རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-02



རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

    སྤྱི་ཟླ12པའི་ཚེས31ཉིན། དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱེད་པ་དང་། དཀར་མཛེས་ཁུལ་ལུས་རྩལ་ལྟེ་གནས་དང་དར་མདོ་གྲོང་ཁྱེར་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་སྒྲུབ་འགན་འཁུར་བ། དར་མདོ་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་། དར་མདོ་གྲོང་ཁྱེར་དོ་དམ་ཅུས། དཀར་མཛེས་ཁུལ་ལུས་རྩལ་རྒྱན་ཤོག་དོ་དམ་ལྟེ་གནས་བཅས་ཀྱིས་རོགས་གཉེར་བྱེད་པའི2020ལོའི་དཀར་མཛེས་ཁུལ་དར་མདོ་ས་ཁུལ་གྱི་གནམ་ལོ་གསར་ཚེས་བསུ་བའི་རི་འཛེག་ལུས་སྦྱོང་བྱེད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་དཔོན་གཞོན་པ་དབྱང་ལིན་གྱིས་ཤིས་ཚིག་ཕུལ་བཞིན་པ།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

མདོ་འཛིན་པས་མདོ་འཛིན་བྱེད་བཞིན་པ།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

ཤན་འབྱེད་པས་དོ་སྣང་བྱ་དགོས་པའི་དོན་ཚན་སྒྲོག་བཞིན་པ།

   ཐེངས་འདིའི་ལུས་སྦྱོང་རི་འཛེག་བྱེད་སྒོའི་རྒྱུད་ལམ་གྱི་འགོ་དར་མདོ་མཛའ་གཞས་ཐང་ཆེན་ནས་ཡིན་ཞིང་། དེ་ནས་དམག་དཔོན་ཟམ་པ་དང་། ཁུལ་འཛུགས་སྐྲུན་ཅུས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། གངས་ཆུ་ཟམ་པ། ས་དཀར་འགོ་གྲོང་སྡེ། ཟུར་རི་ཕུག་གྲོང་སྡེ་བཅས་བརྒྱུད་རྗེས་མཇུག་དར་མདོའི་མཛའ་གཞས་ཐང་ཆེན་དུ་བསྡུས་པ་རེད།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

བྱེད་སྒོའི་ཡུལ་དངོས།

   དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་དཔོན་གཞོན་པ་དབྱང་ལིན་གྱིས་ཤིས་ཚིག་ནང་དུ་ཐེངས་འདིའི་བྱེད་སྒོ་སྤེལ་བར་བརྒྱུད་རྒྱ་ཆེ་བའི་མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་གི་འདུ་ཤེས་སྔར་བས་དྲག་ཏུ་གཏོང་བ་དང་། ལུས་རྩལ་ལུས་སྦྱོང་གི་ལུགས་སྲོལ་ཡག་པོ་ཆགས་ཐུབ་ལ། སྤྱི་ཚོགས་ཡོངས་ཀྱིས་ལུས་སྦྱོང་ལ་བརྩི་མཐོང་དར་སྤེལ་བྱེད་དེ་ལུས་རྩལ་གྱི་བྱེད་སྒོའི་ནང་ལ་ཧུར་ཐག་གིས་ཞུགས་པ་དང་། ལུགས་མཐུན་དཔལ་ཡོན་གྱི་འཚོ་བའི་ཁོར་ཡུག་ལེགས་པོ་སྐྲུན་ཞིང་། གནམ་ལོ་གསར་ཚེས་བསུ་བའི་རི་འཛེག་ལུས་སྦྱོང་བྱེད་སྒོ་དེ་ཁུལ་ཡོངས་ཀྱི་ལུས་རྩལ་ཟོང་རྟགས་དང་པོའི་བྱེད་སྒོར་ཆགས་སུ་འཇུག་ཐུབ་ཀྱི་རེད་ཅེས་བཤད་པ་རེད།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

རི་འཛེག་ལུས་སྦྱོང་བྱེད་སྒོ་སྤེལ་ནས་གནམ་ལོ་གསར་ཚེས་བསུ།

རི་འཛེག་བྱེད་སྒོ་རུ་ཞུགས་བཞིན་པའི་ལུས་རྩལ་པ།

   ཐེངས་འདིའི་བྱེད་སྒོ་ལ་དམའ་འབྲིང་སློབ་མའི་རུ་ཁག་དང་མཐོ་འབྲིང་སློབ་མའི་རུ་ཁག  དར་མདོ་ས་ཁུལ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལུས་རྩལ་ལ་དགའ་བའི་མི་སྣ་བཅས་ལས་གྲུབ་པའི་དར་མའི་རུ་ཁག་བཅས་རུ་ཁག་གསུམ་གྱི་ཁྱོན་བསྡོམས་མི1000ལྷག་བྱེད་སྒོ་ནང་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1