡོམས་པའི་འབུམ་བཞི་ཁྲི་གཅིག་ལ་སླེབས་པ་དང་ཐོན་སྐྱེད་སྐྱེད་འདྲེན་རིམ་འཕར་བྱུང་། གནམ་གྲུ་འབབ་ཚིགས་གསུམ་པའི་འཁོར་བསྐྱོད་རྣམ་པ་གསར་སྐྲུན་མངོན་འགྱུར་དང་ས་གནས་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་འཐུས་ཚང་། ས་གནས་དཔལ་འབྱོར་སྙོམས་སྒྲིག་ལ་སྐུལ་འདེད་བྱས་པ་དང་རྒྱལ་ཁབ་ཀྱི་གནད་ཕིགས་དབུལ་སྐྱོར་འཐབ་ཇུས་ལ་རྒྱབ་སྐྱོར་དང་རྒྱལ་ཁབ་བདེ་འཇགས་སོགས་ཀྱི་ཕྱོགས་ལ་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་ནུབ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1