ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-30



           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་37པ་དང་། ཨང་38པ། ཨང་39པ། ཨང་40པ། ཨང་41པ། ཨང་42པ་བཅས་ལ་མཚན་རྟགས་བཀོད་གནང་བ་རེད།
           ཀྲུའུ་ཞིའི་བཀའ་རྒྱ་ཨང་37པའི་ནང་།༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངུལ་འཛིན་བཅའ་ཁྲིམས་༽ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་15པས་སྤྱི་ལོ་2019ལོའི་ཟླ་12ཚེས་28ཉིན་བཟོ་བཅོས་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ་2020ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
           ཀྲུའུ་ཞིའི་བཀའ་རྒྱ་ཨང་38པའི་ནང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་སྐུལ་འདེད་བཅའ་ཁྲིམས་༽ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་15པའི་ཐོག་སྤྱི་ལོ་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ་2020ལོའི་ཟླ་6པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
           ཀྲུའུ་ཞིའི་བཀའ་རྒྱ་ཨང་39པའི་ནང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས་༽ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་15པས་སྤྱི་ལོ་2019ལོའི་སྤྱི་ཟླ་12པའི་ཚེས་28ཉིན་བཟོ་བཅོས་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ་2020ལོའི་ཟླ་7པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
           ཀྲུའུ་ཞིའི་བཀའ་རྒྱ་ཨང་40པའི་ནང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་༽ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་15པའི་ཐོག་སྤྱི་ལོ་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ་2020ལོའི་ཟླ་7པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
           ཀྲུའུ་ཞིའི་བཀའ་རྒྱ་ཨང་41པའི་ནང་། ༼རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐའེ་ཝན་སྤུན་ཟླའི་མ་འཇོག་སྲུང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་༽ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་15པའི་ཐོག་སྤྱི་ལོ་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
           ཀྲུའུ་ཞིའི་བཀའ་རྒྱ་ཨང་42པའི་ནང་། ༼རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྡུ་ཉར་སློབ་གསོའི་ཁྲིམས་ལུགས་ཀྱི་གཏན་འབེབས་དང་ལམ་ལུགས་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་༽ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་15པའི་ཐོག་སྤྱི་ལོ་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ་2019ལོའི་ཟླ་12པའི་ཚེས་29ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1