གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྗོ་དཔལ་ཆེན་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༣༠ཉིན།

༄༅།། ཁ་ཨེར•ལན་ཚི་ཐའེ་ན།

ཁྲག་རིགས་གསར་རྙེད་བྱུང་བས། བགྲང་ལས་འདས་པའི་ཚེ་སྲོག་བསྐྱབས་སོང་། 


        ཁ་ཨེར•ལན་ཚི་ཐའེ་ན(1868—1943 )ནི་ཨོ་སི་ཐྲི་ཡའི་ནད་ཀྱི་རྒྱུ་རྐྱེན་རིག་པ་བ་དང་རིམས་འགོག་རིག་པ་བ་ཡིན། ཁོང་གིས་འགྲོ་བ་མིའི་རིགས་ཀྱི་གསོ་བ་རིག་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པའི་རྒྱུ་

        སྤྱི་ལོ1900ལོ་ནས1901ལོའི་བར། ཨོ་སི་ཐྲི་ཡའི་ནད་ཀྱི་རྒྱུ་རྐྱེན་རིག་པ་བ་ལན་ཚི་ཐའེ་ན་ཡིས་ཐོག་མར་འགྲོ་བ་མིའི་རིགས་ཀྱི་ཁྲག་ལOདངA. B. ABབཅས་རིགས་བཞི་ཡོད་པ་གསར་རྙེད་བྱུང་བ་དེས་མི་དང་མིའི་བར་དུ་ཁྲག་རྒྱག་པར་བརྟེན་ནས་མི་བགྲང་ལས་འདས་པའི་ཚེ་སྲོག་བསྐྱབས། ཁྲག་རིགས་གསར་རྙེད་བྱུང་བ་དེ་རིམས་འགོག་དང་རྒྱུད་འཛིན། ཁྲིམས་ཀྱི་ནད་དཔྱད། ཁྲག་རྒྱག་པ་དང་དེ་མིན་གསར་སྐྱེས་ཕྲུ་གུའི་ཁྲག་ཞུན་ནད་རིགས་འགོག་བཅོས་བྱེད་པ་སོགས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་རེད།
        ཁྲག་ནི་འགྲོ་བ་མིའི་ལུས་ཕུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེས་མིའི་ལུས་སྟེང་དུ་འཚོ་བཅུད་དངོས་རྫས་དང་གསོ་རླུང་སྐྱེལ་བའི་ནུས་པ་སྐྱེད་ཀྱིན་ཡོད། ཁྲག་རྒྱག་པ་ནི་ནད་བཅོས་སྲོག་སྐྱོབ་ཀྱི་བྱེད་ཐབས་ཤིག་ཡིན་པའི་ཆ་ནས། འགྲོ་བ་མིའི་ལུས་ཁམས་ཀྱི་བདེ་ཐང་ཉམས་གསོ་བྱེད་པར་མཚོན་ན་གལ་འགངས་ཤིན་ཏུ་ཆེ། ཡིན་ནའང་ཁྲག་རིགས་མི་གཅིག་པའི་ཁྲག་མིའི་ལུས་སྟེང་དུ་བརྒྱབ་ན་སྲོག་ལ་ཐུག་པའི་ཉེན་ཁ་བཟོ་ངེས་པས། ཁྲག་རྒྱག་པ་ལ་རྩ་དོན་ཐོག་ནས་ཁྲག་རིགས་གཅིག་འདྲ་ཡིན་པའི་ཁྲག་སྤྱོད་དགོས། འོ་ན་ཁྲག་རིགས་ནི་ཇི་ལྟར་གསར་རྙེད་བྱུང་བ་ཡིན་ནམ་ཞེ་ན།
        དོན་དམ་དུ་དུས་རབས17པའི་སྐབས་སུ། སྨན་པས་སྲོག་ཆགས་ཀྱི་ཁྲག་སྡོད་རྩའི་ལམ་ནས་ནད་པའི་ལུས་སྟེང་དུ་བརྒྱབ་པས་ནད་པ་ཚེ་ལས་འདས་པའི་གནས་ཚུལ་ཡང་བྱུང་མྱོང་བ་རེད།
        སྤྱི་ལོ1818ལོར། དབྱིན་ཇིའི་མོ་ནད་དང་བུ་སྐྱེ་ཚན་ཁག་གི་སྨན་པ་པུའུ་ལུན་ཏིར་གྱིས་མི་ལ་མིའི་ཁྲག་རྒྱག་པའི་གཤགས་བཅོས་ཨང་དང་པོ་ལག་ལེན་དུ་བསྟར་བས།མངལ་གྲོལ་བའི་ཚེ་ཁྲག་མང་པོ་ཤོར་ཏེ་སྲོག་ལ་ཉེན་ཁ་བྱུང་བའི་སྦྲུམ་མ་ཞིག་གི་སྲོག་བསྐྱབས། དུས་དེ་ནས་བཟུང་སྨན་བཅོས་ལས་རིགས་སུ་ཁྲག་བརྒྱག་སྨན་བཅོས་དར་ཁྱབ་བྱུང་མོད། འོན་ཀྱང་མི་མང་པོ་ཤི་བའི་གནས་ཚུལ་ཡང་བྱུང་བ་རེད།
        དེ་ནས་སྤྱི་ལོ1900ལོའི་བར་དུ། ཨོ་སི་ཐྲི་ཡའི་ཝི་ཨེ་ནའི་ནད་རིགས་རྒྱུ་རྐྱེན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁ་ཨེར•ལན་ཚི་ཐའེ་ནས་ལུས་ཁམས་བདེ་ཐང་ཡིན་པའི་མིའི་དྭངས་ཁྲག་ལ་འགྲོ་བ་མིའི་རིགས་ཀྱི་མི་བྱེ་བྲག་པའི་ཕྲ་ཕུང་དམར་པོ་གོང་བུ་ཆགས་སུ་འཇུག་པའི་ནུས་པ་ལྡན་པ་དང་། གལ་ཏེ་སྐྱེ་བོ་མི་གཅིག་པའི་ལུས་སྟེང་ནས་བླངས་པའི་དྭངས་ཁྲག་དང་ཕྲ་ཕུང་དམར་པོ་ཆ་དང་ལྡན་པར་མཉམ་བསྲེས་བྱས་ཚེ། AདངB. C(ཕྱིས་སུOལ་བསྒྱུར)བཅས་ཚོ་ཁག་གསུམ་དུ་བཀར་ཆོག་པ་ཤེས་ཤིང་རྟོགས་པར་གྱུར།
        སྤྱི་ལོ1902ལོར། ཁོང་གི་སློབ་མ་ཏིས་ཁ་སི་ཏི་ལུའོ་ཡིས་དེའི་སྟེང་ནས་ཚོ་ཁག་བཞི་པ་སྟེABཚོ་ཁག་གསར་རྙེད་བྱུང་། སྤྱི་ལོ1907ལོར། ཆེ་ཁི་རྒྱལ་ཁབ་ཀྱི་སྨན་པ་དབྱང་སི་ཅི་ཡིས་ཁྲག་རིགས་གཅིག་གྱུར་གྱིསAརིགས་དངBརིགས།Oརིགས།ABརིགས་བཅས་སུ་དབྱེ་འབྱེད་གཏན་འཁེལ་བྱས། དེའི་རྗེས་སུ། གསོ་རིག་ལས་བྱེད་མཁན་གང་མང་གིས་ཁྲག་རིགསABOཡི་རྨང་གཞིའི་སྟེང་མུ་མཐུད་དུ་ཞིབ་འཇུག་གཏིང་ཟབ་མོ་བྱས་པས། འགྲོ་བ་མིའི་ལུས་ཁམས་ཀྱི་ཁྲག་རིགས་གང་མང་ཞིག་ཤེས་ཤིང་རྟོགས་པར་གྱུར།
        དེ་ནས་འགྲོ་བ་མི་ཡིས་གཞི་ནས་འགྲོ་བ་མིའི་ཁྲག་ལ་རྒྱུན་མཐོང་གིAདངB. AB. Oབཅས་ཁྲག་རིགས་བཞི་ཡོད་པའི་ཕན་ཆད་དུ། ད་རུངRhམོའི་རང་བཞིན་གྱི་ཁྲག་རིགས་དང་།MNSSUཁྲག་རིགས། Pརིགས་ཀྱི་ཁྲག Dམེད་པའི་རིགས་ཀྱི་ཁྲག་ལ་སོགས་པའི་ཁྲག་རིགས་མ་ལག་དཀོན་པོ་སྣ་ཁ་བཅུ་ལྷག་ཡོད་པ་ཤེས་པར་གྱུར། དེའི་ནང་ནསABརིགས་ལ་ཁྲག་རིགས་གང་ཡང་རུང་བའི་ཁྲག་བརྒྱབ་ཆོག་པར་བརྟེན། དེ་ལ་ཁྲག་རིགས་གང་ཡང་རུང་བ་བརྒྱབ་ཆོག་མཁན་ཟེར།Oརིགས་ཀྱི་ཁྲག་ནི་ཁྲག་རིགས་གང་ཡང་རུང་བའི་མིའི་ལུས་སྟེང་དུ་བརྒྱབ་ཆོག་པས། དེ་ལ་ཁྲག་རིགས་གང་ཡང་རུང་བར་བརྒྱབ་ཆོག་མཁན་དང་ཁྲག་ནུས་མི་གཅིག་མཁན་ཞེས་ཟེར། ཡིན་ན་ཡང་ཁྲག་རིགས་མི་གཅིག་པའི་མིའི་བར་དུ་ཁྲག་རྒྱག་པ་དེ་སྤྱིར་བཏང་དུ་གྲངས་ཚད་ཉུང་ཉུང་ཙམ་ལས་མང་མི་རུང་། ཁྲག་ཚད་མོད་པོ་རྒྱག་ན་ཁྲག་རིགས་གཅིག་འདྲ་ཅན་ཡིན་ན་རབ་ཡིན།
        སྤྱི་ལོ2012ལོའི་ཟླ2པའི་ཚེས28ཉིན། ཨ་མེ་རི་ཁའི་ཚན་རིག་པས་ཁྲག་རིགས་གསར་རྐྱང་གཉིས་གསར་རྙེད་བྱུང་བས། འགྲོ་བ་མིའི་རིགས་ཀྱི་ཁྲག་རིགས་ལ་བསྡོམས་པས་རིགས32ཡོད་པ་ཤེས། མདོར་ན་ཁྲག་རིགས་གསར་རྙེད་བྱུང་བ་དེས་རིམས་འགོག་ཁྲག་རིག་པ་དང་། རིམས་འགོག་རྒྱུད་འཛིན་རིག་པ་སོགས་གསར་དར་རིག་གཞུང་གསར་གཏོད་བྱས་པ་དང་ཆབས་ཅིག་ཏུ། ནད་ཐོག་སྨན་བཅོས་ཁྲོད་ཁྲག་རྒྱག་པ་དེ་བདེ་འཇགས་སུ་སོང་བས། ནད་པ་གཤགས་བཅོས་ཁྲོད་འཆི་བའི་ཉེན་ཁ་ལས་ཐར་བའི་གྲངས་ཚད་ཆེས་ཆེར་མཐོ་རུ་བཏེགས། གཞན་ད་རུང་ཁྲག་རིགས་མ་ལག་དེ་ད་རུང་ཁྲིམས་ཀྱི་སྨན་དཔྱད་རིག་པ་དང་།དེ་མིན་རང་གི་བུ་ཕྲུག་ངོ་མ་ཡིན་མིན་གསལ་འབྱེད་ཀྱི་ཁྲོད་ཡོངས་ཁྱབ་ཏུ་སྤྱད་ཅིང་སྤྱོད་ཀྱིན་ཡོད། ཡིན་ཡང་དུས་ད་ལྟ་རིམ་པ་བཞིན་དུ་དེ་བས་ཀྱང་ཞིབ་ཅིང་དག་པའི་རྒྱུད་རྒྱུ་རིག་པའི་བྱེད་ཐབས་ཀྱིས་དེའི་ཚབ་བྱེད་ཀྱིན་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1