གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༢༧ཉིན།

ཀྲུང་གོའི་སྦི་རག་དུས་ཆེན་ཨ་ཧྥེ་རི་ཁའི་མཚོ་འགྲམ་གྲོང་ཁྱེར་དུ་གཉེར་བ།

 
     ཉིན་ཤས་གོང་། ཆིང་ཏའོ་སྦི་རག་ཚོགས་པས་གཙོ་གཉེར་བྱས་པའི“བྲོ་ཞིམ་ཆིང་ཏའོ་སྦི་རག འཛམ་གླིང་སྐྱེ་བོ་ཀུན་གྱིས་མཉེས་དག་གནང་དང་། དར་གོས་ལམ་བུར་ཆིང་ཏོའི་སྦི་རག་གི་དྲི་བསུང་འཐུལ”ཞེས་པ་ལི་པེ་རི་ཡའི་ས་ཚིགས་དང་པོའི་བྱེད་སྒོ་སྤེལ་ནས་ས་གནས་དེ་གའི་དམངས་ཚོགས་དང་ཡུལ་སྐོར་བར་སྤྲོ་སྣང་དང་ཡ་མཚན་ལྡན་པའི་རིག་གནས་ཉམས་ལེན་གྱི་སྟོན་མོ་ཞིག་བཤམས་པ་རེད། དེ་རྗེས་ད་དུང་བྱེད་སྒོ་དེས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་མང་པོར་བྱེད་སྒོ་དེ་སྤེལ་རྒྱུ་རེད།
     སྦི་རག་འཐུང་རྒྱུར་དགའ་བའི་གཡོད་ཧན·ཝ་ཐ་ཁན་མུའུ་པའེ་སྔ་ས་ནས་སྦི་རག་དུས་ཆེན་གཉེར་ཡུལ་དུ་ཡོང་ཞིང་། ཁོང་གིས“ཉིན་ཤས་གོང་ནས་སྦི་རག་དུས་ཆེན་གཉེར་བའི་སྐོར་ཐོས་པས། ངས་རེ་སྒུག་ཆེན་པོ་བྱས་པ་ཡིན། འདི་གར་ཡོང་ནས་རབ་དགའི་རོལ་རྩེད་དུས་ཆེན་བཞིན་གྱི་འཁྲུག་ཆ་དོད་པའི་རྣམ་པ་ཉམས་སུ་མྱོང་རྒྱུ་བྱུང་བས་དངོས་གནས་ཡག་པོ་འདུག སྦི་རག་དུས་ཆེན་ཐོག་འཁྲབ་པའི་ལེ་ཚན་གྱིས་ངའི་མཐོང་རྒྱ་ཆེ་རུ་ཕྱིན་སོང”ཞེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་བྱུང་།
     གསར་འགོད་པའི་པར་ཆས་ལ་ཕྱོགས་བཞིན་དེ་ཁུལ་སུ་འགྱིག་དམ་ཆུ་འཚོང་མཁན་ཝི་ཉི·ཅི་ཐོས་དགའ་ཚོར་ཆེན་པོའི་ངང“ཉིན་དེ་གཉིས་ནང་ཆུ་མང་པོ་བྲིན་སོང་། གང་ཡིན་ཟེར་ན་སྦི་རག་དུས་ཆེན་ལ་ཡོང་མཁན་ཚང་མ་སྦི་རག་འཐུང་མཁན་མིན་པ་དང་། མི་ཁག་གཅིག་སྦི་རག་དུས་ཆེན་ཐོག་འཁྲབ་སྟོན་པ་གྲགས་ཅན་ལ་ལྟ་བ་དང་སྤྲོ་སྣང་གི་རྣམ་པ་ཉམས་སུ་མྱོང་དུ་ཡོང་བ་ཡིན་པས་རེད། དངོས་གནས་དུས་ཆེན་འདི་འདྲ་ཟླ་རེར་ཐེངས་རེ་གཉེར་ན་བསམ་གྱི་འདུག”ཅེས་བརྗོད་པ་རེད།
     སྦི་རག་དུས་ཆེན་གཉེར་ཡུལ་དུ་ཆིང་ཏའོ་སྦི་རག་ཚོགས་པ་ཕྱི་རྒྱལ་ལས་སྒོ་སྤྱི་ཁྱབ་པུའི་ཨ་ཧྥེ་རི་ཁ་ཁུལ་གྱི་ཅིང་ལི་ཤིང་ཀྲི་ཏུང་གིས། ཆིང་ཏའོ་སྦི་རག་དུས་ཆེན་ལི་པེ་རི་ཡར་བདེ་བླག་ངང་གཉེར་བ་དེས་སླད་ཕྱིན་སྦི་རག་དུས་ཆེན“དར་གོས་ལམ་བུའི”རྒྱུད་དུ་གཉེར་རྒྱུར་འགོ་ཡག་པོ་ཚུགས་ཡོད། སྦི་རག་དུས་ཆེན་ནང་ཀྲུང་ལི་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་དང་དེང་དུས་དར་སྲོལ་གྱི་གཞི་རྒྱུ་མཉམ་དུ་འདུས་པ་དེ་ཕྱོགས་གཉིས་པོས་ཚོང་ལས་དང་ཡུལ་སྐོར་གྱི་མཉམ་ལས་བྱ་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།
     ལན་སི·ཀོ་པ་ཡོང་ཀང་གིས། ལི་པེ་རི་ཡར་ཐུན་མོང་མ་ཡིན་པའི་རིག་གནས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པས། ཆིང་ཏའོ་སྦི་རག་དུས་ཆེན་དེ་ལི་ཀྲུང་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ཚོང་ལས་ཀྱི་མཉམ་ལས་ལས་སྟེགས་གསར་པར་འགྱུར་རྒྱུའི་རེ་བ་ཡོད། ང་ཚོས་ཀྲུང་གོའི་གྲོང་ཁྱེར་གྱི་ཚོང་ལས་ཡུལ་སྐོར་གསར་སྤེལ་གྱི་ཉམས་མྱོང་སློབ་སྦྱོང་བྱས་ནས་ལི་པེ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1