གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༢ཉིན།

མཚོ་སྔོན་པོར་དར་ཆགས་པའི་དུས་སུ་སླེབས།

    ཟླ་12པའི་ཟླ་མཇུག་ཏུ། མཚོ་སྔོན་པོར་དར་ཆགས་པའི་རྣམ་པ་མངོན་པ་དང་། སྲུང་སྐར་རྒྱང་ཚོར་བརྟག་འཇལ་གཞིགས་ན། མིག་སྔར་མཚོ་སྔོན་པོར་དར་ཆགས་པའི་རྒྱ་ཁྱོན་ནི་མཚོ་ངོས་རྒྱ་ཁྱོན་གྱི་10%ལས་བརྒལ་བ་དང་། དེས་མཚོ་སྔོན་པོར་དར་ཆགས་འགོ་ཚུགས་པ་མཚོན་ཞིང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཡིག་ཆ་ལས་མངོན་གསལ། ད་ལོར་མཚོ་སྔོན་པོར་དར་ཆགས་པ་དེ་ན་ནིང་གི་དར་ཆགས་པ་ལས་ཉིན་7ཕྱི་འགྱངས་བྱས་ཡོད་ཅིང་། ཉེ་བའི་ལོ་བཅུའི་རིང་གི་ཆ་སྙོམས་དར་ཆགས་པའི་དུས་དང་བསྡུར་ན་ཉིན་10ཕྱི་འགྱངས་བྱས་ཡོད། མཚོ་སྔོན་པོའི་ཉེ་འཁོར་གྱི་གནམ་གཤིས་ས་ཚུགས་ཀྱི་ཡིག་ཆ་ལས་མངོན་གསལ་ལྟར་ན། དྲོད་ཚད་ཇེ་མཐོར་གྱུར་བ་ནི་དར་ཆགས་པའི་དུས་ཕྱི་འགྱངས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། 





39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1