“ཀྲུང་གོར་ཚོར་རྟོགས། མཛེས་པའི་མཚོ་སྔོན།”ཞེས་པ་ཁུ་པའི་ཧ་ཝ་ནར་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-30


སྐུ་མགྲོན་གྱིས་པར་རིས་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཀྲུང་གོར་ཚོར་རྟོགས། མཛེས་པའི་མཚོ་སྔོན།”—ཀྲུང་གོའི་མཚོ་སྔོན་མི་རིགས་རིག་གནས་སྒྱུ་རྩལ་འགྲེམ་གཟིགས་འཁྲབ་སྟོན་ཞེས་པ་ཚེས་23ཉིན་ཁུ་པའི་རྒྱལ་ས་ཧ་ཝ་ནའི་ཀྲུང་གོའི་གྲོང་མཁར་གྱི་ཀྲུང་གོའི་སྒྱུ་རྩལ་དང་སྲོལ་རྒྱུན་གྱི་ཕ་ཁྱིམ་ཞེས་བྱ་བར་སྤེལ་ཞིང་། ས་གནས་དེ་གའི་མང་ཚོགས་དང་ཕྱིར་སྡོད་ཀྲུང་གོ་བ་མང་པོའི་ཡིད་དབང་བཀུག 
 
ཐང་གའི་སྒྱུ་རྩལ་མཁས་ཅན་ཆོས་གྲགས་ཀྱིས་ཡུལ་དངོས་ནས་ཐང་ག་འབྲི་བཞེངས་གནང་བཞིན་པ།
         ཐེངས་འདིའི་འགྲེམ་གཟིགས་འཁྲབ་སྟོན་ནང་དུ་མཚོ་སྔོན་ཀྱི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་འདྲིས། ཉེ་བའི་ལོ་འགའི་རིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་མཚོན་པའི་པར་རིས་200དང་། སྤུས་ལེགས་ཀྱི་ཐེངས་ཀ་20འགྲེམ་སྟོན་བྱས་ཤིང་། མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་མཁས་ཅན་ཆོས་གྲགས་ཀྱིས་ཡུལ་དངོས་ནས་ཐང་ག་བཞེངས་ཚུལ་ངོ་སྤྲོད་བྱས། འགྲེམ་གཟིགས་འཁྲབ་སྟོན་གྱི་དབུ་འབྱེད་མཛད་སྒོར་མཚོ་སྔོན་གྱི་སྤྱི་ཚོགས་རིག་གནས་ངོ་སྤྲོད་པའི་དངོས་བཤུས་གློག་བརྙན་ཡང་བསྟན། གཙོ་སྒྲུབ་ཕྱོགས་ཀྱིས་གཟིགས་འབུལ་བྱས་པའི་ཁ་བཏགས་དང་དམངས་ཁྲོད་ཀྱི་གཙེག་དྲུབ་སྤོས་ཁུག་ལ་ལྟད་མོ་བའི་དགའ་མོས་ཆེན་པོ་ཐོབ། 
 
ཐང་གའི་སྒྱུ་རྩལ་མཁས་ཅན་ཆོས་གྲགས་ཀྱིས་སྐུ་མགྲོན་ལ་ཐང་གའི་འབྲི་ལུགས་ངོ་སྤྲོད་གནང་བཞིན་པ།
         ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཞིང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རིན་སུང་ཅང་ཐའོ་ཡིས། ཐེངས་འདིའི་འགྲེམ་གཟིགས་འཁྲབ་སྟོན་ཐོག་མར་མཚོ་སྔོན་ནས་ཁ་རི་བྷཱེན་ཡུལ་དུ་སླེབས་པ་ཡིན་པས། ཁུ་པའི་མི་དམངས་ལ་དངོས་ཡོད། རང་བྱུང་། བརྗིད་ཉམས་དང་ངོ་མཚར་ལྟ་ན་སྡུག་པའི་མཚོ་སྔོན་གསལ་སྟོན་བྱ་བ་གཙིགས་སུ་བཟུང་ཡོད། ཁུ་པའི་མི་དམངས་ཀྱིས་སྔར་ལས་ལྷག་པར་ཀྲུང་གོར་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། ཀྲུང་ཁུ་ཕན་ཚུན་བརྗེ་རེས་སློབ་སྦྱོང་བྱ་བར་སྐུལ་འདེད་དང་། མཛའ་བརྩེ་ཤུགས་སྣོན། རྒྱལ་ཁབ་གཉིས་ཀའི་རིག་གནས་སྒྱུ་རྩལ་ཐུན་མོང་གིས་གོང་འཕེལ་ཡོང་བར་སྐུལ་འདེད་བཅས་གཏོང་དགོས་ཞེས་བསྟན། 
 
སྐུ་མགྲོན་གྱིས་པར་རིས་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།
         ཧ་ཝ་ན་ཞིང་ཆེན་སྲིད་གཞུང་གི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་སི་ཡི་སི་ཀྲང་ཧྥེ་ལི་ཁུ་སི•མེ་ཞི་ཡ་སི་ཡིས། ཐེངས་འདིའི་འགྲེམ་གཟིགས་འཁྲབ་སྟོན་སྟེང་། ཧ་ཝ་ན་མི་དམངས་ཀྱིས་བར་ཐག་ཉེ་བའི་སྒོ་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་དང་། རིག་གནས་སྣ་མང་ཉམས་སུ་མྱོང་ཐུབ་པ་བྱུང་བས། འདི་དང་ཆ་འདྲ་བའི་རིག་གནས་བརྗེ་རེས་བྱ་འགུལ་དེ་བས་མང་པོ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་རྒྱུས་ལོན་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཅེས་ཟེར། 
 
སྐུ་མགྲོན་རྣམས་ཀྱིས་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ།
         “ཀྲུང་གོར་ཚོར་རྟོགས། མཛེས་པའི་མཚོ་སྔོན།”ཞེས་པའི་འགྲེམས་གཟིགས་འཁྲབ་སྟོན་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མིག་སྔར་ཕེ་རུའི་ཁུ་ཟོ་ཁོར་སྤེལ་ཟིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1