ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 12-30


           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་12ཚེས་26དང་27ཉིན“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་12ཚེས་26དང་27ཉིན“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 
           ■ ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས་ཡིན་པས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས་ཏང་ཡོངས་ལ་མིག་དཔེ་འདོན་དགོས། 
           ■ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟམ་མི་ཆད་པར་འཕེལ་རྒྱས་དང་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད།
           ■ ད་བར་རང་རེའི་ཏང་ལ་ཐོབ་པའི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། དེའི་རྩ་བའི་རྒྱུ་རྐྱེན་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པས་རེད། ཐོག་མའི་བསམ་འདུན་མ་བརྗེད་ན་རྒྱང་རིང་དུ་བརྟན་པོའི་ངང་སྐྱོད་ཐུབ་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་ན་གཞི་ནས་འབྱུང་འགྱུར་གཏོད་ཐུབ། 
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་12ཚེས་26དང་27ཉིན“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་རྐང་དེར་དམ་པོར་དམིགས་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོ་དེར་དམིགས་པ། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་ལ་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་ལ་དམིགས་པ། “ཞིབ་བསྡུར་བཞི”དང“བཙལ་འཚོལ་བཞིའི”བླང་བྱར་གཞིགས་པ། བསམ་བློ་སྤེལ་རེས་དང་། གནད་དོན་ལ་ཞིབ་ལྟ། དབྱེ་ཞིབ་གཏིང་ཟབ་བཅས་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
           ཚོགས་འདུ་མ་འཚོག་གོང་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་ཤོད་རེས་གནང་ནས་བརྟག་ཞིབ་དང་བསམ་གཞིག་གནང་སྟེ་གཏམ་བཤད་ཀྱི་དཔྱད་གཞི་བྲིས་གནང་བ་རེད། ཚོགས་འདུའི་ཐོག་དང་ཐོག《2019ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ》དང《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་གནང་བ་རེད། དེ་རྗེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རེ་རེ་བཞིན་གྱིས་གཏམ་བཤད་གནང་བ་དང་། བླང་བྱ་གཞིར་བཟུང་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད།
           ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གཤམ་གསལ་གྱི་གནད་དོན་ཕྱོགས་ཁག་བདུན་ལ་གཙོ་གནད་ཐོག་དམིགས་ནས་གཏམ་བཤད་གནང་བ་སྟེ། གཅིག་ནས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བའི་སྐོར་དང་། གཉིས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པའི་སྐོར། གསུམ་ནས་འགན་འཁྲི་ལག་བསྟར་དང་ལས་འགན་ཧུར་ཐག་སྒྲུབ་པའི་སྐོར། བཞི་ནས་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་བ་དང་དམངས་ལ་ཞབས་འདེགས་ཞུས་པའི་སྐོར། ལྔ་ནས་ལམ་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་པའི་སྐོར། དྲུག་ནས་དབང་སྤྱོད་དྲང་གཞག་དང་སྤྱོད་གཙང་གཞུང་དྲང་བྱས་པའི་སྐོར། བདུན་ནས་ཁག་བགོས་ལས་དོན་དང་ཐ་ན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་རང་བཞིན་གྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ནས་བསམ་གཞིག་དང་བསམ་ཚོད་གླེང་བ་བཅས་རེད།
           ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་21པའི་མར་ཁེ་སི་རིང་ལུགས་ཡིན་པས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས་ཏང་ཡོངས་ལ་མིག་དཔེ་འདོན་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདིར་མུ་མཐུད་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གསར་ཤོས་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་བླངས་ནས། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཆབ་སྲིད་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། དད་སེམས་བརྟན་དུ་དང་ཐོག་མའི་བསམ་འདུན་ལ་ཞུན་བརྡར་ཟམ་མི་ཆད་པར་བྱེད་པ། རང་ངོས་སྒྱུར་བཀོད་དང་རང་ངོས་དྭངས་གཙང་ཡོང་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་ཆེད་དུ་ལས་དོན་དེ་བས་ལེགས་པ་སྒྲུབ་དགོས། ལྷག་དོན་དུ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། སྒྱུར་འཕེལ་བརྟན་གསུམ་སོགས་ཀྱི་ལས་དོན་ཁག་དང་འབྲེལ་བ་དམ་ཟབ་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་ཟུང་འབྲེལ་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལས་དོན་ཧུར་ཐག་སྒྲུབ་དགོས།
           ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟམ་མི་ཆད་པར་འཕེལ་རྒྱས་དང་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། དེང་གི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་རྙོག་འཛིང་ཆེ་བའི་རྒྱལ་ཕྱི་རྒྱལ་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཕྱོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོ་དང་། སྤྱི་ཡོངས་ལ་གཅིག་འདོམས། ཐབས་ཇུས་འདིང་བ། བཀོད་འདོམས་གནད་འཁེལ་བཅས་ཀྱི་ཐོག་ནས་ཚན་རིག་དང་མཐུན་པའི་བརྡར་ཤ་གལ་ཆེན་རབ་དང་རིམ་པ་བཅད་གནང་བ་དང་། འཐབ་ཇུས་དང་མཛད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་གནང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་དུ་མ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་པར་འགོ་ཁྲིད་གནང་བ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དེ་ཐོག་ནས་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། མི་དམངས་ཀྱི་གཙོ་འཛིན་གྱི་དམངས་ཆེད་ཀྱི་བརྩེ་སེམས་ཟབ་མོ། མར་ཁེ་སི་རིང་ལུགས་ཆབ་སྲིད་མཁས་ཅན་གྱི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་གནང་སྟངས་བཅས་མཚོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། འགན་འཁྲི་ཁུར་ཕོད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དེ་བས་ལེགས་པར་སྒྲུབ་དགོས།
           ཚོགས་འདུའི་ཐོག་ནན་བཤད་གནང་དོན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་ཉེར་ཡོད་པ་དང་ཏག་ཏག་འཁེལ་བས། དུས་ཚོད་ཀྱི་གདམ་ག་ཡང་དག་པ་དང་། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་བྱུང་བས། གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཐད་ཕན་འབྲས་གསར་པ་ཐོབ་ནས་ཡིད་ཆེས་ཟབ་མོ་དང་ཤེས་སྦྱོར་གཅིག་མཐུན་གྱི་འཇོན་ཐང་ཆེ་རུ་ཕྱིན་པ་དང་། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་ཁུར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟབ་ཏུ་ཕྱིན་པ། 
           ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་འཕེལ་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཐེབས་པ། མང་ཚོགས་ཀྱིས་འཕྲལ་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བྱེད་པ་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ནུས་ལྡན་བྱུང་བ། ཧེ་བག་འཚོལ་བ་དང་། དོན་འཁྱོལ་ལ་དམ་འཛིན། མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱེད་པའི་ངོས་འཛིན་ཟབ་ཏུ་ཕྱིན་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ལེགས་སུ་ཕྱིན་ཡོད། དེའི་ཐད་རྒྱ་ཆེའི་མང་ཚོགས་ཀྱི་ཁས་ལེན་གང་ལེགས་དང་ཏང་ཕྱི་ནང་གི་གདེང་འཇོག་བཟང་པོ་ཐོབ་ཡོད།
           ཚོགས་འདུའི་ཐོག་བསྟན་དོན། རང་རེའི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་འཆར་ཉེར་ཡོད་པ་དང་། ད་བར་རང་རེའི་ཏང་ལ་ཐོབ་པའི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། དེའི་རྩ་བའི་རྒྱུ་རྐྱེན་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པས་རེད། ཐོག་མའི་བསམ་འདུན་མ་བརྗེད་ན་རྒྱང་རིང་དུ་བརྟན་པོའི་ངང་སྐྱོད་ཐུབ་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་ན་གཞི་ནས་འབྱུང་འགྱུར་གཏོད་ཐུབ། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རང་གཤིས་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་རྒྱུན་འཁྱོངས་བྱེད་པར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ཏང་འཛུགས་སྐྱོང་གི་འགྱུར་མེད་ཀྱི་དོན་གཉེར་བྱ་གཞི་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་དོན་གཉེར་བྱ་གཞིར་བརྩིས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སེམས་དབུས་སུ་བརྟན་པོ་ཟུག་པ་དང་བསམ་བློའི་གཏིང་དུ་རྩ་བ་ཚུགས་པ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཐད་ཏང་ཡོངས་སུ་དེ་བས་མིག་དཔེ་འདོན་པ་དང་དཔེ་སྟོན་བྱེད་དགོས།
           ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་ལ་ཕྱོགས་སྡོམ་གནང་བ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། གཞི་རིམ་ལ་དཀའ་རྙོག་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་པའི་ཐད་བླང་བྱ་བཏོན་གནང་ཞིང་། ཁོང་གིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཧ་ཅང་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་ཕན་འབྲས་བཟང་པོ་ཐོན་ཡོད། ཚང་མས་སྔོན་ཚུད་ནས་གྲ་སྒྲིག་ཚགས་ཚུད་བྱས་པས། གླེང་བའི་ངོས་འཛིན་དང་མྱོང་ཚོར་གཏིང་ཟབ་པ་དང་དྲང་པོ་དྲང་གཞག་བྱུང་བ་དང་། གནད་དོན་དང་མི་འདང་བའི་ཆ་འཚོལ་སྐབས་བཤད་མི་ནུས་པ་དང་སྦ་གསང་མ་བྱས་པར་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་གནད་དོན་ལ་ཐད་ཀར་གཏུགས་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་སྐབས་དྲང་པོ་དྲང་གཞག་བཤད་པ། ལས་དོན་ལ་གྲོས་འགོ་བཏོན་པ་དངོས་ཐོག་བདེན་འཚོལ་བཅས་བྱས་ཏེ་གྲུབ་འབྲས་ཕྱོགས་སྡོམ་དང་། བསམ་བློ་སྤེལ་རེས། གནད་དོན་ལ་ཞིབ་ལྟ། ཁ་ཕྱོགས་གསལ་སྟོན་བཅས་བྱུང་བས། སྔོན་དཔག་གི་དམིགས་ཚད་འགྲུབ་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་གསུངས་དོན། ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་དང་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་གྱི་ངོ་བོའི་བླང་བྱ་ཞིག་རེད། གུང་ཁྲན་ཏང་མིས་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་ཞིག་བཙུགས་ན་གཞི་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཐུབ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་ངེས་སྦྱོང་སློབ་ཚན་དང་རྒྱུན་སྦྱོང་སློབ་ཚན་ལ་བརྩིས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་སེམས་སུ་འཆང་བ་དང་བརྟན་སྲུང་བྱེད་པ་དང་། དུས་ཐོག་ཏུ་ཡོ་བསྲང་དག་བཅོས་དང་མི་འདང་བའི་ཆ་གསབ་པ། ཕུགས་བསམ་དང་དད་སེམས་ཀྱི“གཅུས་སྒོ་ཨ་མ”སྟངས་འཛིན་ནན་པོ་བྱེད་པ། ཡིན་མིན་ཆེན་པོའི་གནད་དོན་གྱི་མདུན་དུ་དར་ཆ་གསལ་སྟོན་དང་ཚོད་བགམ་དྲག་པོའི་མདུན་དུ་སྐྲག་སྣང་གཏན་ནས་མེད་པ། བསླུ་བྲིད་སྣ་ཚོཌ་ཀྱི་མདུན་དུ་ལངས་ཕྱོཌ་བརྟན་པོ་བཅས་བྱས་ཏེ་འགག་རྩའི་དུས་སུ་ཏང་གིས་ཡིད་ཆེས་བྱེད་ཆོག་པ་དང་། བློས་འགེལ་ཆོག་པ། བློ་བདེ་པོ་ཡོང་བ་བཅས་བྱེད་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་སུའི་ཆེད་དུ་ཡིན་པ་དང་སུ་ལ་བརྟེན་དགོས་མིན་གྱི་གནད་དོན་ཞིག་རེད། མི་སེར་གྱིས་བསམས་པ་སེམས་སུ་འཛིན་པ་དང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱ་རྒྱུ་ནི་ཏང་གི་ཐོག་མའི་བསམ་འདུན་ཡིན་ལ། འགྱུར་མེད་ཀྱི་བསམ་འདུན་ཡང་རེད། གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། ལས་དོན་སྒྲུབ་པ་བཅས་བྱེད་སྐབས་ངེས་པར་དུ་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ལངས་དགོས་པ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་ནས་མང་ཚོགས་ཀྱི་བསམ་འཆར་དང་རེ་བ་དང་སྐྱོན་བརྗོད་དང་གྲོས་འགོ་ཤེས་རྟོགས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱི་སྒོ་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་ཀྱི་འཁང་ར་སེལ་བ། དམངས་སེམས་དྲོ་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་གང་ལེགས་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་ཡོང་བ་བྱེད་དགོས།
           ཞི་ཅིན་ཕིང་གིས་བསྟན་དོན། ལས་བྱེད་པ་བྱས་ཚེ་འགན་སེམས་ཡོད་དགོས་པ་དང་འགན་སེམས་ཇི་ཙམ་ཆེ་ན་བྱ་གཞག་ཀྱང་དེ་ཙམ་གྱིས་ཆེན་པོ་སྒྲུབ་ཐུབ་པ་དང་། འགན་འཁྲི་ཇི་ཙམ་ཁུར་ན་གྲུབ་འབྲས་ཀྱང་དེ་ཙམ་གྱིས་ཆེ་བ་ཐོབ་སྲིད། མིག་སྔར་སྤྱི་ཡོངས་ནས་བལྟས་ཚེ་ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག་གི་བསམ་པའི་ཉམས་འགྱུར་ཡག་པོ་ཡོད་མོད། འོན་ཀྱང་ཏང་ཡོན་ཁག་གཅིག་དང་ལས་བྱེད་པ་ཁག་གཅིག་ལ་དགོས་པའི་ལས་མི་བྱེད་པ་དང་ལས་དོན་ནར་འགྱངས་བྱེད་པ་དང་ཐ་ན་མ་ཡིན་ཡིན་མདོག་བྱེད་པའི་གནད་དོན་ཡོད། དེའི་ཐད་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་ཚོས་བདེ་སྡོད་ཉེན་བསམ་གྱི་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་དང་། སྲ་ཞིང་བརྟན་པའི་འཐབ་ཇུས་ཀྱི་ངེས་ཤུགས། འཐབ་རྩོད་བྱེད་ཕོད་པའི་འབད་འབུངས་ཀྱི་རྣམ་འགྱུར་བཅས་ཀྱི་ཐོག་ནས་འགག་སྒྲོལ་བྱེད་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས། ཉེན་ཁ་དང་འགྲན་སློང་གལ་ཆེན་དང་། ལས་ཀའི་དཀའ་གནད་ཆེན་པོ། འགལ་ཟླ་དང་འཐབ་རྩོད་དྲག་པོ་བཅས་འཕྲད་ཚེ་ལམ་སེང་ཞིབ་འཇུག་བྱེད་པ་དང་། སྔོན་ཇུས་འདོན་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་ལས། ཟུར་གཡོལ་དང་། བསྐོར་ནས་འགྲོ་བ་སོགས་གཏན་ནས་བྱེད་མི་རུང་ལ། དེ་བས་ཀྱང་དཔའ་ཞུམ་པ་དང་སྐྲག་སྣང་གཏན་ནས་བྱེད་མི་རུང་།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་གི་འཛམ་གླིང་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་ལ། ཕྱོགས་ཁག་གི་ཉེན་ཁ་དང་འགྲན་སློང་ཡང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་པས། ང་ཚོས་རྒྱལ་ཁབ་ཀྱི་ལམ་ལུགས་འཛུགས་སྐྱོང་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་དེ་བས་འབད་བརྩོན་བྱས་ཏེ། ང་ཚོའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བཅོས་སྐྱོང་གི་ནུས་པར་དེ་བས་ལེགས་པའི་ངང་འགྱུར་བ་བྱེད་དགོས། ལམ་ལུགས་ཀྱི་ཕན་འབྲས་དངོས་ཐོན་པ་བྱེད་པའི་འགག་རྩ་ནི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཐོག་མར་སྣེ་ཁྲིད་རྒྱུ་དེ་ཡིན་པ་དང་། གལ་ཆེ་ཤོས་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་ཐད་སྣེ་ཁྲིད་ཡག་པོ་བྱ་རྒྱུ་དེ་རེད།
           ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་དེ་བས་ཆེད་ལས་ཅན་དང་། ཆེད་མངགས་ཅན། ཞིབ་ཕྲ་ཅན་བཅས་སུ་འགྱུར་ནས་རྒྱལ་ཁབ་བཅོས་སྐྱོང་ནུས་པ་དེ་ང་ཚོས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་ཇུས་བཀོད། སྲིད་ཇུས་བཟོ་བ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་བསྡུས་ནུས་པའི་ཐད་ནས་མངོན་པ་མ་ཟད། ང་ཚོས་ཕྱོགས་ཁག་གི་བྱ་བ་མི་རེ་ངོ་རེ་དང་ལས་དོན་ཁག་ཐག་གཅོད་བྱེད་པའི་ཞིབ་ཕྲའི་འཇོན་ཐང་ནས་ཀྱང་མངོན་གྱི་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་དུས་བབ་ལ་ལྟ་ཞིབ་དང་། སྤྱི་ཡོངས་དོན་གཉེར། དོན་ཆེན་དམ་འཛིན་བཅས་བྱེད་མཁས་པོ་བྱེད་དགོས་པ་དང་དུས་མཚུངས་སྤྱི་ཡོངས་ནས་ཁག་བགོས་དོ་དམ་ཁྱབ་ཁོངས་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་མཁས་པོ་བྱས་ཏེ་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ཞིབ་ཕྲའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། གནད་དོན་དངོས་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་ཞིབ་ཕྲའི་ལས་དོན་རེ་རེ་བཞིན་ལ་སྐུལ་འདེད་བཏང་སྟེ་སྤྱི་ཡོངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་དགོས། བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་དང་། ཁྲིམས་ལྟར་བཅོས་སྒྲིག ཕྱོགས་བསྡུས་བཅོས་སྒྲིག འབྱུང་རྩ་ནས་བཅོས་སྒྲིག་བཅས་ཀྱི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ནས་གཙོ་འགན་འཁུར་བའི་ས་གནས་དང་ཁག་བགོས་དོ་དམ་བྱེད་པའི་ཁྱབ་ཁོངས་དང་སྡེ་ཚན་གྱི་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་གཏོང་མཁས་པོ་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ས་གནས་དང་སྡེ་ཚན་གྱི་ཞིབ་ཕྲའི་ལས་འགན་ལ་འགྱུར་མཁས་པོ་བྱས་ནས་ལས་དོན་ཁྲོད་ཀྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་ལས་དོན་སྤེལ་སྟངས་གཙོ་བོར་བརྩིས་ནས་བསམ་བློ་གཏོང་བ་དང་བྱ་ཐབས་སྤྱད་དེ་ཐག་གཅོད་བྱ་ཐབས་དངོས་བཏོན་ནས་ཏང་ཀྲུང་དབྱང་གིས་འཐབ་ཇུས་བཀོད་སྒྲིག་གནང་བའི་ལས་འགན་ཁག་རེ་རེ་བཞིན་ལ་དམ་འཛིན་ཡག་པོ་བྱེད་དགོས། ལྷག་དོན་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དཀའ་ངལ་ལ་ཁ་གཏད་གཅོག་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བྱེད་དགོས།
           ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་དུས་རྟག་ཏུ་རང་བརྩི་དང་། རང་བརྟག རང་ཟོན། རང་སྐུལ་བཅས་བྱས་ཏེ་རང་གཟབ་དང་། སྔོན་གཟབ། ཆུང་གཟབ། གྲོགས་ཟོན་བཅས་ཐུབ་པ་བྱེད་དགོས། རང་ཉིད་ནས་འགོ་བཙུགས་ཏེ་རྒྱུན་ཆད་མེད་པར་རང་ངོས་དྭངས་གཙང་དང་། བློ་སྦྱོང་རང་གཅུན། སྤྱོད་གཙང་ཁྱིམ་སྐྱོང་བཅས་བྱས་ཏེ་སྤུན་གྲོགས་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ཡག་པོ་བྱེད་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་འགུལ་ངང་ཧེ་བག་དང་མི་འདང་ས་འཚོལ་བ་དང་ལས་དོན་ཡག་པོ་སྒྲུབ་པའི་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་ཡོད། ཁག་གཅིག་ཀྲུང་དབྱང་གི་ལས་དོན་དང་འབྲེལ་བ་ཡོད་པ་དང་། ཁག་གཅིག་སྡེ་ཚན་གྱི་ལས་དོན་དང་འབྲེལ་བ་ཡོད་པ། ཁག་གཅིག་ས་གནས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པས་ཚོགས་འདུ་གྲོལ་རྗེས་ཞིབ་འཇུག་ལ་དམ་འཛིན་དང་། བྱ་ཐབས་འདོན་པ། ལས་དོན་སྒྲུབ་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པ་བྱེད་དགོས

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1