གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༣༡ཉིན།

2019ལོའི་རྒྱལ་ནང་གི་གསར་འགྱུར་ཆེ་གྲས་བཅུ།


     1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ། 

     ཟླ་10ཚེས་1ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། དམག་དམངས་ཁྲི་20ལྷག་ཙམ་གྱིས་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱིས་ཁྲོམ་སྐོར་གཟབ་རྒྱས་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་གཟིགས་འབུལ་དཔུང་སྡེར་གཟིགས་ཞིབ་ཀྱང་གནང་བ་རེད།


     2.ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ། 

     ཟླ་10ཚེས་28ཉིན་ནས་ཚེས་31ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྣོལ་མཚམས་སུ་འཚོགས་པའི་ཧ་ཅང་གལ་ཆེ་བའི་གྲོས་ཚོགས་ཤིག་ཡིན།


   3.ཏང་ཡོངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ། 
     ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་5ཚེས་13ཉིན་ཚོགས་འདུ་འཚོགས་ནས་ད་ལོའི་ཟླ་6པ་ནས་བཟུང་ཏང་ཡོངས་སུ་གོང་ནས་འོག་བར་ཁག་གཉིས་སུ་དབྱེ་ནས“ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། 


     4.ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཤང་ཀང་གིས་ཟིང་འཁྲུག་བཀག་འགོག་དང་སྒྲིག་ལམ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། 

     ཟླ་6པའི་ཚུན་ལ། ཤང་ཀང་དུ་སྲོལ་ཡིག་བཟོ་བཅོས་ཀྱི་ཟིང་ཆ་བྱུང་། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་རུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་གཅིག་པར་ཞུགས་སྐབས། ཤང་ཀང་གི་དུས་བབ་ཐད་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ནན་པོ་གསལ་སྟོན་གནང་ལ། ཁོང་གིས་ཤང་ཀང་དུ་རྒྱུན་མཐུད་ངང་ཐོན་པའི་དྲག་སྐྱོད་གཏུམ་སྤྱོད་ཉེས་གསོག་བྱ་སྤྱོད་ཀྱིས་ཁྲིམས་སྐྱོང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་རྡོག་བརྫིས་ཚབས་ཆེན་བཏང་བ་དང་། ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་བ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་གྱི་མཐའ་ཚད་ལ་འགྲན་སློང་ཚབས་ཆེན་བྱས་པ་རེད། ཟིང་འཁྲུག་བཀག་འགོག་དང་སྒྲིག་ལམ་སླར་གསོ་བྱ་རྒྱུ་ནི་ཤང་ཀང་གི་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན། ང་ཚོས་སྲིད་འཛིན་དཔོན་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་སྐྱོང་བར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཤང་ཀང་གི་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་བསྟར་ནན་པོ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ། ཤང་ཀང་གི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་གཏུམ་སྤྱོད་ཉེས་ཅན་ལ་ཁྲིམས་གཅོད་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་ཞེས་གསུངས་པ་རེད།


5.ཟླ་བའི་ལྷ་མོ་ཨང་བཞི་པས་མིའི་རིགས་ཀྱི་འཚོལ་ཞིབ་ཡོ་བྱད་ཟླ་བའི་རྒྱབ་ཏུ་ཐེངས་དང་པོར་བབས་པ་མངོན་འགྱུར་བྱས་པ། 
     ཟླ་1ཚེས་3ཉིན་གྱི་ཆུ་ཚོད་10དང་སྐར་མ་26ཐོག  ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་འཚོལ་ཞིབ་ཡོ་བྱད་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་ཧྥེང་ཁ་མོན་གྱི་རྡེབ་དོང་དུ་བདེ་བླག་ངང་བབས་པ་མ་ཟད། “ཆུའེ་ཆའོ”བར་མཐུད་སྲུང་སྐར་བརྒྱུད་འཛམ་གླིང་གིས་ཐག་ཉེ་ས་ནས་པར་བླངས་པའི་ཟླ་རྒྱབ་ཀྱི་པར་རིས་དང་པོ་ཕྱིར་བསྐུར་ཏེ་ཟླ་བའི་རྒྱབ་ངོས་ཀྱི་གདོང་ཁེབས་བཤུས་ཡོད། 
     



6.རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་དེ་མཚོ་དམག་ལ་རྩིས་སྤྲད་པ།
     ཟླ་12ཚེས་17ཉིན། རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་པོ་ཧྲན་ཏུང་དམག་གྲུ་ཧའེ་ནན་སན་ཡ་དམག་དོན་གྲུ་ཁ་ཞིག་ཏུ་མཚོ་དམག་ལ་རྩིས་སྤྲད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྩིས་སྤྲོད་རྩིས་ལེན་དང་གྲལ་དུ་ཞུགས་པའི་མཛད་སྒོར་ཞུགས་པ་རེད།




    7.གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་གིས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ། 
     ཟླ་1ཚེས་1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ཞིང་། མི་སེར་གྱིས་དུས་བཀག་ལྟར་དཔྱ་ཁྲལ་ཆག་ཡང་བཏང་བའི་ཁེ་ཕན་ལོངས་སུ་སྤྱད་ཡོད།





     8.ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བ། 
     ཟླ་12ཚེས་20ཉིན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བ་རེད། ཟླ་12ཚེས་18ཉིན་ནས་ཚེས་20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཨའོ་མོན་དུ་ཕེབས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད།




 
   9.《སྤུན་ཟླ་ཐའེ་ཝན་པར་སྤྲིངས་པའི་ཡི་གེ》སྤེལ་ནས་ལོ་40འཁོར་བ། 
     ཟླ་1ཚེས་2ཉིན《སྤུན་ཟླ་ཐའེ་ཝན་པར་སྤྲིངས་པའི་ཡི་གེ》སྤེལ་ནས་ལོ་40འཁོར་བའི་དྲན་གསོའི་ཚོགས་འདུ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། 
   




  10.ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཆར་འགོད་ཁྱབ་བསྒྲགས་བྱས་པ། 
     ཟླ་2པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》པར་འགྲེམས་བྱས། རང་རྒྱལ་གྱི་སྒོ་མོ་འབྱེད་རྒྱ་ཆེ་ཤོས་དང་དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད།








39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1