བོད་ཀྱི་ཁྲིམས་སྐྱོང་མི་སྣ་བཅུའི་ཡིད་སེམས་འགུག་པའི་གཏམ་རྒྱུད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭའི་དྲ་བ། སྤེལ་དུས། 01-03



          སྤྱི་ཟླ་༡༢ཚེས་༢༧ཉིན་གྱི་མཚན་མོར། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་སྐབས་དང་པོའི་བོད་ཀྱི་ཁྲིམས་སྐྱོང་མི་སྣ་བཅུར་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་གཏོང་བྱས་པ་དང་། སེམས་འགུལ་ཐེབས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེར་གཟིགས་མྱོང་ངམ་། ཁོ་ཚོའི་ཡིད་སེམས་འགུག་པའི་མཛད་རྗེས་དེ་སེམས་སུ་དྲན་བཞིན་འདུག་གམ། གཤམ་དུ་ངེད་རྩོམ་སྒྲིག་པ་དང་མཉམ་དུ་ཁོ་ཚོའི་མི་སེམས་འགུག་པའི་གཏམ་རྒྱུད་དེར་ཡང་བསྐྱར་གཟིགས་རོགས་ཞུའོ།། 

འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་གསུམ་སྦྲེལ་དུད་ཚང་ཚན་པའི་འགོ་གཙོ་ཉི་མ། 

བསྔགས་བརྗོད་ཚིག

          ཁོང་གིས་ཐོག་མའི་བསམ་འདུན་མ་འགྱུར་བར་སྲི་ཞུའི་བྱ་བ་དང་དུ་བླངས།རྒན་ཡོལ་ཞུས་ཀྱང་སོས་དལ་དུ་མ་བཞུགས་པར་ཁྲིམས་ལུགས་སློབ་པ་དང་།ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ།གནས་ལུགས་གསུང་ནས་འདུམ་འགྲིག་གནང་ནས་གཉིས་ལྡན་དུད་སྦྲེལ་གྱི་ལས་འགན་ལྗི་པོ་ཕྲག་ཐོག་ཏུ་བཞེས།ཁོང་ནི་ཡུལ་མི་སྤུན་མཆེད་ཚོའི་དགའ་ཉེ་ཡིན་ལ་གྲོང་པ་ཁྱིམ་མཚེས་ཚོའི་འཆམ་མཐུན་གྱི་ཕོ་ཉ་ཡིན།གཞི་རིམ་ལ་ཁྲིམས་སྐྱོང་གི་མཐུན་རྐྱེན་འཛད་མེད་སྦྱར་ནས་སྐད་གྲགས་མེད་པའི་ཐོག་ནས་ཁྲིམས་སྐྱོང་གི་གྲོང་གསེབ་དང་བདེ་སྐྱིད་ལྡན་པའི་གྲོང་ཚོ་གཏོད།ཁོང་ནི་ཁྱེད་དང་བར་མེད་འགྲོགས་པའི་སྙིང་ཉེ་བའི་ཁྲིམས་ལུགས་སློབ་སྟོན་པ་དང་།ཁྲིམས་ལུགས་ཁྱབ་གདལ་དཔེ་བཟང་བ་ཡིན།

བསྔགས་བརྗོད་ཚིག

         སྐད་ཅིག་ཉིད་ལ་ལོ་ངོ་༤༠སོང་།ལོ་ངོ་༤༠དཀའ་བ་དང་དུ་བླངས།ཁོང་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་ཁྲིམས་སྐྱོང་ཕོ་ཉ་དང་།གཞི་རིམ་གྱི་འགལ་ཟླ་རྩོད་རྙོག་སེལ་མཁན་གྱི་ཕོ་ཉ་ཡིན།ཁོང་མཛེས་སྡུག་ཞི་མཐུན་ལྡན་པའི་ཕ་ཡུལ་ལ་བརྩེ་བ་ཟབ་ཅིང་ཁོང་གིས་གངས་ལྗོངས་འདུམ་འགྲིག་རྒད་པོའི་མྱོང་བ་བརྩམས།ཉིན་ཞག་༡༤༦༠༠ལས་གནས་དཀྱུས་མའི་ཐོག་ནས་ཞབས་རྗེས་བཞག་པས་གངས་ལྗོངས་ས་མཐོར་ཤར་ཕྱོགས་ཀྱི་མེ་ཏོག་བཞད།   ཁོང་ནི་དུས་སྐབས་གསར་པའི་འདུམ་འགྲིག་མྱོང་བ་རྒད་པོ་རྣམ་གྲགས་ལགས་ཡིན།

བསྔགས་བརྗོད་ཚིག

          ཁོང་གི་བཞིན་ལས་དམངས་ཀྱི་ཆེད་དུ་ཁྲིམས་ལུགས་ལག་བསྟར་བྱེད་པའི་སྙིང་རུས་མངོན་ལ།  ལུས་སྟོབས་ཞན་ཡང་ཟད་མཐའ་མེད་པའི་ཁྲིམས་སྐྱོང་གི་སྟོབས་ཤུགས་ལེགས་པར་མངོན།ཨར་སྐྲུན་བྱེད་ཡུལ་དང་།བཟོ་པའི་ཉལ་ཁང་།ཁེ་ལས་ཀྱི་གཞུང་དོན་ཁུལ་གང་སར་སྐྱོད།འདུམ་འགྲིག་ཐེངས་རེ་རེ་ནི་ངལ་རྩོལ་པ་དང་སེམས་པ་སྦྲེལ་བའི་བགྲོ་གླེང་ཡིན་ལ།ཁྲིམས་སྐྱོང་སྙིང་སྟོབས་ཀྱི་ལག་ལེན་ཡིན།ཁོང་གིས་ངལ་བ་དང་དུ་བླངས་ནས་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་བཙུགས།ཁོང་ནི་ཁྲིམས་བཞིན་ཞིང་པ་གླ་པའི་ཁྲིམས་མཐུན་ཁེ་དབང་སྲུང་བའི་བྱེད་པོ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1