༄༅།། མིང་རྒྱལ་རབས་ཀྱིས་བསྐོས་པའི་བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་དང་དེའི་མཛད་རྗེས་སྐོར་རགས་ཙམ་གླེང་བ།

པདྨ་ཀུན་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 01-03



 པདྨ་ཀུན་གྲོལ།
          [ནང་དོན་གནད་བསྡུས།]མིང་རྒྱལ་རབས་ཀྱིས་བོད་ལ་དབང་སྒྱུར་བརྟན་པོ་ཡོང་ཆེད་གྲུབ་མཐའ་ཆེ་ཁག་དང་ཡུལ་ཁག་གི་ཚབ་མཚོན་མི་སྣར་འཇའ་ས་དང་ཆོ་ལོ་བསྩལ་ནས་རིན་ཆེན་ཆོས་རྗེ་དང་། ཐེག་ཆེན་ཆོས་རྗེ། བྱམས་ཆེན་ཆོས་རྗེ་ལྟ་བུ་བཅས་པ་བྱོན་ལ། དེ་བཞིན་དུ་མདོ་སྨད་མེན་ཇུ་(岷州)ནས་འཁྲུངས་པའི་བླ་ཆེན་དཔལ་ལྡན་བཀྲ་ཤིས་མཆོག་ལའང་གོང་མས་བློ་ཆེན་ཆོས་རྗེ་ཞེས་པའི་འཇའ་ས་བསྩལ་བར་མངོན་མོད། འོན་ཀྱང་ཆོས་རྗེ་གང་ཉིད་ཀྱི་རྣམ་ཐར་དང་མཛད་རྗེས་སྐོར་ལ་ཉེ་ཆར་རྣམ་ཐར་རྒྱ་འགྱུར་མའི་དཔེ་རྙིང་རྩ་ཆེན་ཞིག་ཀན་སུའུ་མེན་ཞན་རྫོང་(岷县)ནས་རྙེད་པ་ཙམ་ལས་ད་ཕན་བར་དུ་འདིའི་སྐོར་གྱི་ཡིག་ཆ་དང་ཞིབ་འཇུག་བྱས་པ་སྟོང་ཆར་ལུས་ཡོད། དེ་བས་འདིར་གསར་དུ་རྙེད་པའི་གང་ཉིད་ཀྱི་རྣམ་ཐར་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་ཡིག་ཆ་དག་གིས་ཟུར་བརྒྱན་ཏེ་བློ་ཆེན་ཆོས་རྗེའི་མཛད་རྗེས་སྐོར་ངོ་སྤྲོད་བྱས་པ་ཡིན།
          [བརྡ་ཆད་གཙོ་བོ།]དཔལ་ལྡན་བཀྲ་ཤིས། མཛད་རྗེས། 《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ།》 མིང་རྒྱལ་རབས།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
          [ཡིག་ཚང་མཚན་བྱང་།] A
          [རྩོམ་གྱི་གོ་རིམ་ཨང་སྒྲིག]  1002-9060(2014)01-0109-20 
          མིང་རྒྱལ་རབས་དབུས་བརྙེས་རྗེས་ཡོན་རྒྱལ་རབས་ཀྱིས་ས་སྐྱ་པ་གཙིགས་སུ་འཛིན་པའི་བོད་སྐྱོང་སྲིད་ཇུས་ལ་བཅོས་སྒྱུར་བྱས་ཏེ། བོད་ཀྱི་གྲུབ་མཐའ་ཆེ་ཁག་གི་བླ་ཆེན་དག་ལ་འཇའ་ས་དང་ཆོ་ལོ་བསྩལ་ནས་རིན་ཆེན་ཆོས་རྗེ་དང་།  ཐག་ཆེན་ཆོས་རྗེ།  བྱམས་ཆེན་ཆོས་རྗེ་སགས་ཆོས་རྗེ་མང་པོ་ཞིག་བསྐོས་པ་དང་།① དུས་མཉམ་དུ་ཕག་གྲུ་སྡེ་སྲིད་གྲགས་པ་རྒྱལ་མཚན་ལྟ་བུའི་བོད་ཀྱི་ས་གནས་ཁག་གི་ཚབ་མཚོན་མི་སྣ་ཁ་ཤས་དབང་དུ་བསྐོས་ནས་②དབང་སྒྱུར་བརྟན་པོ་ཡོང་ཅི་ཐུབ་བས་ཡོད། མིང་རྒྱལ་རབས་ཀྱིས་སོང་གེ་ཆོས་རྗེ་རྣམ་པ་དང་དབང་དེ་དག་ལས་ད་དུང་ཆོས་རྗེ་དང་། དབང་།  ཀཽ་ཤྲི་སོགས་ཀྱི་ཆོ་ལོ་མང་པོ་ཞིག་བསྩལ་ཡོད་པ་ལ། མདོ་སྨད་མེན་ཇུ་ནས་འཁྲུངས་པའི་བླ་ཆེན་རྗེ་དཔལ་ལྡན་བཀྲ་ཤིས་མཆོག་དེ་ཤོད་གོང་མས་བློ་ཆེན་ཆོས་རྗེ་རུ་བསྐོས་པའི་ཆོས་རྗེ་དག་གི་གྲས་ཤིག་ཏུ་འཁུམས་མོད། འོན་ཀྱང་རྗེ་འདི་ཉིད་ཀྱི་རྣམ་ཐར་དང་མཛད་རྗེས་སྐོར་ལ་དཔྱད་གཞི་ཡིག་ཆ་དཀོན་པས་ད་ཕན་ཞིབ་འཇུག་བྱས་པའང་ཅུང་ཉུང་པའི་ཚུལ་དུ་གནས་མོད། ཉེ་ཆར་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་རྣམ་ཐར་རྒྱ་འགྱུར་མའི་དཔེ་རྙིང་རྩ་ཆེན་ཞིག་ཀན་སུའུ་ཞིང་ཆེན་མེན་ཞན་རྫོང་ནས་རྙེད་པས། རྒྱ་ཡིག་གི་ལམ་ནས་བླ་ཆེན་གང་དེར་ཞིབ་འཇུག་བྱ་བའི་འགོ་བརྩམས་ཡོད་པ་རེད།③གཤམ་དུ་ཁོ་བོས་གསར་དུ་རྙེད་པའི་ཡིག་ཆ་རྩ་ཆེན་དེ་དང་དེ་འབྲེལ་གྱི་ཞིབ་འཇུག་གི་འབྲས་བུ་གཞིར་བཟུང་ནས་བླ་ཆེན་གང་དེའི་མཛད་རྗེས་སྐོར་ངོ་སྤྲོད་རགས་ཙམ་འགོད་པ་ལ། 
          དང་པོ། 《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཞེས་བྱ་བ་དང་དེའི་ནང་དོན་གཙོ་བོ།  
          བོད་ཡིག་གི་དེབ་ཐེར་ཁག་ལས་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་》དུ་རྗེ་དཔལ་ལྡན་བཀྲ་ཤིས་འདི་ཉིད་ཀྱི་སྐོར་ལྟོས་བཅས་ཀྱིས་ཅུང་ཁ་ཚང་བ་ཞིག་བཀོད་ཡོད་པ་ལ།  དེ་རུ་“བཙན་པོ་ཁྲི་རལ་པ་ཅན་གྱིས་ཙོང་ཁར་དམག་གི་གཟི་བྱིན་བསྐྱེད་པའི་དར་བོ་ཆེ་ཕྱར། དམག་རྩིས་དང་གོ་གཤེར་མཛད་དུས་གཅེན་དར་བ་ཟེར་བས་གཡག་ཆེན་པོ་གཉིས་མཆན་ཁུང་དུ་བཅུག་སྟེ་ས་ལ་མི་རེག་པར་ཁྱེར་བས་གཅེན་དར་བ་གཡར་ཁུར་དང་། དམག་སྡེ་ཐམས་ཅད་ལས་དེ་བུད་པས་དེ་བུད་དུ་ཐོགས། རྒྱ་བོད་ཀྱི་མཚམས་ས་མཐའ་གནོན་པའི་དམག་དཔོན་དུ་བསྐོས། ཐེབ་ཇུ་བྲག་དཀར་གཉན་གྱི་ཕོ་བྲང་ལ་བཙན་མཁར་བརྩིགས་ཏེ་མདོ་སྨད་ཀྱི་མི་དཔོན་བྱས། དེ་ལས་མི་རབས་བཅུ་བཞི་འདས་རྗེས་དབེན་ཕོན་ཆེན་པོའམ་མར་སྟེང་དཔོན་པོ་བཟང་པོ་དཔལ་གྱི་སྲས་སུ་རྗེ་དཔལ་ལྡན་བཀྲ་ཤིས་འདི་ཉིད་འཁྲུངས་པ་དང་། དགུང་ལོ་བཅོ་ལྔ་ལ་རབ་བྱུང་དང་དགེ་ཚུལ་བསྒྲུབས། བླ་མ་མང་པོ་སློབ་དཔོན་དུ་བསྟེན་ནས་ལམ་འབྲས་ལ་སོགས་པའི་ཁྲིད་དང་དབང་ལུང་མན་ངག་རྫོགས་པར་གསན། ཉེར་བརྒྱད་པ་ལ་དྲུང་ཆེན་པ་དཔལ་ལྡན་རྒྱ་མཚོའི་ཕྱག་ཕྱིར་ནམ་ཐས་སུ་གོང་མ་ཐའི་ཇུང་དང་མཇལ་”④ཞེས་པ་དང་།   དེ་ནས་རིམ་བཞིན་ཡུང་ལི་(永乐)དང་། ཞོན་ཏི།(宣德) ཀྲིན་ཐོང་།(正统) ཅིན་ཐའེ་(景泰)སོགས་གོང་མ་རབས་བཞི་དང་འབྲེལ་བ་དམ་པོ་བཙུགས་ཡོད་པ་རེད།  
          ཡང་《མདོ་སྨད་ཆོས་འབྱུང་》ལས། “རྗེ་འདི་ཉིད་དགུང་ལོ་རེ་དགུ་བ་ཡན་གྱི་རྣམ་པར་ཐར་བ་དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བའི་དཔར་ཞིག་ཀྱང་མཐོང་སྟེ་དཔར་གར་ཡོད་མ་ངེས་ཤིང་དཔེ་རྒྱུན་ཤིན་ཏུ་དཀོན་པས་འདིར་ཅུང་ཟད་རྒྱས་ཙམ་བཀོད་པ་ཡིན་ནོ་”⑤ཞེས་གསུངས་པ་ལྟར་ན།  བྲག་དགོན་པ་བསྟན་པ་རབ་རྒྱས་ཉིད་ཀྱིས་རྗེ་དཔལ་ལྡན་བཀྲ་ཤིས་དགུང་ལོ་རེ་དགུ་བ་ཡན་གྱི་རྣམ་ཐར་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཞེས་བྱ་བའི་དཔེ་རྙིང་རྩ་ཆེན་དེར་མཇལ་ཡོད་པ་གསལ་ལ།  དེ་བཞིན་དུ་《མདོ་སྨད་ཆོས་འབྱུང་》དུ་བཀོད་པའི་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་རྣམ་ཐར་དབྱུང་ཁུངས་ཀྱང་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཞེས་པ་འདི་ཡིན་པ་རྟོགས་ནུས། ཡིན་ན་ཡང་། བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་དུས་སུའང་ “དཔར་གར་ཡོད་མ་ངེས་ཤིང་དཔེ་རྒྱུན་ཤིན་ཏུ་དཀོན་”པའི་དཔེ་རྙིང་རྩ་ཆེན་འདི་ད་ལྟའི་བར་དུ་མཇལ་རྒྱུ་མ་བྱུང་བས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་སྐོར་ལ་ཞིབ་འཇུག་ཀྱང་མང་པོ་ཞིག་བྱས་མེད་པའི་ཚུལ་དུ་གནས་པ་རེད།⑥
          སྤྱི་ལོ་2007ནས་2010ལོའི་བར་དུ།  མེན་ཞན་རྫོང་དངོས་མང་རྟེན་མཛོད་ཁང་གི་འགོ་ཁྲིད་ཀྱི་འགན་བཞེས་པའི་ཀྲང་རུང་ཕིན་(张润平)ཞེས་པས་སྔ་རྗེས་སུ་རྒྱ་ཡིག་གེ་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་རྣམ་ཐར་གཉིས་རྙེད་པ་དང་།རྣམ་ཐར་གྱི་མཚན་བྱང་ལ་《རྡོ་རྗེ་ཐེག་པར་དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོའི་རྣམ་པར་ཐར་བ་ཞེས་བྱ་བ་》( 《金刚乘起信庄严宝་སྣྲི西天佛子源流录》 )འཁོད་ཅིང་། ཡིག་རྙིང་དེའི་རྒྱབ་ཤོག་ཏུ་བཀོད་པ་ལྟར་ན། རྣམ་ཐར་དེའི་རྩོམ་པ་པོ་ནི་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་དངོས་སློབ་ “སྤྱི་བོ་ནས་དབང་སྐུར་བ་རིག་པ་རྣམ་དག་དགེ་ལེགས་སྐྱོང་བའི་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་མོ་”⑦ཤཱཀྱ་ཤྲི་(灌顶净觉祐善大国师沙迦室哩)ཉིད་ཡིན་ལ། རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་དབོན་པོ་“ཁྱིང་སིམ་གྱའི་ཧྱིང་གོའི་ཤྲི་”⑧དཔལ་འབྱོར་དཔལ་བཟང་པོས་)清心戒行国师班卓尔藏卜)ཞུ་དག་གནང་བ་དང་། རྒྱ་འགྱུར་མ་འདི་ནི་ཨན་ཉིན་(安宁)ཞེས་པས་རྒྱ་ཡིག་ཏུ་བསྒྱུར་ཞིང་། ཞུའུ་ཡང་(徐旸)ཞེས་པས་ཡིག་ཐོག་ཏུ་བཀོད་པར་གསལ། ཀྲང་རུང་ཕིན་སོགས་ཀྱིས་ངོ་སྤྲོད་དང་ཞིབ་འཇུག་བྱས་པར་གཞིགས་ན།⑨ རྒྱ་ཡིག་གི་རྣམ་ཐར་དེ་གཉིས་སྔོན་དུས་སུ་རྗེ་དཔལ་ལྡན་བཀྲ་ཤིས་ཉིད་ཀྱིས་ཕྱག་བཏབ་པའི་མེན་ཇུ་བསྟན་པ་མཐོ་བའི་སྡེ་ཆེན་(岷州大崇教寺)དུ་ཉར་ཚགས་བྱས་ཡོད་མོད། རྗེས་སུ་དུས་རྐྱེན་སྣ་ཚོགས་ཀྱི་དབང་གིས་རིམ་བཞིན་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་ཁྱིམ་རྒྱུད་དུ་གཏོགས་པའི་ “ཧོ་ཚང་” (后氏)གི་ཁྱིང་ཚང་གཉིས་ཀྱིས་རྣམ་ཐར་གཉིས་པོ་སོ་སོ་ཉར་ཚགས་བྱས་པ་ཞིག་ཡིན་ལ། དེ་ལས་རྣམ་ཐར་ཀ་པ་ནི་མགོ་མཇུག་མི་ཚང་ཡང་ཡིག་གཟུགས་གྲལ་དག་ཅིང་ནོར་འཆུག་ཉུང་ལ་གནའ་ཉམས་དོད་པོར་སྣང་པ་ཞིག་ཡིན།  ཞིབ་འཇུག་བྱས་པ་ལྟར་ན་འདི་ནི་མིང་ཀྲིན་ཐོང་(正统)སྐབས་ཀྱི་མ་ཡིག་གཞིར་བཟུང་གི་བྲིས་མ་ཞིག་ཏུ་འདོད་ལ།   རྣམ་ཐར་ཁ་པ་ནི་མགོ་མཇུག་ཚང་ཡང་ཡིག་ནོར་ཅུང་མང་ལ། མཇུག་བྱང་དུ་ཆིང་ཏའོ་ཀོང་(道光)ཁྲི་ལོ་དགུ་པ་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ཆོས་རྗེ་ཆེན་པོའི་བུ་རབས་བཅུ་བཞི་པ་ཧོ་ཙོའི་ཚའེ་(后佐才)དང་དེའི་བུ་ཧོ་ཧྲི་ལུང་(后世隆)གཉིས་ཀྱིས་བསྐྱར་བཤུ་བྱས་པ་ལྟ་བུ་ཞིག་འཁོད་པ་ན། ཡིག་ཚངས་ཀྱི་ནང་དོན་དང་ཁྱད་ཆོས་ཀྱི་ཆ་ནས་གཞིགས་ན་བྲིས་མ་འདིའི་མ་ཡིག་ནི་གོང་འཕྲོས་ཀྱི་རྣམ་ཐར་ཀ་པ་དེ་ཡིན་པར་སྣང་།  
          གསར་དུ་རྙེད་པའི་《རྡོ་རྗེ་ཐེག་པར་དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོའི་རྣམ་པར་ཐར་བ་ཞེས་བྱ་བ་》(གཤམ་ནས་ “《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མ་”ཞེས་པར་བསྡུ་རྒྱུ་)ཡི་རྒྱ་འགྱུར་མ་ཀ་པ་དང་ཁ་པ་སོ་སོར་ཤོག་ངོས་77ཡོད་པ་དང་།  ཤོག་ངོས་རེ་རེ་དཔེ་རིས་དང་རྒྱ་ཡིག་ཁག་གཉིས་ལས་གྲུབ་ཅིང་།  འགོ་བརྗོད་དང་མཇུག་བྱང་ཕུད་རྣམ་ཐར་དངོས་ལ་ལེའུ་བདུན་ཡོད། སྤྱིའི་གླེང་གཞིའམ་རྒྱལ་བའི་སྲས་ཀྱི་ཡོན་ཏན་བརྗོད་པའི་ལེའུ་སྟེ་དང་པོ་(总序佛子功德品第一)ལ་ཁྱོན་བསྡོམས་ཤོག་ངོས་1དང་།⑩ རྒྱལ་བའི་སྲས་ཀྱི་རིགས་རུས་བརྗོད་པའི་ལེའུ་སྟེ་གཉིས་པ་ (佛子本生姓族品第二)ལ་ཁྱོན་བསྡོམས་ཤོག་ངོས་3དང་།  རྒྱལ་བའི་སྲས་འཁྲུངས་པ་དང་ཆུང་དུས་ནས་ཡི་གེ་དང་ཆོས་སློབ་པའི་ལེའུ་སྟེ་གསུམ་པ་(佛子诞生童时肄业品第三)ལ་ཁྱོན་བསྡོམས་ཤོག་ངོས་2དང་།རྒྱལ་བའི་སྲས་རབ་ཏུ་བྱུང་ཞིང་འབྲས་བུའི་རིམ་པ་གསན་པའི་ལེའུ་སྟེ་བཞི་པ་ (佛子出家修习果第品第四)ལ་ཁྱོན་བསྡོམས་ཤོག་ངོས་7དང་།  ཡུང་ལིའི་དུས་སུ་དྲིན་ཆེན་ཆོས་སྤེལ་ཕྱག་རྒྱའི་ལེའུ་སྟེ་ལྔ་པ་(永乐弘恩嗣佛旨印品第五)ལ་ཁྱོན་བསྡོམས་ཤོག་ངོས་20དང་།⑾ ཞོན་ཏིའི་དུས་སུ་དམ་ཆོས་གཙུག་བཀུར་གཟི་བརྗིད་ཀྱི་ལེའུ་སྟེ་དྲུག་པ་(宣德尊崇教法荣显品第六)ལ་ཁྱོན་བསྡོམས་ཤོག་ངོས་2lདང་།  ཀྲིན་ཐོང་གི་དུས་སུ་དབང་བསྐོས་གཅེས་སྐྱོང་དྲིན་འཇལ་གྱི་ལེའུ་སྟེ་བདུན་པ་(正统加封宠极报恩品第七)ལ་ཁྱོན་བསྡོམས་ཤོག་ངོས་l5ཡོད་པ་བཅས་སོ།།  
          《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མ་དང་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《མདོ་སྨད་ཆོས་འབྱུང་》དུ་འཁོད་པའི་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་ལོ་རྒྱུས་གཉིས་ལ་དཔྱད་བསྡུར་རགས་ཙམ་བྱས་པ་ལས་ཤེས་ཐུབ་པ་ནི།  《མདོ་སྨད་ཆོས་འབྱུང་》དུ་རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་ཆོས་སྤེལ་བ་དང་ཆོ་ག་སྒྲུབ་པའི་སྐོར་ཅུང་ཁ་གསལ་བར་འཁོད་པ་ལས། གང་དེའི་མཛད་འཕྲིན་གཞན་དག་ནི་ཚིག་ཉུང་ལ་སྙིང་བསྡུས་ཅན་དུ་སྣང་། 《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མ་ནི་ཁ་གསལ་ཞིང་ཞིབ་ཆ་ལྡན་པ་ཞིག་སྟེ། དེ་རུ་མིང་རྒྱལ་རབས་གོང་མ་རིམ་པས་གནང་བའི་རྒྱ་ཡིག་གི་བཀའ་ལུང་མང་པོའང་དྲངས་ཡོད།  དེ་ཡང་རྒྱས་བསྡུས་དང་གནད་འཛིན་སའི་ཁྱད་པར་ལས། གཞན་ཡིག་ཆ་འདི་གཉིས་ཀྱི་སྤྱིའི་ནང་དོན་ལ་ཁྱད་པར་ཆེན་པོ་མེད་པ་དང་།  ཡང་ཀྲིན་ཐོང་ཁྲི་ལོ་བཅུ་གཉིས་པ་སྟེ་སྤྱི་ལོ་1447ལོར་རྗེ་དཔལ་ལྡན་བཀྲ་ཤིས་དགུང་ལོ་བདུན་ཅུ་ཏག་ཏག་སླེབས་ཡོད་པས་སོང་མས་བཀའ་བསྩལ་ནས་འཁྲུངས་སྐར་རྟེན་འབྲེལ་མཛད་སྒོ་རྒྱ་ཆེན་པོ་ཚོགས་པ་དང་། གོང་དུ་བརྗོད་པའི་ཏའོ་ཁྲིན་གྱིས་བརྩམས་པའི་《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པའི་འགོ་བརྗོད་》དང་ཤཱཀྱ་ཤྲིས་ཀྱིས་མཛད་པའི་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》གཉིས་ནི་འཁྲུངས་སྐར་རྟེན་འབྲེལ་དུ་བརྩམས་པ་ཞིག་ཡིན་ལ།   བརྩམས་ཆོས་སྔ་མ་ནི་ལོ་དེའི་ཟླ་4པའི་ཚེས་8ཉིན་དང་ཕྱི་མ་ནི་ལོ་དེའི་ཟླ་4པའི་ཚེས་9ཉིན་བརྩམས་པས། བརྩམས་ཆོས་དེ་གཉིས་ལེགས་འགྲུབ་བྱུང་བའི་བར་ལ་ཉི་མ་གཅིག་ལས་ཕྱིན་མེད་པར་མངོན།⑿  ཡང་《མདོ་སྨད་ཆོས་འབྱུང་》ལས་ “རྗེ་འདི་ཉིད་དགུང་ལོ་རེ་དགུ་བ་ཡན་གྱི་རྣམ་པར་ཐར་བ་དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བའི་དཔར་ཞིག་ཀྱང་མཐོང་སྟེ་དཔར་གར་ཡོད་མ་ངེས་ཤིང་དཔེ་རྒྱུན་ཤིན་ཏུ་དཀོན་པ་”ཞིག་རྙེད་པ་ཞེས་པར་གཞིགས་ཚེ། བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་གསུངས་པའི་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ནི་“རྗེ་འདི་ཉིད་དགུང་ལོ་རེ་དགུ་བ་ཡན་གྱི་རྣམ་པར་ཐར་བ་”ཞིག་ཡིན་པས། 《མདོ་སྨད་ཆོས་འབྱུང་》དུ་འཁོད་པའི་དཔེ་རྙིང་དེ་དང་འདིར་གླེང་བའི་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མའི་བོད་ཡིག་གི་མ་ཡིག་གཉིས་ནི་ཤཱཀྱ་ཤིས་བརྩམས་ཤིང་དཔལ་འབྱོར་དཔལ་བཟང་པོས་ཞུ་དག་བྱས་པའི་《རྡོ་རྗེ་ཐེག་པ་དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོའི་རྣམ་པར་ཐར་བ་ཞེས་བྱ་བ་》འདི་ཡིན་པ་ཁ་ཚོན་གཅོད་ཆོག་པར་འདོད།  
          《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཡི་རྩོམ་པ་པོ་“རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་མོ་”ཤཱཀྱ་ཤི་ནི་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་དངོས་སློབ་ཡིན་པ་དང་། 《མདོ་སྨད་ཆོས་འབྱུང་》ལས།  “དུས་བཞིའི་ཆོས་ཐོག་གཞན་ཟླ་བ་བྱུང་ངོ་ཅོག་གི་ལྔ་གསུམ་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཚར་ཕྱིན།  སྡེ་ཆེན་དུ་ཡང་ཀོན་ཏིང་ཏའི་ཀཽ་ཤྲི་ཤཱཀྱ་ཤྲི་དང་།  དབོན་པོ་ཏའི་ཀཽ་ཤྲི་ཆོས་གྲུབ་བཟང་པོ་སོགས་ཀྱིས་འཆད་ཉན་མཛད་”⒀ཅེས་བཀོད་ཡོད་པ་དང་། 《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཞེས་པའི་རྒྱ་འགྱུར་མར་གཞིགས་ན།  རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་མེན་ཇུ་རུ་དགོན་སྡེ་ཕྱག་འདེབས་གནང་བ་དང་།  དགོན་སྡེ་དང་ཕོ་བྲང་དུ་ཆོས་ཀྱི་ཆོ་ག་སྣ་ཚོགས་སྤེལ་བའི་ཚེ་ན་ཤཱཀྱ་ཤྲིའང་དེ་རུ་བཞུགས་ཡོད་པ་དང་།  དེ་མཚུངས་རྗེ་དཔལ་ལྡན་བཀྲ་ཤིས་དབུས་གཙང་ཡུལ་དུ་ཐེངས་འགར་ཕེབས་དུས་ཀྱང་ཤཱཀྱ་ཤྲི་ཞབས་ཞུར་ཁྲིད་ཡོད་ལ།  དེ་ནས་རྗེ་དཔལ་ལྡན་བཀྲ་ཤིས་སྐུ་གཤེགས་རྗེས།   ཤཱཀྱ་ཤྲིས་མུ་མཐུད་དུ་རྒྱའི་ཡུལ་དུ་བོད་བརྒྱུད་ནང་བསྟན་སྤེལ་བ་དང་མིང་གོང་མའི་སྲིད་གཞུང་དང་བོད་ཡུལ་བར་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་བར་ཕྱག་རྗེས་གནང་ཡོད་པས།  ཅིན་ཐའེ་ཁྲི་ལོ་བདུན་པ་སྟེ་སྤྱི་ལོ་1456ལོར་གོང་མས་ཁོང་ཉིད་“དགེ་ཆེན་ཆོས་རྗེ་” (大善法王)རུ་བསྐོས།⒁ ཡང་《མདོ་སྨད་ཆོས་འབྱུང་》ལས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་ཕྱག་འདེབས་གནང་བའི་མ་དགོན་བསྟན་པ་མཐོ་བའི་སྡེ་དེ་གླིང་སྐབས་ “ཏུན་ཟིའམ་ཆོས་སྡེ་དགོན་ལྷུན་གྲུབ་བདེ་ཆེན་གླིང་ནི། མེན་ཇུ་དཔལ་ལྡན་བཀྲ་ཤིས་སམ་དེ་ཚང་ཆོས་རྗེས་བཏབ་”⒂ཞེས་སུ་འཁོད་ལ།   དེ་ནས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་རྣམ་ཐར་གྱི་རྗེས་མུ་མཐུད་དུ་ཆོས་རྫོང་དཔལ་མཆོག་སྡེའམ་དཔལ་ཙང་ཟིའི་ལོ་རྒྱུས་འཁོད་སྐབས་རྗེ་དཔལ་ལྡན་བཀྲ་ཤིས་པའི་ཡོངས་འཛིན་དྲུང་ཆེན་དཔལ་ལྡན་རྒྱ་མཚོ་དང་ཏྲེའུ་ཚང་ཆོས་རྗེའི་རྣམ་ཐར་མ་དོར་ཙམ་པ་ཞིག་བཀོད་ཡོད་པ་ལ།⒃འདིར་འཁོད་པའི་ཏྲེའུ་ཚང་ཆོས་རྗེ་ནི་《མདོ་སྨད་ཆོས་འབྱུང་》ལྟར་ན་རྗེའི་དངོས་སློབ་ཤཱཀྱ་དཔལ་བཟང་པོ་ཡིན་པར་བཞེད་ཀྱང་།  ང་ཚོས་ཞིབ་ཏུ་བརྟག་ན་དེ་ནི་གོང་གི་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཡི་རྩོམ་པ་པོ་ཤཱཀྱ་ཤྲི་ཡིན་པར་འདོད་དེ།  《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ལས་རྗེ་དཔལ་ལྡན་བཀྲ་ཤིས་དགུང་ལོ་ཞེ་གཅིག་པར་ཕ་ཡུལ་མེན་ཇུ་རུ་ལྷུན་གྲུབ་བདེ་ཆེན་གྱི་གཙུག་ལག་ཁང་བཞེངས་འགོ་བཙུགས་པ་དང་། ལེགས་འགྲུབ་བྱུང་བ་ལ་ཉེ་བའི་དུས་སུ་གོང་མ་ཡུང་ལིའི་བཀའ་ལྟར་ཕོ་བྲང་དུ་ཕེབས་པ་ན།  ཁོང་གེ་དངོས་སློབ་ཤཱཀྱ་ཤྲིས་མེན་ཇུ་རུ་གཙུག་ལག་ཁང་དེ་ལེགས་གྲུབ་ཡོང་བའི་བར་དུ་འགན་ཁུར་བཞེས་⒄ཞེས་བཀོད་ཡོད་པས། གོང་འཕྲོས་ཀྱི་“ཏུན་ཟིའམ་ཆོས་སྡེ་དགོན་ལྷུན་གྲུབ་བདེ་ཆེན་གླིང་ནི་མེན་ཇུ་དཔལ་ལྡན་བཀྲ་ཤིས་སམ་དེ་ཚང་ཆོས་རྗེས་བཏབ་”ཞེས་པའི་“དེ་ཚང་ཆོས་རྗེ་”ནི་ཤཱཀྱ་ཤྲིར་གོ་དགོས་པ་གདོན་མི་ཟ་ལ།   དེ་བཞིན་དུ་“དེ་ཚང་ཆོས་རྗེ་”འདི་ནི་《མདོ་སྨད་ཆོས་འབྱུང་》རྒྱ་འགྱུར་མ་རུ་“ཁྱིམ་རྒྱུད་དེ་ཚང་གི་ཆོས་རྗེ་”⒅རུ་བསྒྱུར་བའང་དོན་ལ་མི་གནས་པ་ཤེས་ཐུབ། ཡང་《མདོ་སྨད་ཆོས་འབྱུང་》དུ་ཏྲེའུ་ཚང་ཆོས་རྗེ་ཤཱཀྱ་དཔལ་བཟང་པོ་ཞེས་པའི་མཛད་རྣམ་བཀོད་པར། རྗེ་འདི་ཉིད་ཆུང་དུས་ནས་ཡུང་ལི་གོང་མས་རང་གི་སྲས་དོད་མཛད་ནས་ཀརྨ་དེ་བཞིན་གཤེགས་པར་ཕུལ། གོང་མའི་བཀའ་ལྟར་རྗེ་རིན་པོ་ཆེ་གདན་འདྲེན་དུ་ལན་བདུན་ཕེབས། ས་ཕག་དུས་སིང་གི་སྐབས་སུ་དམག་བཤོལ་ཞུས།⒆གོང་མ་ཡུམ་སྲས་ལ་དབང་ལུང་མན་ངག་མང་དུ་གནང་བ་ན། ཀྭོན་ཏིང་ཏཱ་ཀཽ་ཤྲི་སོགས་མཚན་དུ་མས་རིམ་པར་བསྔགས་ཏེ་ཆོས་ཀྱི་རྒྱལ་པོར་མངའ་གསོལ།  ཆོས་སྡེ་དགོན་ལྷུན་གྲུབ་བདེ་ཆེན་གྱི་མཁན་པོར་ཕེབས་ཏེ་འཆད་ཉན་མཛད་⒇ཞེས་སུ་འཁོད་པ་སོགས་ལ་དཔྱད་ན།  གོང་འཕྲོས་འདི་ལས་མང་ཆེ་ཤོས་ཞིག་ནི་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ལས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་མཛད་པ་འཁོད་པ་དེ་དང་གཅིག་མཚུངས་ཡིན་སྲིད་ལ། རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་གོང་འཕྲོས་མཛད་འཕྲིན་དག་གནང་སྐབས་ཤཱཀྱ་ཤྲི་ཉིད་ཀྱང་ཞབས་ཕྱིར་ཁྲིད་ཡོད་ལ། དེ་བཞིན་དུ་རྗེ་དཔལ་ལྡན་བཀྲ་ཤིས་ཉིད་ཀྱིས་རྗེ་རིན་པོ་ཆེ་གདན་འདྲེན་དུ་ཕེབས་པ་དང་།  ས་ཕག་དུས་ཟིང་གི་སྐབས་སུ་དམག་བཤོལ་ཞུས་པ།  སོང་མ་ཡུམ་སྲས་ལ་དབང་ལུང་མན་ངག་གནང་བ།  གོང་མས་ཀྭོན་ཏིང་ཏཱ་ཀཽ་ཤྲི་སོགས་མཚན་དུ་མས་རིམ་པར་བསྔགས་ཏེ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ།   ཆོས་སྡེ་དགོན་ལྷུན་གྲུབ་བདེ་ཆེན་གྱི་མཁན་པོར་ཕེབས་བཅས་པའི་སྐབས་སུ་ཤཱཀྱ་ཤྲི་འདི་ཉིད་གང་དེའི་ཞབས་རྗེས་སུ་འབྲངས་ཡོད་པ་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ལས་ཤེས་ཐུབ་པས།   འདིར་བརྗོད་པའི་ཤཱཀྱ་ཤྲི་ནི་གོང་གི་ཏྲེའུ་ཚང་ཆོས་རྗེ་ཤཱཀྱ་དཔལ་བཟང་པོ་དང་མི་གཅིག་ཡིན་པར་འདོད་ལ། འདིར་བརྗོད་པའི་ “ཏྲེའུ་ཚང་”ཞེས་པ་ནི་གོང་གི་ “དེ་ཚང་”དང་སྒྲ་དོན་གཅིག་པས་ཕལ་ཆེར་རྒྱ་ཡིག་གི་ཏའི་ཧྲན་(大善)ཏེ་དགེ་ཆེན་ཆོས་རྗེའི་(大善法王)སྒྲ་བསྒྱུར་མིན་ནམ་སྙམ། ཡང་ཡོངས་འཛིན་དྲུང་ཆེན་དཔལ་ལྡན་རྒྱ་མཚོ་དང་། རྗེ་དཔལ་ལྡན་བཀྲ་ཤིས།   དངོས་སློབ་ཤཱཀྱ་ཤྲི་ཡབ་སྲས་གསུམ་གྱིས་མེན་ཇུའི་བསྟན་པ་གོང་དུ་སྤེལ་བར་མཛད་འཕྲིན་རླབས་ཆེ་བས།  “འཇམ་དབྱངས་རྣམ་འཕྲུལ་དཔལ་ལྡན་རྒྱ་མཚོ་དང་།། གསང་བའི་མཛོད་འཛིན་དཔལ་ལྡན་བཀྲ་ཤིས་དཔལ།།  སྙིང་རྗེའི་མངའ་བདག་ཤཱཀྱ་དཔལ་བཟང་པོ།།  མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས།།”21ཞེས་སུ་འཁོད་ལ།གསོལ་འདེབས་འདི་ལས་ཤཱཀྱ་དཔལ་བཟང་པོ་ནི་དྲུང་ཆེན་དཔལ་ལྡན་རྒྱ་མཚོ་དང་རྗེ་དཔལ་ལྡན་བཀྲ་ཤིས་གཉིས་དང་འབྲེལ་བ་དམ་ཟབ་ཏུ་གནས་པར་མངོན་ལ།  དེ་བཞིན་དུ་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》དང་བཅས་པའི་ཡིག་ཆར་གཞིགས་ན་《མདོ་སྨད་ཆོས་འབྱུང་》དུ་བཀོད་པའི་ཏྲེའུ་ཚང་ཆོས་རྗེ་ཤཱཀྱ་དཔལ་བཟང་པོ་དང་ཤཱཀྱ་ཤྲི་ནི་མི་གཅིག་ཡིན་པར་འདོད། 
          གཉིས་པ། བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་རྣམ་ཐར་མདོར་བསྡུས།  
          དེ་ཡང་དེབ་ཐེར་དུ་དངོས་སུ་བཀོད་ཡོད་པའི་དཔལ་ལྡན་བཀྲ་ཤིས་ཀྱི་རིགས་རྒྱུད་ཀྱི་ཁུངས་ནི་བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས་ཀྱི་གཅེན་དར་བ་ཟེར་བའི་དམག་དཔོན་དེ་ཡིན་ལ།  ལ་ལས་ “གཅེན་དར་བ་”ཟེར་བའི་ “གཅེན་”དེ་་“གཅེན་པོ་”རུ་གོ་བ་བླངས་ནས་དེ་ཉིད་ནི་ཁྲི་རལ་བ་ཅན་གྱི་གཅེན་པོ་ཡིན་པར་འདོད་22ཀྱང་། དེ་ནི་དོན་དངོས་དང་མི་མཐུན་པ་ནི་བོད་ཀྱི་དེབ་ཐེར་ཁག་ལས་ཁྲི་རལ་བ་ཅན་ཕུ་ནུའི་སྐོར་གསལ་བོ་བཀོད་ཡོད་པ་མ་ཟད། 《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མ་རུ་“གཅེན་་དར་བ་” (战答而斡)23དེ་མིང་ཧྲིལ་བོ་གཅིག་ཏུ་བརྩིས་ཡོད་པ་ལ་གཞིགས་ན་གཅེན་དར་བ་གཡར་ཁུར་ནི་མི་ཞིག་གི་མིང་ལས་གཅེན་པོ་དར་བའི་དོན་མིན་པ་འདྲ། བཙན་པོས་གཅེན་དར་བ་དམག་དཔོན་དུ་བསྐོས་ནས་རྒྱ་བོད་ཀྱི་ས་མཚམས་ཐེབ་ཇུ་བྲག་དཀར་གཉན་གྱི་ཕོ་བྲང་ལ་བཙན་མཁར་བརྩིགས་ཏེ་མདོ་སྨད་ཀྱི་མི་དཔོན་བྱས་པ་དང་། དེ་ལས་མི་རབས་བཅུ་གཅིག་པ་ལྡེ་རྒྱལ་(定而迦)24ཞེས་པ་སེ་ཆེན་གོང་མས་ཞོན་ཝེ་ཧྲི་(宣慰使)རུ་བསྐོས་པ་དང་། འདི་ལ་སྲས་གཉིས་ཏེ་རྡོ་རྗེ་དཔལ་(朵儿只巴)དང་ཨ་པོ་ཁྲི་(阿波赤)གཉིས་བྱུང་བ་ལས། ཨ་པོ་ཁྲི་ལ་བཀྲ་ཤིས་དཔལ་(扎释巴)དང་།  ཤེས་རབ་རིན་ཆེན།(拾啰领占)  བཀྲ་ཤིས་བཟང་པོ།(扎释藏卜)བཙུན་པ་རྡོ་རྗེ།(尊巴朵儿只)  ཡེ་ཤེས་བཟང་པོ་(也失藏卜)སོགས་སྲས་ལྔ་25བྱུང་བ།  དེ་དག་ལས་སྲས་རྒན་པ་བཀྲ་ཤིས་དཔལ་ལ་མ་མགོ་བདུན་གྱི་སྲས་བཅོ་བརྒྱད་བྱུང་། དེ་དག་ལས་གསུམ་རབ་ཏུ་བྱུང་སྟེ་བླ་མ་གུ་རུམ་བྱ་བས་ཁྲག་འོ་མར་བསྒྱུར་ནུས་ཤིང་ཧོར་གྱི་ཏི་ཤྲི་མཛད། བླ་མ་སཾ་གྷས་རྩེ་ལྔའི་ཆོས་སྡེ་དང་། མཁན་པོ་དྷརྨ་ཕ་ལས་ཤིང་ཀུན་དཔལ་གྱི་སྡེ་ཆེན་གྱི་གདན་ས་མཛད། གཞན་མི་དཔོན་གྱི་ལས་ཀ་འཛིན་པ་བཞི་དང་།  ཡུལ་དཔོན་ཤ་སྟག་བྱུང་བའི་སྔ་མ་བཞིའི་ནང་ཚན་་དབེན་ཕོན་ཆེན་པོའམ་མར་སྟེང་དཔོན་པོ་བཟང་པོ་དཔལ་གྱི་སྲས་སུ་རྗེ་དཔལ་ལྡན་བཀྲ་ཤིས་འདི་ཉིད་འཁྲུངས།26  
          རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་རུས་ནི་ “ཧོ་”(后)དང་།    ཡབ་བཟང་པོ་དཔལ་དང་ཡུམ་བསོད་ནམས་འཚོ་(锁南错)27ལ་སྲས་བཞི་འཁྲུངས་པ་ལས་རྗེ་འདི་ཉིད་ནི་བཞི་པ་དེ་ཡིན་ལ།28 རྗེ་བདག་ཉིད་ཆེན་པོ་དགུང་ལོ་ཉེར་གཅིག་བཞེས་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ་1377ལོར་འཁྲུངས་ཤིང་། ཆུང་དུས་ནས་སྙིང་རྗེ་ཆེ་ཞིང་མཆོག་གསུམ་དང་རྒན་རབས་ལ་གུས་པ་སོགས་དམ་པའི་སྤྱོད་པ་དང་ལྡན་ཞིང་། དགུང་ལོ་བདུན་པར་རབ་ཏུ་བྱུང་བར་བཞེད་ཀྱང་ཕ་མས་མ་གནང་། བཅུ་པ་ལ་ཉིད་དང་གདུང་རུས་གཅིག་པའི་བླ་མ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བས་ཡབ་ཡུམ་ལ་གསུང་གནང་སྟེ་ཉིད་ཀྱི་རྩར་བླངས། སློབ་དཔོན་བསོད་ནམས་རྒྱ་མཚོ་ལ་གཏད་ནས་ཡི་གེ་དང་ཆོས་མང་པོ་བསླབ།29 
          དགུང་ལོ་བཅུ་གསུམ་པར་ཁུ་བོས་དྲུང་ཆེན་དཔལ་ལྡན་རྒྱ་མཚོ་བའི་དྲུང་དུ་རྗེ་འདི་ཉིད་ཀྱི་གཙོས་གྲྭ་བ་ཉི་ཤུ་ཕུལ། བཅོ་ལྔ་པ་ལ་རྗེ་འདི་ཉིད་ཀྱིས་རབ་བྱུང་དང་དགེ་ཚུལ་བསྒྲུབས།30 བཅུ་བདུན་པ་ལ་བླ་མའི་ཕྱག་ཕྱིར་རྒྱ་ནག་རི་བོ་རྩེ་ལྔར་31ཕེབས།  འཇམ་དབྱངས་ཀྱི་ཞལ་གཟིགས།  རྡོ་རྗེ་ཕྲེང་བའི་དབང་གསན།  ས་རིས་ཆ་ཚང་བསླབས།  སྦྱོར་དྲུག་གི་ཁྲི་གསན་ནས་མུན་ཁང་དུ་བསྐོམ་པས་ཉམས་རྟོགས་འཁྲུངས།  དགུང་ལོ་ཉི་ཤུ་32ལ་བསྙེན་པར་རྫོགས།  ཉེར་བརྒྱད་པ་ལ་དྲུང་ཆེན་པ་དཔལ་ལྡན་རྒྱ་མཚོའི་ཕྱག་ཕྱིར་ནམ་ཐས་སུ་གོང་མ་ཐའི་ཇུང་དང་མཇལ། ཕྱི་ལོར་ཆོས་རྗེ་དེ་བཞིན་གཤེགས་པ་བསུ་བར་ཕེབས་པ་དང་།  ཀརྨ་པའི་ལོ་ཙཱ་བ་ཡང་གནང་།  གོང་དུ་སླེབས་དུས་བླ་མ་དྲུང་ཆེན་པ་གཤེགས་འདུག་པའི་དགོངས་རྫོགས་བསྒྲུབས།33
          དགུང་ལོ་སོ་གསུམ་པར་ཀརྨ་དེ་བཞིན་གཤེགས་པའི་ཕྱག་ཕྱིར་བོད་དུ་ཕེབས་ཏེ་མཚུར་ཕུར་བཞུགས་པ་དང་། སོ་བཞི་པ་ལ་དབུས་ཀྱི་དབང་གྲགས་རྒྱན་པས་གོང་གི་བཀའ་དང་བླང་མ་བྱས་པས་དམག་རྒྱག་པའི་གཏམ་ལ་བརྟེན། རྗེ་འདིས་ཕག་མོ་གྲུབ་པའི་ཞལ་ངོ་གྲགས་རྒྱལ་སོགས་ཞབས་ཕྱིར་ཁྲིད་དེ་ངོ་ཆེན་དུ་བྱོན་པ་དང་།34 གོང་ནས་འཕྲལ་དུ་ཡང་ཆ་བཏང་། སོ་བདུན་པ་35ལ་གོང་གི་བཀས་དབུས་སུ་བྱོན།  བླ་མ་རྣམས་མཇལ་བས་ཐུགས་མཉེས། རྗེ་རིན་པོ་ཆེ་སོགས་ལས་ཟབ་ཆོས་མཐའ་ཡས་པ་གསན། སོ་དགུ་36ལ་འགའ་ཞིག་ཕྲག་དོག་གི་དབང་གིས་གོང་མར་སྙན་ཕྲ་ཞུས་པས་བཀའ་བཀྱོན་འཕོག་པའི་གཏམ་གསན་འཕྲལ་ཕོ་བྲང་དུ་བྱོན། གོང་མ་མཇལ་བ་ཙམ་གྱིས་ཐུགས་ཁྲེལ་ཞི་སྟེ་བདག་རྐྱེན་བསྩལ།   བཞི་བཅུར་མེན་ཇུ་རུ་བཞུགས་པ་དང་། ཞེ་གཅིག་ལ་དགོན་སྡེ་ཆེན་པོ་ཕྱག་བཏབ་འགོ་བརྩམས་ཤིང་། ལེགས་གྲུབ་ཉེ་བའི་དུས་ལ་བཀའ་ལྟར་གོང་མ་མཇལ་བ་དང་།37 ཟིང་མུ་ཟིའི་རྒྱལ་ཁམས་ཀྱི་བན་དཔོན་ཆེན་པོ་གཡིའུ་ཚན་ཀྱའུ་ཀེའི་(僧録司右阐教)ལས་ཀ་སོགས་གནང་ལ། གཽ་ཤྲིའི་(国师)དབུ་ཞྭ་དང་ཆོ་ལོ་སོགས་བསྩལ་ནས་རྒྱལ་ཁམས་དར་རྒྱས་སྡེ་ཆེན་གླིང་(大兴国寺)དུ་བཞུགས། ཞེ་བདུན་པ་38ལ་ཀརྨའི་སྤྲུལ་སྐུ་བརྟག་དཔྱད་ཀྱི་ཆེད་དབུས་སུ་ཕེབས་པ་དང་། ལམ་བར་དུ་ཕ་ཡུལ་མེན་ཇུའི་སྡེ་ཆེན་དུ་ཆོས་སྒོ་རྒྱ་ཆེར་སྤེལ་ཞིང་། ཕྱི་ལོར་སློབ་བུ་ཤཱཀྱ་ཤྲི་སོགས་མི་ཉི་ཤུ་ལྷག་ཁྲིད་དེ་ཆོས་རྗེ་སྤྲུལ་སྐུ་གོང་བོ་ཙ་རིར་བཞུགས་པ་ལ་མཇལ་བར་བྱོན།39 
          སྤྱི་ལོ་1424ལོར་རྗེ་དཔལ་ལྡན་བཀྲ་ཤིས་གོང་མའི་བཀའ་ལྟར་དབུས་སུ་ཕེབས། ལོ་དེར་སོང་མ་ཡུང་ལི་སྐུ་གཤེགས་པ་དང་། སྲས་གོང་མ་ཧུང་ཞི་(洪熙)ཡང་ཕྱི་ལོར་གཤེགས།  ཧུང་ཞིའི་སྲས་ཞོན་ཏི་སྤྱི་ལོ་1425ལོར་གོང་མའི་ཁྲི་ལ་བཞུགས། དུས་དེ་ནི་དཔལ་ལྡན་བཀྲ་ཤིས་སོགས་ཀྱིས་རིན་ཆེན་ཆོས་རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་སྤྲུལ་སྐུ་གོང་བོ་ཙ་རིར་བཞུགས་པ་གང་དང་མཇལ་བར་བྱོན་པའི་དུས་དེ་ཡིན་ལ།  གོང་མ་གཤེགས་པའི་གནས་ཚུལ་ཤེས་རྗེས་ལོ་དེར་རྒྱ་ནང་དུ་ཕེབས་ཏེ།  ཕོ་བྲང་དུ་གོང་མའི་ཁྲི་ལ་གསར་དུ་བཞུགས་པའི་ཞོན་ཏི་དང་མཇལ་འཕྲད་གནང་། གོང་མས་ཝུ་ཡང་ཏེན་(武英殿)དུ་ཀརྨའི་སྤྲུལ་སྐུ་བརྟག་དཔྱད་དང་བོད་ཡུལ་གྱི་དམ་ཆོས་དར་ཚུལ་སྐོར་ལ་ཞིབ་འདྲི་མང་པོ་གནང་བ་དང་།  རྗེ་ཉིད་ཀྱིས་ལན་ཞིབ་མོ་གནང་པས་གོང་མ་རབ་ཏུ་དགྱེས།   ཕྱི་ལོ་སྟེ་ཞོན་ཏི་ཁྲི་ལོ་དང་པོའི་40 ཟླ་1པའི་ཚེས་8ཉིན།  གོང་མ་ཞོན་ཏིས་རྗེ་དཔལ་ལྡན་བཀྲ་ཤིས་ལ་“རིག་པ་རྣམ་དག་སྙིང་རྗེ་ཕན་མཛད་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་མོ་”41(净觉慈济大国师)ཡི་ལས་ཀ་དང་། གསེར་སྲང་ཉིས་བརྒྱའི་ཐམ་ཀ     གསེར་གར་བླུགས་ཀྱི་པྲོག་ཞུ་སོགས་ཕུལ།42 ལོ་དེའི་ཟླ་8པའི་ཚེས་17ཉིན། གོང་མ་ཞོན་ཏིས་སླར་ཡང་རྗེ་ཉིད་ལ་“རྟོག་པ་རྒྱ་ཆེན་ཚུལ་ཁྲིམས་དམ་པ་ཐམས་ཅད་མཁྱེན་པ་དགེ་ལེགས་ཀུན་ཁྱབ་རྒྱལ་སྲིད་ཀྱི་དཔུང་གཉེན་བསྟན་པ་དར་བྱེད་སྤྱི་བོ་ནས་དབང་བསྐུར་བ་རིག་པ་རྣམ་དག་སྙིང་རྗེ་ཕན་མཛད་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་པོ་”(弘通妙戒普慧善应辅国阐教灌顶净觉慈济大国师)རུ་བསྐོས།43  སྤྱི་ལོ་1427ལོ་སྟེ་ཞོན་ཏི་ཁྲི་ལོ་གཉིས་པའི་ཟླ་3པའི་ནང་། གོང་མའི་བཀའ་ལྟར་རྗེ་ཉིད་བཞུགས་པའི་ཁྲུན་གྭའི་སྡེ་ཆེན་(崇国寺)རྒྱ་བསྐྱེད་པ་དང་མིང་ཡང་“ཏའི་ལུང་བཤེན་ཟི་” (大隆善寺)རུ་བསྔགས།  དེ་ནས་གཙུག་ལག་ཁང་རྙིང་པ་ཞིག་གསོས་དང་གསར་དུ་ལྷ་ཁང་དབུ་རྩེ་གློ་འབུར་དང་བཅས་པ་དང་། གཟིམས་ཁང་། དགེ་འདུན་གྱི་བཞུགས་གནས་བཅས་ཁང་མིག་ལྔ་བརྒྱ་ལྷག་མཛོད་ནས་བཞེངས། སློབ་མ་དགེ་བཤེས་རིན་ཆེན་གྲུབ་སོགས་དབུས་སུ་མངགས་ནས་ཇོ་བོའི་མདུན་དུ་ཉེར་།   སྤྱོད་ཀྱི་མཆོད་སྡོང་ཁྱད་མཚར།  ཏཱ་ཧུང་གསེར་མའི་སྣམ་སྦྱར་གསུམ། དགའ་ལྡན་གསེར་ཁྲི་ལ་ན་བཟའ། དངུལ་ཀོང་དང་དངུལ་མཎ་ཆེན་པོ།   རྒྱལ་ཚབ་རིན་པོ་ཆེ། འཇམ་དབྱངས་ཆོས་རྗེ་སོགས་ལ་དངོས་འབུལ། དགོན་སྡེ་ཉི་ཤུ་ལྷག་ལ་མང་འགྱེད་ཕུལ།ཟླ་7པར་གོང་མའི་བཀའ་ལྟར་རྗེ་ཉིད་ཀྱིས་ཕ་ཡུལ་དུ་ཕྱག་གིས་བཏབ་པའི་སྡེ་ཆེན་རྒྱ་བསྐྱེད་པ་དང་མིང་ཡང་ “ཏའི་ཁྲུང་ཀྱའུ་ཟི་” (大崇教寺)སྟེ་བསྟན་པ་མཐོ་བའི་སྡེ་རུ་བསྔགས་པའི་ཡི་གེ་རྡོ་རིང་དུ་བཀོད། གོང་མ་ལ་ཕ་ཡུལ་དུ་ལོག་པའི་རེ་འདོད་ཡང་ཡང་ཞུས་ཀྱང་ཕོ་བྲང་དུ་ཞབས་ཕྱི་དགོས་ཕྱིར་དགོངས་པ་མ་ཁྲོལ་པ་ན། ལོ་ལྟར་གོང་མའི་ཕོ་བྲང་དུ་དཀྱིལ་འཁོར་གྱི་ཆོ་ག་དང་སྒྲུབ་མཆོད་སྐུ་རིམ་སྣ་ཚོགས་སྒྲུབ་ནས་བཞུགས།44  
          ཞོན་ཏི་ཁྲི་ལོ་བཅུ་པ་སྟེ་སྤྱི་ལོ་1435ལོར། སོང་མ་ཞོན་ཏི་གཤེགས་པ་དང་སྲས་ཀྲིན་ཐོང་གོང་མའི་ཁྲི་ལ་བཞུགས།  རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་གཙོ་མཛད་དེ་ཞོན་ཏིའི་འདས་མཆོད་རྒྱ་ཆེན་པོ་བསྒྲུབས།  ལོ་དེའི་ཟླ་1པའི་ཚེས་22ཉིན་གོང་མ་ཀྲིན་ཐོང་གིས་ཞོན་ཏི་གཤེགས་པའི་དགོངས་རྫོགས་སུ་རྗེ་འདི་ལ་“ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོ་” (西天佛子)ཞེས་པའི་མཚན་གྱི་གཟེངས་་བསྟོད་སྤར་ནས་“རྟོག་པ་རྒྱ་ཆེན་ཚུལ་ཁྲིམས་དམ་པ་ཐམས་ཅད་མཁྱེན་པ་དགེ་ལེགས་ཀུན་ཁྱབ་སྙིང་རྗེ་ཕན་མཛད་རྒྱལ་སྲིད་ཀྱི་དཔུང་གཉེན་བསྟན་པ་དར་བྱེད་སྤྱི་བོ་ནས་དབང་བསྐུར་བ་རིག་པ་རྣམ་དག་ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོ་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་པོ་” (弘通妙戒普慧善应慈济辅国阐教灌顶净觉西天佛子大国师)ཞེས་པའི་ཤེལ་ཐམ་ཀའུ་དམིགས་དང་བཅས་པ་ཕུལ།45  གོང་གི་ཞབས་བརྟན་དུ་ཚ་འབུམ་གྱི་མཆོད་རྟེན་བཞེངས། ཡང་རྗེ་ཉིད་ཕ་ཡུལ་དུ་ཕེབས་ནས་ཆོས་སྤེལ་བའི་རེ་འདོད་ལ་གོང་མའི་ཆོག་མཆན་མ་ཐོབ་ཅིང་། ཆོས་སྒོའི་ལས་དོན་དག་སློབ་མ་ཚོས་སྐྱོང་བ་དང་རྗེ་ཉིད་ཀྱིས་སྐོམ་བསྒྲུབ་དང་དབང་གནང་གི་ཆོ་ག་མང་པོ་བསྒྲུབ།   ཀྲིན་ཐོང་ཁྲི་ལོ་དྲུག་པ་ལྕགས་བྱའི་ལོ་སྟེ་སྤྱི་ལོ་1441ལོར་གོང་ནས་གསེར་གྱི་བཀའ་འགྱུར་བཞེངས་པ་ལ་དཀར་ཆག་མཛད།  ཀྲིན་ཐོང་ཁྲི་ལོ་བདུན་པ་ཆུ་ཁྱི་ལོ་སྟེ་སྤྱི་ལོ་1442ལོར་གོང་མར་རྒྱལ་ཁམས་ཀྱི་བནྡེ་རྣམས་ལ་ཏུའུ་ཐེས་(度牒)ཞུས་པས་བནྡེ་སུམ་ཁྲི་བདུན་སྟོང་ལ་ཏུའུ་ཐེས་གནང་།46  
          གོང་འཕྲོས་ལྟར་ཀྲིན་ཐོང་ཁྲི་ལོ་བཅུ་གཉིས་པ་སྟེ་སྤྱི་ལོ་1447ལོར་སོང་མས་བཀའ་བསྩལ་ནས་རྗེ་དཔལ་ལྡན་བཀྲ་ཤིས་དགུང་ལོ་བདུན་ཅུར་སླེབས་པའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོ་རྒྱ་ཆེན་པོ་ཚོགས་པ་དང་། ཤཱཀྱ་ཤྲིས་བརྩམས་ཤིང་དཔལ་འབྱོར་དཔལ་བཟང་པོས་ཞུ་དག་གནང་བའི་《རྡོ་རྗེ་ཐེག་པར་དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོའི་རྣམ་པར་ཐར་བ་ཞེས་བྱ་བ་》དེ་ལོ་དེའི་(སྤྱི་ལོ་1447ལོ་)ཟླ་4པའི་ཚེས་9ཉིན་རྫོགས་པར་བརྩམས་ལ། རྗེས་སུ་ཨན་ཉིན་གྱིས་དེ་ཉིད་རྒྱ་ཡིག་ཏུ་བསྒྱུར་ཞིང་ཞུའུ་ཡང་གིས་ཡིག་ཐོག་ཏུ་བཀོད་པ་རེད། རྗེ་དཔལ་ལྡན་བཀྲ་ཤིས་དགུང་ལོ་བདུན་ཅུའི་རྗེས་ཀྱི་རྣམ་ཐར་ནི་ཡིག་ཆ་རྩ་ཆེན་དེའི་ནང་དུ་བཀོད་མེད་པ་དང་།  ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་གཞན་དག་དུའང་དེའི་སྐོར་འཁོད་པ་ཧ་ཅང་ཉུང་ཉུང་ཡིན། དེ་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་ཅིན་ཐའེ་ཁྲི་ལོ་གསུམ་པ་སྟེ་སྤྱི་ལོ་1452ལོའི་ཟླ་10པར།  གོང་མས་བཀའ་བསྩལ་ནས་ “ནུབ་ཀྱི་ཕྱོགས་ཀྱི་་རྒྱལ་བའི་སྲས་པོ་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་པོ་དཔལ་ལྡན་བཀྲ་ཤིས་ཉིད་བློ་ཆེན་ཆོས་རྗེ་(大智法王)རུ་བསྐོས་”པ་ལ།47 དེ་ནི་ཡུང་ལི་དང་ཞོན་ཏེ་གོང་མ་རྣམ་གཉིས་ཀྱིས་རིན་ཆེན་ཆོས་རྗེ་དང་། ཐེག་ཆེན་ཆོས་རྗེ། བྱམས་ཆེན་ཆོས་རྗེ་སོགས་ཆོས་རྗེ་ཆེན་པོ་གསུམ་བསྐོས་པའི་རྗེས་སུ་བསྐོས་པའི་ཆོས་རྗེ་ཉིད་ཡིན་ལ། འདི་ལས་རྗེ་གང་ཉིད་ཀྱིས་མིང་རྒྱལ་རབས་ཀྱི་སྐབས་སུ་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་པོ་ཞིག་བཟུང་ཡོད་པ་ཤེས་ཐུབ། རྗེ་འདི་ཉིད་དགོངས་པ་རྫོགས་པའི་ལོ་དུས་ནི་རྒྱ་བོད་ཀྱི་དེབ་ཐེར་ཁག་ཏུ་གསལ་པོ་ཞིག་འཁོད་མེད་ལ།   རྒྱ་ཡིག་གི་ཡིག་ཆ་ལས་ཅིན་ཐའེ་ཁྲི་ལོ་བདུན་པ་སྟེ་སྤྱི་ལོ་1456ལོའི་ཟླ་7པར་གོང་མས་བཀའ་བསྩལ་ནས་དཔལ་ལྡན་བཀྲ་ཤིས་ཀྱི་སློབ་མ་ཤཱཀྱ་ཤྲི་“དགེ་ཆེན་ཆོས་རྗེ་”(大善法王)རུ་བསྐོས་པ་48ཞེས་པར་གཞིགས་ན། དཔལ་ལྡན་བཀྲ་ཤིས་ནི་སྤྱི་ལོ་1456གམ། ཡང་ན་སྤྱི་ལོ་1455ལོ་གང་རུང་ཞིག་ཏུ་དགོངས་པ་རྫོགས་པར་འདོད་པས་བརྟག་པར་འཚལ། དེ་བཞིན་དུ་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ལས་“ང་དྲུག་པ་ལ་སྒྲོལ་དཀར་གྱི་་བསྙེན་པ་མཛད་སྐབས་མནལ་ལམ་དུ་རྗེ་བཙུན་མས་དགུང་ལོ་བརྒྱད་བཅུ་ལྷག་ཐུབ་པར་ལུང་བསྟན་”49ཞེས་སུ་བཀོད་ཡོད་པ་དང་། གལ་སྲིད་རྗེ་ཉིད་སྤྱི་ལོ་1456གམ་1455ལོ་གང་རུང་ཞིག་ཏུ་དགོངས་པ་རྫོགས་པའི་དབང་དུ་བཏང་ན་ཁོང་ཉིད་དགུང་ལོ་བརྒྱད་ཅུ་བཞུགས་པར་སྣང་བའོ།།
          གསུམ་པ། བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་མཛད་རྗེས་སྐོར།  
མིང་རྒྱལ་རབས་ཀྱིས་བོད་ཀྱི་གྲུབ་མཐའ་ཆེ་ཁག་དང་ས་གནས་ཁག་གི་མཚོན་བྱེད་མི་སྣར་འཇའ་ས་དང་ཆོ་ལོ་བསྩལ་ནས་ཆོས་རྗེ་དང་དབང་མང་པོ་བསྐོས་པ་ནི་རང་གི་དབང་སྒྱུར་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་ལ།  དེ་བཞིན་དུ་ཆོས་རྗེ་དང་དབང་སོ་སོས་དེའི་སྐབས་ཀྱི་བོད་ཡུལ་ནས་ས་གནས་སྟོབས་ཤུགས་མི་འདྲ་བ་མཚོན་ཡོད་དེ།  དཔེར་ན་རིན་ཆེན་ཆོས་རྗེ་ནི་བཀའ་བརྒྱུད་པ་དང་།  ཐེག་ཆེན་ཆོས་རྗེ་ནི་ས་སྐྱ་པ།  བྱམས་ཆེན་ཆོས་རྗེ་ནི་དགེ་ལུགས་པ་དང་།ཆོས་རྗེ་དང་དབང་གཞན་དག་མང་ཤོས་ཀྱང་གྲུབ་མཐའ་ངེས་ཅན་ནམ་ས་གནས་ངེས་ཅན་ཞིག་གི་ཚབ་མཚོན་མི་སྣ་རུ་གྱུར་ཡོད་པ་ཚང་མས་ཤེས་གསལ་རེད།  ཡིན་ནའང་མདོ་སྨད་མེན་ཇུ་ནས་བྱུང་བའི་རྗེ་དཔལ་ལྡན་བཀྲ་ཤིས་ནི་གྲུབ་མཐའ་གང་ཞིག་ལ་གཏོགས་པ་མི་གསལ་མོད། ས་ཆ་དེ་གའི་མི་དཔོན་གྱི་འགན་བཞེས་པའི་ཁྱིམ་རྒྱུད་ཞིག་ཏུ་འཁྲུངས་པ་ཡིན། འོན་ཀྱང་ཁྱིམ་རྒྱུད་ཀྱི་ཆབ་སྲིད་སྟོབས་ཤུགས་དེ་འདྲ་བ་ཞིག་ལ་ཆོས་རྗེའི་མཚན་སྙན་ཐོབ་རྒྱུ་ནི་ཧ་ཅང་དཀོན་པོ་ཡིན་པས། ཏག་ཏག་ཆོས་རྗེ་རང་སྟེང་གི་ཆ་ནས་མིང་གོང་མ་རིམ་བྱོན་གྱིས་མཐོང་ཆེན་བྱས་པ་དང་། བཀའ་བརྒྱུད་ས་སྐྱ་དགེ་ལུགས་སོགས་བོད་ཀྱི་གྲུབ་མཐའ་ཆེ་ཁག་གེ་ཚབ་མཚོན་མི་སྣ་དག་དང་འདྲ་བར་ཆོས་རྗེའི་མཚན་སྙན་ཐོབ་པ་ཞིག་རེད།  དེའི་རྒྱུ་མཚན་གྱི་ཆ་ནས་ཞིབ་ཏུ་བརྟག་ན་གཙོ་བོ་བླ་མ་གང་ཉིད་ཀྱིས་དུས་དེར་བཞག་པའི་ཆོས་སྲིད་ཀྱི་མཛད་འཕྲིན་བླ་མེད་དང་འབྲེལ་བ་དམ་ཟབ་ཏུ་གནས་པ་དེ་རེད། 
          གཅིག  བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་ཆོས་ཕྱོགས་ཀྱི་མཛད་རྗེས་སྐོར།  
          ཡོན་རྒྱལ་རབས་ཀྱི་སྐབས་སུ་སོག་པོའི་གོང་མ་རྣམས་ཀྱིས་ཆོས་ལ་དད་གུས་ཆེན་པོ་གནང་ཞིང་ས་སྐྱ་བའི་བླ་ཆེན་དག་གོ་ཤྲི་དང་ཏི་ཤྲི་རུ་བསྐོས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་སྤེལ་བའི་འགན་འཁུར།  ཀྲུའུ་ཡོན་ཀྲང་(朱元璋)གིས་མིང་རྒྱལ་རབས་བཙུགས་རྗེས་ཆོས་ལུགས་ལ་བཀག་སྡོམ་ངེས་ཅན་བྱས་པས་ཆོས་ལུགས་གོང་འཕེལ་གྱི་གོམ་འགྲོས་ཇེ་དལ་དུ་སོང་བ་དང་། དེ་རྗེས་ཀྱི་སོང་མ་ཡུང་ལི་ཡིས་བོད་ཀྱི་བླ་ཆེན་དག་ཆོས་རྗེ་དང་དབང་དུ་བསྐོས་པའང་གཙོ་བོ་ཆབ་སྲིད་ཀྱི་དགོས་མཁོ་སྐོང་རྒྱུའི་ཆེད་དུ་ཡིན།  དེ་དག་ལས་བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ནི་དུས་ཡུན་རིང་པོར་གོང་མའི་ཕོ་བྲང་དུ་བཞུགས་པ་དང་།  རང་ཉིད་ཀྱི་མཁྱེན་རྒྱ་དང་བློ་ནུས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་མིང་གོང་མའི་ཕོ་བྲང་དང་རྒྱ་ནག་ཡུལ་དུ་དར་བར་ཕྱག་རྗེས་ཆེན་པོ་གནང་བའི་དམིགས་བསལ་ཅན་གྱི་མི་སྣ་ཞིག་ཏུ་འཁུམས།  
          《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མ་དང་《མདོ་སྨད་ཆོས་འབྱུང་》སོགས་ལས་བཀོད་པ་ལྟར་ན། རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་ཆོས་ཕྱོགས་ཀྱི་མཛད་རྗེས་གཙོ་བོ་ནི་གོང་མར་དབང་གནང་བ་དང་ཕོ་བྲང་དུ་ཆོས་ཀྱི་ཆོ་ག་བསྒྲུབས་པ།  ཆོས་གཞུང་རྒྱ་ཡིག་ཏུ་བསྒྱུར་པ།  བཀའ་བསྟན་པར་འདེབས་མཛད་པ།  དགོན་སྡེ་ཕྱག་འདེབས་དང་སློབ་མ་གསོ་སྐྱོང་གནང་བ་བཅས་རྒྱ་ནག་ཡུལ་དུ་བོད་བརྒྱུད་ནང་བསྟན་སྤེལ་བ་དེ་ཡིན།  དེ་ལས་ཐོག་མར་མིང་གོང་མར་དབང་གནང་བ་དང་ཕོ་བྲང་དུ་ཆོས་ཀྱི་ཆོ་ག་བསྒྲུབས་པའི་སྐོར་ལ།  ཡུང་ལི་ལྕགས་ཡོས་ལོའི་(永乐辛卯)ཟླ་གསུམ་པར་50གོང་མའི་བཀའ་ལྟར་ཕོ་བྲང་དུ་ཕེབས་ནས་ཏའི་ཧྲན་ཏེན་(大善殿)དུ་ཆོས་སྤྱོད་བསྟོད་ཚོགས་ཀྱི་ཆོ་ག་བསྒྲུབས།51 སྐབས་ཤིག་ཡུལ་ལ་ཐན་སྐྱོན་བྱུང་བར་རྗེ་ཉིད་ཀྱིས་ཐན་ཀྲེ་དགོན་པར་(潭拓寺)52ཆར་འབབ་ཆོ་ག་བསྒྲུབས་ཏེ། སྦྲུལ་གཉིས་བཟུང་ནས་ཆོས་གསུངས་པ་དང་ཕྱི་ཉིན་ཆར་འབབ་རྒྱུའི་བཀའ་བསྩལ་བ་ན།  ཕྱི་ཉིན་ནས་སྦྲང་ཆར་བསིལ་མ་ཉིན་གཉིས་ལ་བབས་པ་དེ་ནི་རྗེ་འདིའི་བཀའ་དྲིན་ཡིན་ནོ་53ཞེས་པ་དང་། དེ་ནས་ཞོན་ཏེ་ས་སྤྲེལ་ལོར་(宣德戊申)བྱུང་ཧཱུང་ཏེན་(翔凤殿)དུ་གོང་མར་འཁོར་ཆེན་དང་།  ཟླ་བདུན་པར་ཕེན་ཏེན་(偏殿)དུ་ཚེ་དཔག་ལྷ་དགུའི་དབང་གནང་།54  ཞོན་ཏེ་ས་བྱ་ལོའི་(宣德已酉)ཟླ་དགུ་པའི་ཚེས་བརྒྱད་ཉིན་ཕོ་བྲང་དུ་བདེ་མཆོག་དཀྱིལ་འཁོར་ཆེན་པོ་དང་ཆོས་སྤྱོད་བསྟོད་ཚོགས་ཀྱི་ཆོ་ག་བསྒྲུབས།55 ཞོན་ཏེ་ཆུ་བྱ་ལོར་(宣德癸酉)56རྒྱལ་སྲུང་དཔལ་གྱི་དཀྱིལ་འཁོར་ཆག་མེད་ཀྱི་རིམ་པ་མཛད།57ཀྲིན་ཐོང་མེ་འབྲུག་ལོའི་(正统丙辰)ལོ་གསར་ཉིན་མོ་དེར་གོང་མའི་བཀའ་ལྟར་ཅིན་ཏེན་དུ་(金殿)བཀྲ་ཤིས་དཔལ་གྱི་སྨོན་ལམ་འཚོགས་པ་དང་། ཀྲིན་ཐོང་ཤིང་བྱི་ལོའི་(正统甲子)ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་གོང་མའི་བཀའ་ལྟར་ཕོ་བྲང་དུ་བཀྲ་ཤིས་དཔལ་གྱི་སྨོན་ལམ་ཚོགས།58  
          རྗེ་འདི་ཉིད་ཀྱིས་ཆོས་གཞུང་རྒྱ་ཡིག་ཏུ་བསྒྱུར་པ་དང་བཀའ་བསྟན་པར་འདེབས་གནང་བའི་སྐོར་ལ། རྗེ་དཔལ་ལྡན་བཀྲ་ཤིས་དགུང་ལོ་བཅོ་ལྔའི་59སྐབས་སུ་རྗེ་དཔལ་ལྡན་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་བ་དང་། བཅུ་བདུན་པར་མིང་ཅིན་དབང་གིས་གདན་འདྲེན་བྱས་པ་ལྟར་རྗེ་དཔལ་ལྡན་རྒྱ་མཚོའི་ཕྱག་ཕྱིར་ཧྲན་ཞིར་ཕེབས།60  དེ་གར་མཚན་བརྗོད་སོགས་རྒྱུད་ཕྲན་དུ་མ་དང་། མདོ་སྡེ་པད་དཀར་སོགས་ཀྱི་པར་བསྐྲུན།61ཞོན་ཏི་ཁྲི་ལོ་དང་པོརགོང་མས་“རིག་པ་རྣམ་དག་སྙིང་རྗེ་ཕན་མཛད་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་མོ་”རུ་བསྐོས་རྗེས་ཀྱི་ཟླ་lཔོའི་ཚེས་l5ཉིན། གོང་མའི་བཀའ་ལྟར་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་བདུད་རྩིའི་རྒྱ་མཚོ།(喜金刚甘露海坛场修习观仪)འཁོར་ཆེན།(大轮金刚手坛场法义) འཇིགས་བྱེད་བཅུ་གསུམ་པ།(金刚怖畏十佛中围坛场法义) ཀུན་རིག (普觉中围坛场法义) ཚེ་དཔག་ལྷ་དགུ་རྣམས་ཀྱི་དཀྱིལ་འཁོར་གྱི་ཆོ་ག(无量寿佛九佛中围坛场法仪)རྣམ་སྲས་སྒྲུབ་ཐབས། (多闻天王修习法仪) བར་དོའི་ངོ་སྤྲོད་(中有)སོགས་མཛད་པ་དེ་རྣམས་དང་། ད་དུང་རྒྱུད་བརྟག་གཉིས་ཀྱི་འགྲེལ་བ་(喜金刚二释本续注解)དང་བཅས་པ་རྒྱ་ཡིག་ཏུ་བསྒྱུར།62  ཞོན་ཏེ་ཆུ་བྱ་ལོར་63ཕར་ཕྱིན་དང་དབུ་མ་རྩ་འགྲེལ། སྐྱེས་རབས་སོགས་པར་དུ་བསྐྲུན།64  ཀྲིན་ཐོང་ལྕགས་བྱ་ལོ་སྟེ་སྤྱི་ལོ་1441ལོར་སོང་ནས་གསེར་གྱི་བཀའ་འགྱུར་བཞེངས་པ་ལ་བོད་ཡིག་གི་དཀར་ཆག་མཛད།65 ཀྲིན་ཐོང་ཁྲི་ལོ་བཅུ་གཉིས་པ་སྟེ་ཤཱཀྱ་ཤྲིས་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》བརྩམས་པའི་ལོ་དེར། རྗེ་ཉིད་ཀྱིས་《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པ་》ཡི་རྒྱ་བོད་ཤན་སྦྱར་མ་ལ་ཞུ་དག་མཛད།66  
          རྗེ་འདི་ཉིད་ཀྱིས་དགོན་སྡེ་ཕྱག་འདེབས་དང་སློབ་མ་གསོ་སྐྱོང་གནང་བའི་ཆ་ནས། སེར་མོ་བ་དག་ལ་སྡོམ་པ་བཀོད་པའི་སྐོར་རགས་ཙམ་བརྗོད་ན།  རྗེ་ཉིད་དགུང་ལོ་ཞེ་གཅིག་པ་མེ་བྱ་ལོ་སྟེ་སྤྱི་ལོ་1417ལོར་ཕ་ཡུལ་མེན་ཇུ་རུ་ལྷུན་གྲུབ་བདེ་ཆེན་གྱི་གཙུག་ལག་ཁང་བཞེངས་འགོ་བཙུགས་པ་དང་། ལེགས་འགྲུབ་བྱུང་བ་ལ་ཉེ་བའི་དུས་སུ་གོང་མ་ཡུང་ལིའི་བཀའ་ལྟར་ཕོ་བྲང་དུ་ཕེབས་ནས་ཟིང་མུ་ཟིའི་རྒྱལ་ཁམས་ཀྱི་བན་དཔོན་ཆེན་པོ་གཡིའུ་ཚན་ཀྱའུ་ཀེའི་ལས་ཀ་གནང་བ་དང་། དངོས་སློབ་ཤཱཀྱ་ཤྲིས་མེན་ཇུ་རུ་གཙུག་ལག་ཁང་ལེགས་གྲུབ་ཡོང་བའི་བར་དུ་འགན་ཁུར་བ་དང་།67 ཞོན་ཏེ་ཁྲི་ལོ་གཉིས་པ་མེ་ལུག་ལོ་སྟེ་སྤྱི་ལོ་1427ལོའི་68ཟླ་3པར་གོང་མའི་བཀའ་ལྟར་རྗེ་ཉིད་བཞུགས་པའི་ཁྲུན་གྭའི་སྡེ་ཆེན་རྒྱ་བསྐྱེད་དེ་མིང་ཡང་ “ཏའི་ལུང་བཤེན་ཟི་”རུ་བསྔགས་་ནས་གཙུག་ལག་ཁང་རྙིང་པ་ཞིག་གསོས་དང་། གསར་དུ་ལྷ་ཁང་དབུ་རྩེ་གློ་འབུར་དང་། གཟིམས་ཁང་། དགེ་འདུན་གྱི་བཞུགས་གནས་བཅས་ཁང་མིག་ལྔ་བརྒྱ་ལྷག་མཛོད་ནས་བཞེངས།  ཟླ་7པར་གོང་མའི་བཀའ་ལྟར་གཙུག་ལག་ཁང་ཞིག་གསོས་ཀྱི་ཆེད་བློན་ཆེན་གཉིས་ལ་ལྷ་ཁང་བཟོ་བའི་འཇའ་ས་དང་།  གཞན་མི་དཔོན་ཆེ་ཆུང་བརྒྱ་ཕྲག་དང་སྡེ་དཔོན་ཆེ་ཆུང་བརྒྱ་ཕྲག་གཉིས།  བཟོ་རིག་པ་སྣ་ཚོགས་བརྒྱ་ཕྲག་བཅུ་གཅིག    དམག་མིའུ་ལག་སྟོང་ཕྲག་ཉི་ཤུ་རྩ་ལྔ་བཅས་མངགས་ནས་མཛོད་ཀྱི་སྟེང་ནས་ལྷ་ཁང་ཆེན་མོ་དབུ་རྩེ་ཅན།  རྔ་ཁང་། ཅོང་ཁང་།  གློ་འབུར་དྲུག་དང་རྒྱལ་ཆེན་ཁང་།  རྡོ་རིང་ཁང་སོགས་ཐམས་ཅད་གཡུ་གྱོ་བརྩེགས་མའི་ཐོག་ཅན།  ཁྱམས་ར་གྱན་དྲུག་ཅུ་དང་བཅས་པའི་ལྷ་ཁང་ཆེན་མོ་སོགས་བཞེངས་པ་དང་།  གོང་མས་ཏའི་ཁྲུང་ཀྱའུ་ཟི་སྟེ་བསྟན་པ་མཐོ་བའི་སྡེ་ཞེས་བསྔགས་པའི་ཡི་གེའང་རྡོ་རིང་ལ་བཀོད།69ཡང་གོང་མ་མཆོད་ཡོན་གྱིས་རྗེའི་བཀའ་བཞིན་རྣམ་རྒྱལ་གླིང་ཞེས་བྱ་བའི་སྡེ་ཟུར་དུ་བཙུགས།  འདུ་ཁང་དང་གྲྭ་ཁང་ཕིབས།70 ཡང་ཀྲིན་ཐོང་ཁྲི་ལོ་བཞི་པ་ནས་བརྒྱད་པ་སྟེ་སྤྱི་ལོ་1439ནས་1443ལོའི་བར་པེ་ཅིང་ཧྲི་ཅིན་ཧྲན་དུ་དམ་ཆོས་རྒྱ་མཚོའི་གླིང་(法海寺)ཞེས་པའི་ཆོས་སྡེ་ཆེན་པོ་ཕྱག་འདེབས་ཀྱི་ལས་ལ་ཞུགས།71 
          དེ་ནས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་སློབ་མ་གསོ་སྐྱོང་གནང་བ་དང་སེར་མོ་བ་ལ་སྡོམ་པ་གནང་བའི་སྐོར་ལ། རྗེ་འདིར་སློབ་བུ་དམ་པ་ཀྭོན་ཏིང་ཏའི་ཀཽ་ཤྲི་ཤཱཀྱ་ཤྲི་དང་། དབོན་པོ་ཏའི་ཀཽ་ཤྲི་ཆོས་གྲུབ་བཟང་པོ། དཔལ་འབྱོར་བཟང་པོ། དགེ་བཤེས་རིན་ཆེན་གྲུབ། དཀའ་བཞི་པ་ཀོ་ཤི་བསོད་ནམས་བཟང་པོ། དཀའ་བཞི་པ་གྲགས་པ་བསོད་ནམས།  དཀའ་བཞི་པ་སྨོན་ལམ་བརྩོན་འགྲུས།དཀའ་བཞི་པ་གྲགས་པ་རྡོ་རྗེ།  དབོན་པོ་ཤེས་རབ་ཡེ་ཤེས་སོགས་ཡོད་ལ།72 ཞོན་ཏེ་ཁྲི་ལོ་གཉིས་པ་མེ་ལུག་ལོ་སྟེ་སྤྱི་ལོ་1427ལོར་ཏའི་ལུང་བཤེན་དུ་ཧྭ་ཤང་བརྒྱ་ཕྲག་བརྒལ་བ་འཚོགས་པའི་སྡེ་བཙུགས།  རྒྱའི་མཁན་པོ་ཟི་ལུའུ་ཟིའི་ཛོའ་ཆེན་ཀྱའུ་ཧོའུ་ཙིན་(僧録司左阐教惠进)དང་།  ཟུར་ཆེན་པ་ཧུར་ཀྱའུ་སྡེའི་ཛང་ལ་ལའུ་གུ་ཡོན་(弘教等主持古源)གཉིས་ལ་རྒྱའི་ལུགས་ཀྱི་འཆད་ཉན་བྱེད་དུ་བཅུག73  ཞོན་ཏེ་ཆུ་བྱ་(ཆུ་གླང་ལོ་)ལོའི་74སྟོན་ཁའི་ཟླ་7པར། རྗེ་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་པའི་བནྡེ་བླ་མ་ཡོ་གི་ཤྭ་ར་(约吉说啰)དང་།  རྒྱའི་སྡེ་དཔོན་གྷཱོ་ཧའི།(觉海)  ཡོན་བཞད་(圆让)སོགས་མི་ཉེར་ལྔ་དགེ་སློང་གི་སྡོམ་པ་ལ་བཀོད།75  ཀྲིན་ཐོང་ཁྲི་ལོ་བདུན་པ་ཆུ་ཁྱི་ལོ་སྟེ་སྤྱི་ལོ་1442ལོར་གོང་མར་རྒྱལ་ཁམས་ཀྱི་བརྙེ་རྣམས་ལ་ཏུའུ་ཐེས་(度牒)ཞུས་པས་བནྡེ་སུམ་ཁྲི་བདུན་སྟོང་ལ་ཏུའུ་ཐེས་གནང་།76  
          གཉིས།  བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་སྲིད་ཕྱོགས་ཀྱི་མཛད་རྗེས་སྐོར།  
          རྗེ་དཔལ་ལྡན་བཀྲ་ཤིས་ཀྱི་སྲིད་ཕྱོགས་ཀྱི་མཛད་པ་ནི་གཙོ་བོ་གོང་མ་ཡུང་ལིའི་དུས་སུ་ཡིན་ལ། དེ་ལ་གཅིག་ནས་གོང་མས་ཆོས་རྗེ་དེ་བཞིན་གཤེགས་པ་གདན་དྲངས་དུས་རྗེ་འདི་ཉིད་བསུ་བར་ཕེབས་ཏེ་ལོ་ཙཱ་གནང་ཞིང་། རྗེས་སུ་ཕྱག་ཕྱིར་དང་བོད་དུ་ཕེབས་པ་དང་། གཉིས་ནས་ཕག་མོ་གྲུ་པའི་ཞལ་ངོ་གྲགས་རྒྱལ་སོགས་ཞབས་ཕྱིར་ཁྲིད་དེ་ངོ་ཆེན་དུ་བྱོན་པས་གོང་མས་བོད་དུ་དམག་རྒྱག་པའི་འཆར་གཞི་འཕྲལ་དུ་ཡང་ཆར་བཏང་བ། གསུམ་ནས་སོང་མ་ཡུང་ལིའི་ཕོ་ཉའི་ཚུལ་གྱིས་དབུས་སུ་ཕེབས་ཏེ་ཀརྨའི་སྤྲུལ་སྐུ་བརྟག་དཔྱད་གནང་བ་སོགས་གཙོ་བོ་ཁག་གསུམ་དུ་དབྱེ་ཆོག  
          《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ལས་བཀོད་པ་ལྟར་ན། རྗེ་དཔལ་ལྡན་བཀྲ་ཤིས་འདི་ཉིད་དགུང་ལོ་ཉེར་བརྒྱད་པ་ལ་དྲུང་ཆེན་པ་དཔལ་ལྡན་རྒྱ་མཚོའི་ཕྱག་ཕྱིར་ནམ་ཐས་(南京)སུ་གོང་མ་ཡུང་ལི་དང་མཇལ་བ་དང་ཅཱི་རྨིན་དགོན་(鸡鸣寺)དུ་བཞུགས། ཕྱི་ལོ་སྟེ་དགུང་ལོ་ཉེར་དགུའི་སྐབས་སུ་གོང་མའི་བཀའ་ལྟར་རིན་ཆེན་ཆོས་རྗེ་བསུས་ནས་77ནམ་ཐས་སུ་ཕེབས་པ་དང་ཝིན་ཀུའུ་དགོན་པར་(灵谷寺)བཞུགས་ཤིང་། ཉིན་ལྟར་ཆོས་རྗེ་ལ་ཞབས་ཞུ་བསྒྲུབས་པ་དང་། ཆོས་རྗེ་ལས་ཆོས་གསན་པ་དང་། ད་དུང་ཆོས་རྗེ་གང་དེའི་ལོ་ཙཱ་བ་ཡང་གནང་། གོང་མས་རྗེ་འདི་ཉིད་ལོ་ན་གཞོན་ཞིང་ཀུན་སྤྱོད་གཙང་བ་མཐོང་པས་ཆོས་རྗེ་ཀརྨ་པའི་ཞབས་ཕྱིར་ཕུལ་བ་ན།78 ཆོས་རྗེའི་ཐུགས་རབ་ཏུ་དགྱེས་པ་དང་གང་དེར་དབང་མང་པོ་ཡང་གནང་། དགུང་ལོ་སོ་གསུམ་པར་ཀརྨ་དེ་བཞིན་གཤེགས་པའི་ཕྱག་ཕྱིར་དབུས་སུ་ཕེབས་ནས་མཚུར་ཕུར་བཞུགས།79 
          ཀརྨ་དེ་བཞིན་གཤེགས་པ་དགུང་ལོ་ཉི་ཤུར་ཕེབས་པ་ཆུ་ལུག་ལོ་སྟེ་སྤྱི་ལོ་1403ལོར་གོང་མ་ཡུང་ལི་ཁྲི་ལ་བཞུགས་རྗེས་གདན་འདྲེན་པའི་མི་སྣ་དང་ཞུ་ཡིག་དང་བཅས་པ་འབྱོར་ཞིང་། དགུང་ལོ་ཉེར་གཉིས་པ་ཤིང་བྱ་ལོ་སྟེ་སྤྱི་ལོ་1405ལོར་མཚུར་ཕུ་དགོན་པ་ནས་ཕེབས་ཐོན་གནང་ནས་བར་ཁམས་བརྒྱུད་ལམ་ཐོག་ལོ་ངོ་གཉིས་འགོར་ཞིང་། མེ་ཕག་སྟེ་སྤྱི་ལོ་1407ལོའི་ཟླ་བ་དང་པོའི་ཟླ་མཇུག་ལ་ནན་ཅིན་དུ་སླེབས་ནས་གོང་མ་ཡུང་ལི་དང་མཇལ་བ་དང་།  ཕོ་བྲང་དུ་ཆོས་མང་པོ་གསུངས། ཟླ་བ་གསུམ་པའི་ཚེས་གསུམ་ཉིན་གོང་མས་གཟེངས་བསྟོད་ཀྱི་འཇའ་ས་“རིན་ཆེན་ཆོས་རྗེ་”སྟེ་མིང་ཆ་ཚང་ལ་“དེ་བཞིན་གཤེགས་པ་རིན་པོ་ཆེ་ཆོས་ཀྱི་རྗེ་པོ་ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་ཞི་བ་དབང་ཕྱུག་གི་སངས་རྒྱས་” (如来大宝法王西天大善自在佛)ཞེས་པ་གནང་། རྒྱ་ཟླ་བཞི་པའི་ནང་རྒྱལ་ནང་ནས་ཞལ་གྱེས་ཏེ་བར་ཁམས་དང་བྱང་ལམ་བརྒྱུད།   ལྕགས་ཡོས་ལོ་སྟེ་སྤྱི་ལོ་1410ལོའི་དགུན་སྟོད་ལ་མཚུར་ཕུ་དགོན་པར་ཕྱག་ཕེབས།80  “རིན་ཆེན་ཆོས་རྗེ་”ཞེས་པའི་གཟེངས་བསྟོད་གང་ནི་ཡོན་ཀྲི་ཡོན་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ་1269ལོར་སེ་ཆེན་གོང་མས་འཕགས་པ་བློ་གྲོས་རྒྱལ་མཚན་ལ་གནང་མྱོང་ལ། གོང་མ་ཡུང་ལིས་ཀརྨ་དེ་བཞིན་གཤེགས་པ་ “རིན་ཆེན་ཆོས་རྗེ་”རུ་བསྐོས་པ་དེ་ནི་མིང་་གོང་མའི་སྲིད་གཞུང་གིས་བོད་ཀྱི་གྲུབ་མཐའ་ཆེ་ཁག་དང་ས་གནས་ཁག་གི་ཚབ་མཚོན་མི་སྣར་འཇའ་ས་དང་ཆོ་ལོ་བསྩལ་བའི་ཐོག་མ་ཡིན། དེ་ནས་རིམ་བཞིན་ཐེག་ཆེན་ཆོས་རྗེ་དང་། བྱམས་ཆེན་ཆོས་རྗེ། བློ་ཆེན་ཆོས་རྗེ།དགེ་ཆེན་ཆོས་རྗེ། རྟོགས་ཆེན་ཆོས་རྗེ། སྐྱོབ་ཆེན་ཆོས་རྗེ། གྲུབ་ཆེན་ཆོས་རྗེ་སོགས་ཆོས་རྗེ་དང་། ཁྲན་ཧྭ་དབང་དང་ཧུའུ་ཅའོ་དབང་། ཙན་ཧྲན་དབང་། ཧྥུའུ་ཅའོ་དབང་སོགས་དབང་ལྔ། དེ་མིན་ད་དུང་ཏའི་ཀཽ་ཤྲི་དང་ཀཽ་ཤྲི་སོགས་མང་པོ་བསྐོས་ནས་བོད་དུ་དབང་སྒྱུར་སྲ་བརྟན་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཡོད།རྗེ་དཔལ་ལྡན་བཀྲ་ཤིས་ནི་དྲུང་ཆེན་པ་དཔལ་ལྡན་རྒྱ་མཚོའི་ཕྱག་ཕྱིར་ཧྲན་ཞིར་ཕེབས་ནས་བཀའ་བསྟན་བཅས་པ་བཞེངས་པས་རྒྱའི་སྐད་རིགས་དང་རིག་གནས་ལ་ཡང་བྱང་ཆ་ཡོད་སྲིད་པས། དགུང་ལོ་ཉེར་བརྒྱད་ལ་ནན་ཅིན་དུ་གོང་མ་ཡུང་ལི་དང་མཇལ་བ་དང་། ཕྱི་ལོར་གོང་མའི་བཀའ་ལྟར་རིནཆེན་ཆོས་རྗེ་བསུས་པ་སོགས་ལས་གང་ཉིད་ནན་ཅིན་དུ་ཕེབས་པ་ནི་མིང་སོང་མའི་སྲིད་གཞུང་གིས་ཆོས་རྗེ་ཀརྨ་པ་བསུ་བར་གྲ་སྒྲིག་བྱས་པ་ཞིག་ཨེ་ཡིན་སྙམ། དེ་ནས་རྗེ་ཉིད་ཀྱིས་རིན་ཆེན་ཆོས་རྗེ་ལ་ལོ་ཙཱ་དང་ཞབས་ཞུ་ཡག་པོ་བསྒྲུབས་པ་འདིས་ནི་སྐབས་དེར་མིང་གོང་མའི་སྲིད་གཞུང་དང་བོད་ས་གནས་ཀྱི་ཆབ་སྲིད་དང་རིག་གནས་ཕན་ཚུན་བར་གྱི་འབྲེལ་བ་སྲ་བརྟན་དུ་ཡོང་བར་ཕྱག་རྗེས་བླ་ན་མེད་པ་གནང་ཡོད་པ་རེད།  
          དེ་ཡང་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ལས་ཕག་མོ་གྲུ་པའི་ཞལ་ངོ་གྲགས་རྒྱལ་སོགས་ཞབས་ཕྱིར་ཁྲིད་དེ་ངོ་ཆེན་དུ་བྱོན་པས་གོང་མས་དམག་རྒྱག་པའི་འཆར་གཞི་འཕྲལ་དུ་ཡང་ཆར་བཏང་བའི་སྐོར་ལ། རྗེ་དཔལ་ལྡན་བཀྲ་ཤིས་ཉིད་དགུང་ལོ་སོ་གསུམ་པར་ཆོས་རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་ཕྱག་ཕྱིར་དབུས་སུ་ཕེབས། གནས་མཆོག་དུ་མར་མཇལ་བ་དང་བླ་ཆེན་མང་པོ་བསྟེན། དགུང་ལོ་སོ་བཞི་པར་མཚུར་ཕུར་བཞུགས་དུས། གོང་མས་དབུས་ཀྱི་དབང་གྲགས་རྒྱན་པས་བཀའ་དང་བླང་མ་བྱས་པར་ཐུགས་ཁྲོས་ནས་བོད་ལ་དམག་རྒྱག་རྩིས་བྱ་བར་བརྩམས་པ་ལ། དབང་གིས་སེམས་ཁྲལ་ཆེན་པོའི་ངང་གལ་ཏེ་གོང་མས་དམག་དབུས་སུ་དཔུང་འཇུག་བྱས་ཚེ་ང་ཚོས་གཏན་ནས་འགོག་མི་ཐུབ་ལ་དམངས་ཀྱི་འཚོ་རྟེན་ཡང་བརླག་རྒྱུའི་ཉེན་ཁ་ཆེ། ད་ཅི་བྱ་ཞེས་བློན་པོ་རྣམས་དང་གྲོས་མོལ་བྱས་པས། བློན་རྣམས་ཀྱིས་རྗེ་དཔལ་ལྡན་བཀྲ་ཤིས་ནི་ཆོས་ཀྱི་མཁྱེན་རྒྱ་ཡངས་ཤིང་བགྱི་བའི་ཐབས་ལ་མཁས་པས་དབང་གི་ཚབ་ཏུ་ངོ་ཆེན་དུ་བྱོན་ན་འོས་ཞེས་པས།  དབང་ཉིད་རྗེ་དཔལ་ལྡན་བཀྲ་ཤིས་སྒོམ་དུ་བཞུགས་སར་ཕེབས་ནས་ངོ་ཆེན་དུ་བྱོན་རྒྱུ་ཞུས་པས་ཁས་མ་བླངས། དབང་གིས་གལ་སྲིད་རྗེ་ཉིད་མ་ཕེབས་ན་གོང་མའི་དཔུང་ཆེན་བོད་དུ་སླེབས་རྒྱུ་ཡིན་པས། ས་འདི་གའི་འགྲོ་བ་སེམས་ཅན་ཐམས་ཅད་ཅི་ལྟར་བྱ།  བྱམས་སྙིང་རྗེ་དང་ཕན་འདོད་བསམ་པས་ཅི་ཕན།  ཐ་ན་རྗེ་ཉིད་ཀྱིས་སྒོམ་སྒྲུབ་ཀྱི་གནས་འདིའང་ང་ཚོར་དབང་མི་སྲིད་ཞེས་ཡང་ཡང་ཞུས་ཤིང་།   ཆོས་རྗེ་རིན་པོ་ཆེས་ཀྱང་བཀའ་གནང་བས། དབང་གི་དབོན་པོ་སོགས་མི་སུམ་ཅུ་ཁྲིད་དེ་ཇག་རྐུན་དང་ཆུ་ལོག་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ནན་ཅིན་དུ་ཕེབས་ནས་གོང་མ་དང་མཇལ་བ་དང་།  དབུས་ཀྱི་གནས་ཚུལ་ཞིབ་ཏུ་བརྗོད་དེ་ངོ་ཆེན་ཞུས་པས་གོང་མས་འཕྲལ་དུ་ཡང་ཆར་བཏང་།81  
          《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ལྟར་ན་གོང་མ་ཡུང་ལིས་དབུས་ཀྱི་དབང་གྲགས་རྒྱན་པས་བཀའ་དང་བླང་མ་བྱས་པར་ཐུགས་ཁྲོས་ནས་བོད་ལ་དམག་རྒྱག་རྩིས་བྱས་པ་ནི་ཀརྨ་པ་དང་རྗེ་དཔལ་ལྡན་བཀྲ་ཤིས་དབུས་སུ་ལོག་པའི་ཕྱི་ལོའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ་1412ལོ་ཡིན་ལ། ལོ་དེར་ཕག་གྲུ་སྡེ་སྲིད་ཀྱིས་གོང་མའི་བཀའ་དང་བླང་མ་བྱས་པའི་དོན་རྐྱེན་སྐོར་ལ་ཞིབ་ཏུ་བསམ་ན་ཕལ་ཆེར་ས་ཕག་ཕྱོགས་གཉིས་ཀྱིས་ས་སྐྱའི་ལྷ་ཁང་ཆེན་མོའི་བདག་དབང་སྐོར་ལ་རྩོད་གཞི་བྱུང་བ་དང་འབྲེལ་བ་ཡོད་པར་སྐུ་ཞབས་ལོའི་ཀྲའོ་ཡིས་ཞིབ་འཇུག་གཏིང་ཟབ་མོ་ཞིག་གནང་།82 ས་སྐྱའི་ལྷ་ཁང་ཆེན་མོ་ནི་འགྲོ་མགོན་འཕགས་པའི་བཀའ་ལྟར་ས་སྐྱ་དཔོན་ཆེན་ཤཱཀྱ་བཟང་པོས་བཞེངས་པ་ཡིན་ལ་འདི་ནི་ས་སྐྱའི་སྲིད་དབང་གི་མཚོན་བྱེད་ཞིག་ཀྱང་ཡིན།རབ་བྱུང་དྲུག་པའི་ས་གླང་ལོ་སྟེ་སྤྱི་ལོ་1359ལོར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་ཡོངས་རྫོགས་རྩིས་བླངས་ནས་ཕག་གྲུ་སྡེ་སྲིད་ཀྱི་སྲིད་དབང་བཙུགས་པ་དང་ས་སྐྱའི་ལྷ་ཁང་ཆེན་མོའང་ཕག་གྲུས་བཟུང་།  ཆུ་འབྲུག་ལོ་སྟེ་སྤྱི་ལོ་1412ལོར་གོང་མ་ཡུང་ལིས་ཕོ་ཉ་དབྱང་ཟན་པའོ་(杨三保)སོགས་བོད་དུ་བཏང་ནས་ས་སྐྱ་པའི་ཀུན་དགའ་བཀྲ་ཤིས་གདན་འདྲེན་བྱས་པ་དང་། ས་སྐྱ་པས་དུས་དེ་དང་བསྟུན་དེ་ཕག་གྲུའི་ལག་ནས་ས་སྐྱའི་ལྷ་ཁང་ཆེན་མོ་ཚུར་བླངས་པའི་སྐོར་《རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་》ལས་“ཆུ་ཕོ་འབྲུག་གི་ལོ་བདག་ཆེན་དགུང་ལོ་ལྔ་བཅུ་ང་དྲུག་བཞེས་པ། ཟླ་བ་གཉིས་པའི་ནང་དུ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་གོང་མ་རྒྱལ་པོས་སྤྱན་འདྲེན་པའི་གསེར་ཡིག་པ། ཡང་ཏ་བཞིན་གྱིས་འགོ་བྱས་རྣམས་ཕེབས་པའི་སྟོན་མོ་ཞུ་བ་ལ་སྦད་གཅོད་དུ་ཕེབས།  ཏ་བཞིན་སྐུ་འཁོར་ལྔ་བརྒྱ་ཙམ་ལ་ཞབས་ཏོག་རྒྱ་ཆེར་མཛད་ནས་ཕྱིར་ཕེབས། ......དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་སྔར་ལྟར་དགོངས་དགོས་ཚུལ་དང་། ལྷ་ཁང་ཆེན་མོ་ལེན་པ་སོགས་ཀྱི་བཀའ་བགྲོས་ཀྱང་སྙན་དུ་གསོལ།”83  ཆུ་མོ་སྦྲུལ་གྱི་ལོར་“དབུས་གཙང་གི་སྡེ་དཔོན་མང་པོ་ལ་(ཆོས་རྗེ་ཐེག་ཆེན་དྲུང་དང་། ཀརྨ་པ་ལ་འབུལ་པ། མཚུར་ཕུ་ལ་གསེར་ཐོག་འགེལ་བ། ......དབུས་པ་ལ་ལྷ་ཁང་ཆེན་མོ་གདན་ས་ལ་སྤྲོད་དགོས་ཀྱི་འཇའ་ས་དང་བཅས་པའི་)སྒྲོག་པ་ལ་ཧ་ཧོ་ཏ་བཞིན་དང་། གསུང་ཏ་བཞིན་གྱི་འགོ་བྱས་ཏ་བཞིན་ལྔ། འཁོར་ལྔ་བརྒྱ་ཙམ་དང་བཅས་པ་ཕོ་བྲང་ཆེན་པོ་ནས་ལོ་འདིའི་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་ཐེགས་པ།འདི་སྐོར་དུ་ཟླ་བ་བཅུ་གཉིས་པའི་ནང་དུ་ཕེབས་”84པ་དང་། ས་ཕོ་ཁྱིའི་ལོ་ལ། “ཆོས་རྒྱལ་སྐུ་མཆེད་པའི་དྲུང་ལ།ཏའི་སི་ཏུ་དང་ནང་ཆེན་གྱི་འཇའ་ས་གོང་དུ་བརྗོད་ཟིན་པ་བཞིན་བསྒྲགས་ཤིང་། ..... དབུས་པས་ལྷ་ཁང་ཆེན་མོ་ཐེག་ཆེན་གྱི་དྲུང་དུ་ཕུལ་ནས། ཕྱག་ཏུ་བྱུང་བ་རྟེན་འབྲེལ་འགྲིག་པར་འདུག་'85ཅེས་པ་ན།  གོང་འཕྲོས་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》དང་《རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་》གཉིས་ཀྱི་ལོ་དུས་དང་དོན་རྐྱེན་ཕན་ཚུན་ཞིབ་བསྡུར་བྱས་པ་ལས་ཤེས་ཐུབ་པ་ནི། ཆུ་འབྲུག་ལོ་སྟེ་སྤྱི་ལོ་1412ལོར་དབང་གྲགས་པ་རྒྱལ་མཚན་གྱིས་གོང་མའི་བཀའ་དང་བླང་མ་བྱས་པ་ཞེས་པ་ནི་ཕག་གྲུ་པས་ས་སྐྱའི་ལྷ་ཁང་ཆེན་མོ་ས་སྐྱ་པར་སྤྲད་རྒྱུ་མ་འདོད་པ་དེ་ཡིན་ཤོས་ཆེ་བ་དང་།  གོང་མས་ཕོ་ཉ་དབྱང་ཟན་པའོ་སོགས་བོད་དུ་མངགས་ནས་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་གདན་འདྲེན་བྱས་པ་དང་འགྲོགས་ཕག་གྲུ་ལ་ས་སྐྱའི་ལྷ་ཁང་ཆེན་མོ་ས་སྐྱ་པར་ཕྱིར་སྤྲད་རྒྱུའི་བཀའ་བཙན་པོ་གནང་བས།  དབང་གིས་དམག་རྒྱག་རྒྱུར་འཇིགས་ནས་རྗེ་དཔལ་ལྡན་བཀྲ་ཤིས་ཞུས་ཏེ་ངོ་ཆེན་དུ་ཕེབས་པ་རེད།  ཡང་ལོ་དེར་ཕག་གྲུ་སྡེ་སྲིད་ཀྱིས་གོང་མའི་བཀའ་དང་བླང་མ་བྱས་པ་ནི་ས་ཕག་ཕྱོགས་གཉིས་ཀྱིས་ས་སྐྱ་ལྷ་ཁང་ཆེན་མོའི་བདག་དབང་སྐོར་ལ་རྩོད་གཞི་བྱུང་བ་ཡིན་ཏེ་《མདོ་སྨད་ཆོས་འབྱུང་》ལས་ “རྗེ་འདིས་ཕག་མོ་གྲུབ་པའི་ཞལ་ངོ་གྲགས་རྒྱལ་སོགས་ཞབས་ཕྱིར་ཁྲིད་དེ་ངོ་ཆེན་དུ་བྱོན་པ་དང་”ཞེས་པ་དང་།  རྒྱའི་གཞུང་ཡིག་ཏུ་ “ཀྲུང་ཀོའན་དབྱང་ཟན་པའོ་སོགས་བོད་ནས་ཕྱིར་ཕེབས། དབུས་གཙང་གི་ཕག་མོ་གྲུ་པའི་ཀོན་ཏི་ཀཽ་ཤྲི་ཁྲན་ཧྭ་དབང་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དབོན་པོ་གྲགས་རྒྱལ་སོགས་ཀྱང་དབང་ཟན་པའོ་དང་མཉམ་དུ་ཕྱག་མཚལ་དུ་ཕེབས་”86ཞེས་བཀོད་ཡོད་པ་ལས། རྗེ་དཔལ་ལྡན་བཀྲ་ཤིས་ནི་དབང་ཟན་པའོ་དང་མཉམ་དུ་རྒྱ་ནང་དུ་ཕེབས་པ་དང་། ཕག་གྲུའི་ཕྱོགས་ནས་དུས་མཉམ་དུ་ཕེབས་མཁན་ནི་གྲགས་པ་རྒྱལ་མཚན་གྱི་དབོན་པོ་གྲགས་རྒྱལ་ཡིན་པ་དང་། ཐེངས་འདིར་རྗེ་དཔལ་ལྡན་བཀྲ་ཤིས་དང་གྲགས་རྒྱལ་སོགས་ཕོ་བྲང་དུ་ཕེབས་པའི་དམིགས་ཡུལ་ནི་“ཕག་གྲུ་སྡེ་སྲིད་ཀྱིས་གོང་མའི་བཀའ་དང་བླང་མ་བྱས་པར་ངོ་ཆེན་དུ་བྱོན་པ་”ཡིན་པ་རྟོགས་ནུས་ལ། དེ་བཞིན་དུ་རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་ཕག་མོ་གྲུ་པའི་ཆེད་དུ་ངོ་ཆེན་ཞུ་བར་བྱོན་པ་ན།  གོང་མས་ཀྱང་དམག་རྒྱག་པའི་འཆར་གཞི་དེ་འཕྲལ་དུ་ཡང་ཆར་བཏང་བ་དེ་ནི་རྗེ་ཉིད་ཀྱི་ཁོང་གི་སྲིད་ཕྱོགས་ཀྱི་མཛད་རྗེས་ཆེན་པོ་ཞིག་ཡིན།  
          རྗེ་དཔལ་ལྡན་བཀྲ་ཤིས་ནི་གོང་མ་ཡུང་ལིའི་ཕོ་ཉའི་ཚུལ་གྱིས་དབུས་སུ་ཕེབས་ཏེ་ཀརྨ་པ་ཡི་སྤྲུལ་སྐུར་བརྟག་དཔྱད་གནང་བའི་སྐོར་ལ། རྗེ་ཉིད་དགུང་ལོ་ཞེ་བདུན་པ་ལ་གོང་མའི་བཀའ་ལྟར་དབུས་སུ་ཕེབས་ནས་གསན་བསམ་རྒྱ་ཆེར་གནང་བ་དང་ཀརྨ་པ་ཡི་སྤྲུལ་སྐུ་འཁྲུངས་ཡོད་མེད་ཀྱི་སྐོར་ལ་བརྟག་དཔྱད་མཛད། ཟླ་བརྒྱད་པར་ལྷ་སར་བྱོན་པ་དང་། ཕྱི་ལོའི་ཟླ་གསུམ་པར་སློབ་མ་ཤཱཀྱ་ཤྲི་སོགས་མི་ཉི་ཤུ་ལྷག་ཁྲིད་དེ་གོང་བོར་བཞུགས་པའི་ཀརྨ་པའི་སྤྲུལ་སྐུ་དང་མཇལ། སྐབས་དེར་སྤྲུལ་སྐུ་དགུང་ལོ་བཅུ་ལ་སླེབས་ཡོད། སྤྲུལ་སྐུ་འཁྲུངས་ནས་ཟླ་གཅིག་ལོན་སྐབས་སྐུ་གོང་མའི་དངོས་སློབ་ཞིག་མཇལ་དུ་ཕྱིན་དུས་ཐུགས་དགྱེས་པར་གྱུར་ལ། དགུང་ལོ་གཅིག་པར་མཁན་ཆེན་མགོ་བློན་པོ་མཇལ་དུ་ཕེབས་དུས་པང་དུ་འཛུལ་བ་དང་སྐུ་ཚེ་སྔོན་མའི་གཏམ་མང་པོ་གསུངས་སྐད། དེ་ནས་རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་གུ་རུ་ཡོ་གའི་སྒོམ་སྒྲུབ་ལ་བཞུགས་ནས་དེ་ཀརྨ་པའི་སྤྲུལ་སྐུ་ངོ་མ་ཡིན་མིན་ལ་བརྟག་སྐབས་སྤྲུལ་སྐུ་གང་ཉིད་སྐོམ་དུ་མ་བཞུགས་པར་ཤོག་ངོས་ཞིག་ཏུ་སངས་རྒྱས་དང་། ཆོས། དགེ་འདུན་སོགས་རྒྱ་ཡིག་གསུམ་བྲིས་ནས་རྗེ་ཉིད་ཀྱི་སྤྱན་ལམ་དུ་བསྟན་པར། རྗེ་ཉིད་ཀྱིས་སྔོན་ཆད་ཕོ་བྲང་དུ་ཀརྨ་པ་སྐུ་ཕྲེང་སོང་མར་ཞབས་ཞུ་དང་ལོ་ཙཱ་བྱེད་དུས་ཡི་གེ་དེ་་གསུམ་དངོས་སུ་མཐོང་མྱོང་ལ། ཡང་ཉིན་ཞིག་སྤྲུལ་སྐུས་ངའི་སྔོན་ཀྱི་མཆན་བུ་ཀྲིའི་ཀོའང་ད་ལྟ་བདེ་ལགས་སམ་ཞེས་བཀའ་འདྲི་གནང་བ་དང་དེའི་སྐོར་གྱི་གཟུགས་བརྙན་སོགས་བསྟན་པས། དེ་ཉིད་ཀརྨ་པའི་སྤྲུལ་སྐུ་ངོ་མ་ཡིན་པ་ཤེས།  ཧུང་ཞི་ཤིང་སྦྲུལ་ལོ་སྟེ་སྤྱི་ལོ་1425ལོར་རྗེ་དཔལ་ལྡན་བཀྲ་ཤིས་ཕོ་བྲང་དུ་ཕེབས་ནས་གོང་མ་ཞོན་ཏི་དང་མཇལ།  གོང་མས་ཝུ་ཡང་ཏེན་དུ་ཀརྨ་པའི་སྤྲུལ་སྐུ་བརྟག་དཔྱད་དང་བོད་ཡུལ་གྱི་དམ་ཆོས་དར་ཚུལ་སྐོར་ལ་ཞིབ་འདྲི་མང་པོ་གནང་བ་དང་། རྗེ་ཉིད་ཀྱིས་ཀྱང་ལན་ཞིབ་མོ་གནང་པས་གོང་མ་ཐུགས་རབ་ཏུ་དགྱེས།87  
          ཀརྨ་པ་དེ་བཞིན་གཤེགས་པ་ནི་དགུང་ལོ་སོ་གཉིས་པ་རབ་བྱུང་བདུན་པའི་ཤིང་ལུག་སྟེ་སྤྱི་ལོ་1415ལོར་དགོངས་པ་མྱ་ངན་ལས་འདས་པ་དང་། ཀརྨ་པ་མཐོང་བ་དོན་ལྡན་བར་ཁམས་ཀྱི་ཁུལ་ངོམ་སྟོད་བཤེས་སྐྱམ་ཞེས་པའི་ས་གནས་སུ་རབ་བྱུང་བདུན་པའི་མེ་སྤྲེལ་སྟེ་སྤྱི་ལོ་1416ལོར་ཡབ་གོ་འཇོ་བསམ་འགྲུབ་རྡོ་རྗེ་དང་ཡུམ་ལྡོང་བཟའ་པདྨ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  སྐུ་གོང་མའི་དངོས་སློབ་རྣམས་ཀྱིས་བརྟག་དཔྱད་མང་དུ་མཛད་དེ་ཀརྨ་པ་ཡི་སྐུ་ཕྲེང་དུ་ངོས་བཟུང་། མཁན་ཆེན་མགོ་བློན་པོ་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན། བར་ཁམས་དང་ཀོང་པོ་སོགས་སུ་བྱོན་ནས་ཆོས་གསུངས་པ་དང་ཡུལ་སྡེ་ཕན་ཚུན་གྱི་འཁྲུགས་རྩོད་བསྡུམས་པར་མཛད།88  རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་ཀརྨ་པ་ཡི་སྤྲུལ་སྐུ་བརྟག་དཔྱད་དུ་ཕེབས་དུས་སྤྲུལ་སྐུ་ཉིད་ནི་ཏག་ཏག་ཀོང་པོར་བཞུགས་དུས་ཡིན། ཡང་གོང་མ་ཡུང་ལིས་ཀརྨ་པའི་སྤྲུལ་སྐུ་བརྟག་དཔྱད་ཀྱི་ལས་དོན་ལ་མཐོང་ཆེན་གནང་དགོས་པའི་རྒྱུ་མཚན་ནི་ཀརྨ་དེ་བཞིན་གཤེགས་པ་ནི་མིང་རྒྱལ་རབས་ཀྱིས་བསྐོས་པའི་“རིན་ཆེན་ཆོས་རྗེ་”ཡིན་ལ།  ཀརྨ་པའི་སྤྲུལ་སྐུ་རིམ་བྱོན་གྱིས་མིང་རྒྱལ་རབས་ཀྱིས་བོད་ལ་དབང་སྒྱུར་བྱེད་པར་ནུས་པ་གལ་ཆེན་ཐོན་དང་འདོན་བཞིན་ཡོད་པའི་ན་དེ་གནང་བ་ཞིག་ཡིན། ཡང་རྗེ་དཔལ་ལྡན་བཀྲ་ཤིས་ནི་ཀརྨ་པ་དེ་བཞིན་གཤེགས་པ་རྒྱ་ནང་དུ་ཕེབས་སྐབས་ཞབས་ཞུ་དང་ལོ་ཙཱ་གནང་མྱོང་པས་ཆོས་རྗེའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་དང་། ཁོང་ཉིད་སེར་མོ་བ་ཞིག་ཡིན་པ་མ་ཟད་ད་དུང་ལོ་མང་པོར་རྒྱ་ནང་དུ་བཞུགས་པས་གོང་མའི་ཕོ་ཉ་བྱས་ཏེ་ཀརྨ་པའི་སྤྲུལ་སྐུ་བརྟག་དཔྱད་དུ་ཕེབས་པར་ཧ་ཅང་འོས་ཤིང་འཚམ་པར་སྣང་།  གོང་མ་ཡུང་ལིས་ཀརྨ་པའི་སྤྲུལ་སྐུ་བརྟག་དཔྱད་བྱ་བའི་ལས་དོན་ལ་མཐོང་ཆེན་གནང་བ་འདི་ནི་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་མཐོང་ཆེན་གནང་བ་སྔ་ཤོས་སུ་གཏོགས་པ་ལ། རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་ལོ་རྒྱུས་དོན་ཆེན་གང་དེའི་ཁྲོད་དུ་ཕྱག་རྗེས་ཆེན་པོ་གནང་ཡོད་པ་ནི་སྨྲས་ཅི་འཚལ།    
          བཞི་པ། མཇུག་གི་གཏམ།  
          བློ་ཆེན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་ནི་སྤྱི་ལོ་དུས་རབས་བཅུ་བཞི་ནས་བཅོ་ལྔའི་བར་མིང་གོང་མའི་སྲིད་གཞུང་དང་བོད་ས་གནས་བར་གྱི་ཆབ་སྲིད་དང་།  ཆོས་ལུགས།  རིག་གནས་སོགས་ཀྱི་འབྲེལ་བ་སྲ་བརྟན་དུ་ཡོང་བར་བྱས་རྗེས་རླབས་ཆེ་བ་གནང་བའི་མདོ་སྨད་ཀྱི་བླ་ཆེན་ཞིག་ཡིན་ལ།  ཁོང་ཉིད་ཀྱིས་མཁྱེན་རྒྱ་ཡངས་པའི་ཤེས་རབ་དང་འཆད་རྩོད་རྩོམ་པའི་ལས་ལ་བརྟེན་ནས་རིམ་བཞིན་ཡུང་ལི་དང་།  ཞོན་ཏི།  ཀྲིན་ཐོང་།  ཅིན་ཐའེ་སོགས་མིང་སོང་མའི་རྒྱལ་རབས་བཞི་དང་འབྲེལ་བ་དམ་པོ་བཙུགས་པ་དང་།  སྔ་གཞུག་ཏུ་ཟིང་མུ་ཟིའི་རྒྱལ་ཁམས་ཀྱི་བན་དཔོན་ཆེན་པོ་གཡིའུ་ཚན་ཀྱའུ་ཀེའི་དང་།  གཽ་ཤྲི།   རིག་པ་རྣམ་དག་སྙིང་རྗེ་ཕན་མཛད་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་མོ།  རྟོག་པ་རྒྱ་ཆེན་ཚུལ་ཁྲིམས་དམ་པ་ཐམས་ཅད་མཁྱེན་པ་དགེ་ལེགས་ཀུན་ཁྱབ་རྒྱལ་སྲིད་ཀྱི་དཔུང་གཉེན་བསྟན་པ་དར་བྱེད་སྤྱི་བོ་ནས་དབང་བསྐུར་བ་རིག་པ་རྣམ་དག་སྙིང་རྗེ་ཕན་མཛད་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་པོ།  རྟོག་པ་རྒྱ་ཆེན་ཚུལ་ཁྲིམས་དམ་པ་ཐམས་ཅད་མཁྱེན་པ་དགེ་ལེགས་ཀུན་ཁྱབ་སྙིང་རྗེ་ཕན་མཛད་རྒྱལ་སྲིད་ཀྱི་དཔུང་གཉེན་བསྟན་པ་དར་བྱེད་སྤྱི་བོ་ནས་དབང་བསྐུར་བ་རིག་པ་རྣམ་དག་ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོ་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་པོ།   ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོ་རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་པོ་རྗེ་དཔལ་ལྡན་བཀྲ་ཤིས་བློ་ཆེན་ཆོས་རྗེ་སོགས་སུ་བསྐོས་པ་དང་། གོང་མ་ཡུང་ལིའི་དུས་སུ་ཆོས་རྗེ་དེ་བཞིན་གཤེགས་པ་བསུས་ཏེ་ལོ་ཙཱ་གནང་ཞིང་།   རྗེས་སུ་ཀརྨ་པ་བོད་དུ་ཕེབས་སྐབས་ཀྱང་ཕྱག་ཕྱིར་ཕེབས་པ་དང་། ཕག་མོ་གྲུ་པའི་ཆེད་དུ་ངོ་ཆེན་དུ་བྱོན་ནས་གོང་མས་དམག་རྒྱག་པའི་འཆར་གཞི་འཕྲལ་དུ་ཡང་ཆར་བཏང་བ། གོང་མ་ཡུང་ལིའི་ཕོ་ཉའི་ཚུལ་གྱིས་དབུས་སུ་ཕེབས་ཏེ་ཀརྨ་པའི་སྤྲུལ་སྐུར་བརྟག་དཔྱད་གནང་བ།   གོང་མར་དབང་གནང་བ་དང་ཕོ་བྲང་དུ་ཆོས་ཀྱི་ཆོ་ག་སྤེལ་པ།  ཆོས་གཞུང་རྒྱ་ཡིག་ཏུ་བསྒྱུར་པ་དང་བཀའ་བསྟན་པར་འདེབས་གནང་བ། དགོན་སྡེ་ཕྱག་འདེབས་གནང་བ་དང་སློབ་མ་གསོ་སྐྱོང་གནང་བ་སོགས་ཆོས་སྲིད་གཉིས་ཀྱི་ཕྱོགས་ནས་མཛད་རྗེས་བླ་ན་མེད་པ་བཞག་ཡོད་དོ།།  
          གསལ་བཤད། དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ལས་གཞོན་ནུའི་རྣམ་གྲངས་ལས་“གནའ་བོའི་བོད་རིགས་དང་ནུབ་ལྗོངས་རིག་གནས་ཀྱི་འབྲེལ་བའི་ལོ་རྒྱུས་ལ་དཔྱད་པ་” (ཆོག་མཆན་ཨང་གྲངས་13CMZ020)ཞེས་པའི་བར་སྐབས་ཀྱི་དཔྱད་འབྲས་ཡིན། (本文为国家社会科学基金青年项目 “古代藏族与西域文化关系史研究;’ (项 ཁྲ批准号:  13CMZ020)阶段~成果。 )
          མཆན་འགྲེལ།
          ① ཡུང་ལི་ (永乐)ཁྲི་ལོ་ལྔ་པར་(སྤྱི་ལོ་1407)གོང་མ་ཡུང་ལིས་ཀརྨ་བཀའ་བརྒྱུད་པའི་དེ་བཞིན་གཤེགས་པ་རིན་ཆེན་ཆོས་རྗེ་(大宝法王)རུ་བསྐོས་པ་དང་། ཡུང་ལི་ཁྲི་ལོ་བཅུ་གཅིག་པར་(སྤྱི་ལོ་1413)གོང་མ་ཡུང་ལིས་ས་སྐྱ་ལྷ་ཁང་བླ་བྲང་གི་ཀུན་དགའ་བཀྲ་ཤིས་ཐེག་ཆེན་ཆོས་རྗེ་(大乘法王)རུ་བསྐོས་པ། ཞོན་ཏི་(宣德)ཁྲི་ལོ་དགུ་པར(སྤྱི་ལོ་1434)གོང་མ་ཞོན་ཏིས་དགེ་ལུགས་པའི་ཤཱཀྱ་ཡེ་ཤེས་བྱམས་ཆེན་ཆོས་རྗེ་ (大慈法王)རུ་བསྐོས།   དེ་ལས་གཞན་ད་དུང་སྤྱི་ལོ་1452ལོར་བློ་ཆེན་ཆོས་རྗེ་(大智法王)དང་། 1456ལོར་དགེ་ཆེན་ཆོས་རྗེ། (大善法王)1468ལོར་རྟོགས་ཆེན་ཆོས་རྗེ།(大悟法王)]482ལོར་སྐྱོབ་ཆེན་ཆོས་རྗེ། (大济法王)1510ལོར་གྲུབ་ཆེན་ཆོས་རྗེ་ (大德法王)སོགས་ཆོས་རྗེ་མང་པོ་བསྐོས་ཡོད།
          ② ཡུང་ལི་(永乐)ཁྲི་ལོ་བཞི་པར་(སྤྱི་ལོ་1406)གོང་མ་ཡུང་ལིས་ཕག་གྲུ་སྡེ་སྲིད་གྲགས་པ་རྒྱལ་མཚན་ཁྲན་ཧྭ་དབང་ (阐化王)དུ་བསྐོས་པ་དང་། ཡུང་ལི་ཁྲི་ལོ་ལྔ་པར་(སྤྱི་ལོ་1413)གོང་མ་ཡུང་ལིས་ཆབ་མདོ་གོ་འཇོའི་རྣམ་རྒྱལ་བཟང་པོ་ཧུའུ་ཅའོ་དབང་ (护教王)དང་སྡེ་དགེ་གླིང་ཚང་(灵藏)འགྲོ་བའི་རྒྱལ་མཚན་ཙན་ཧྲན་དབང་ (赞善王)དུ་བསྐོས་པ།   ཡུང་ལི་ཁྲི་ལོ་བཅུ་གཅིག་པར(སྤྱི་ལོ་1413)གོང་མ་ཡུང་ལིས་ས་སྐྱ་དུས་མཆོད་བླ་བྲང་གི་ནམ་མཁའ་ལེགས་པའི་རྒྱལ་མཚན་ཧྥུའུ་ཅའོ་དབང་(辅教王)དང་འབྲི་གུང་བཀའ་བརྒྱུད་པའི་རིན་ཆེན་དཔལ་རྒྱལ་ཁྲན་ཅའོ་དབང་(阐教王)དུ་བསྐོས་སོ་།     
          ③ 张润平、 苏航  罗炤编著:  《西天佛子源流录——文献与初步研究》 [M]  北京:  中国社会科学出版社  2012年。   
          ④ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་་》 ལན་ཀྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1987ལོའི་དཔར་2པ།ཤོག་ངོས་679ནས་684བར་གསལ།   
          ⑤ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་།》 ལན་གྲུ། ཀན་སུའུ་མི་རིགས་དཔེ་སྒྲུན་ཁང་། སྤྱི་ལོ་1987ལོའི་དཔར་2པ། ཤོག་ངོས་684པརགསལ།   
          ⑥ སྤྱི་ལོ་2012སྔོན་དུ་དཔལ་ལྡན་བཀྲ་ཤིས་སྐོར་གྱི་ཞིབ་འཇུག་གི་ཆ་ནས། ལོའོ་ཀྲའོ་(罗炤)ཡིས་བརྩམས་པའི་《<འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པ་>ཡི་རྒྱ་བོད་ཤན་སྦྱར་མ་ལ་དཔྱད་པ་》( 《藏汉合璧(圣胜慧到彼岸功德宝集偈考略》 ,《世界宗教研究》 1983年第4期)ཞེས་པ་དང་། ཁྲིན་ནན་(陈楠)གྱིས་བརྩམས་པའི་《བློ་ཆེན་ཆོས་རྗེ་ལ་དཔྱད་པ་》( 《大智法王考》 , 《中国藏学》 1996年第4期)ཞེས་པ། ཧྲིན་ཝེ་རུང་(沈卫荣)དང་ཨན་ཧེ་ཡན་(安海燕)གྱིས་བརྩམས་པའི་《མིན་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་གསང་སྔགས་ཀྱི་བསྟན་བཅོས་རྒྱ་འགྱུར་མ་དང་ནུབ་ལྗོངས་ཀྱི་དགེ་འདུན་ཚོགས་པ།》( 《明代汉译藏传密教文献和西域僧团 一 兼谈汉藏佛教史研究的语文学方法》 , 《清华大学学报》 2011年第2期)ལྟ་བུའི་དཔྱད་རྩོམ་རེ་གཉིས་ཙམ་མ་གཏོགས་མེད།   
          ⑦ “སྤྱི་བོ་ནས་དབང་སྐུར་བ་” (灌顶)ཞེས་པ་དང་ “རིག་པ་རྣམ་དག་(净觉)ཅེས་པ། “རྒྱལ་ཁམས་ཀྱི་སློབ་དཔོན་ཆེན་མོ་(大国师)ཞེས་པའི་བསྒྱུར་མིང་སོགས་ནི་《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པ་》( 《圣胜慧到彼岸功德宝集偈》 )ཡི་རྒྱ་བོད་ཤན་སྦྱར་མའི་འགོ་བརྗོད་ལ་གཞིགས་ནས་བསྒྱུར་བ་ཡིན། ལོའོ་ཀྲའོ་ཡིས་བརྩམས་པའི་《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པ་ཡི་རྒྱ་བོད་ཤན་སྦྱར་མ་ལ་དཔྱད་པ་》( 《藏汉合璧<圣胜慧到彼岸功德宝集偈考略》 , (世界宗教研究》1983年第4期)ཞེས་པའམ། ཀྲང་རུང་ཕིན་དང་། སུའུ་ཧང་། ལོའོ་ཀྲའོ་སོགས་ཀྱིས་བརྩམས་པའི་《ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོའི་རྣམ་པར་ཐར་བ་ཞེས་བྱ་བའི་ཡིག་ཆ་དང་དེའི་སྐོར་གྱི་ཐོག་མའི་ཞིབ་འཇུག》  ( 《西天佛子源流录——  文献与初步研究》 . 第397页)   
          ⑧ ལོའོ་ཀྲའོ་ཡིས་བརྩམས་པའི་《<འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པ་>ཡི་རྒྱ་བོད་ཤན་སྦྱར་མ་ལ་དཔྱང་པ་》( 《藏汉合璧<圣胜慧到彼岸功德宝集偈>考略》 . 《世界宗教研究》 1983年第4期)ཞེས་པའམ།  ཀྲང་རུང་ཕིན་དང་། སུའུ་དང་། ལོའོ་ཀྲའོ་སོགས་ཀྱིས་བརྩམས་པའི་《ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོའི་རྣམ་པར་ཐར་བ་ཞེས་བྱ་བའི་ཡིག་ཆ་དང་དེའི་སོར་གྱི་ཐོག་མའི་ཞིབ་འཇུག》 ( 《西天佛子源流录——  文献与初步研究》 , 第397页)     
          ⑨ 张润平、 苏航:  《(西天佛子源流录>甲乙本版本考释》 [A]  见张润平、 苏航、 罗炤编著:  《西天佛子源流录—— 文献与初步研究》,   北京: 中国社会科学出版社,  2012年  第211— 233页。
          ⑩ འདི་གའི་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཡི་ལེའུ་བདུན་པོའི་ཤོག་ངོས་ནི་《ནུབ་ཀྱི་ཕྱོགས་ཀྱི་རྒྱལ་བའི་སྲས་པོའི་རྣམ་པར་ཐར་བ་ཞེས་བྱ་བའི་ཡིག་ཆ་དང་དེའི་སྐོར་གྱི་ཐོག་མའི་ཞིབ་འཇུག》 ( 《西天佛子源流录—— 文献与初步研究》 )ཞེས་པ་ནང་གི་རྒྱ་འགྱུར་མ་ཀ་པའི་མ་ཡིག་གི་པར་རིས་བསྡོམས་རྩིས་བྱས་པ་ཡིན་ལ། གལ་སྲིད་ལེའུ་གཅིག་གི་མགོ་མཇུག་གང་རུང་ཞིག་གིས་ཤོག་ངོས་ཕྱེད་ཀ་བཟུང་ཡོད་ན་དེ་ཤོག་ངོས་ཧྲིལ་པོ་ཞིག་ཏུ་བརྩིས་ཡོད།   
          ⑾ རྒྱ་འགྱུར་མ་ཀ་པའི་མ་ཡིག་གི་པར་རིས་ལ་གཞིགས་ན་ལེའུ་ལྔ་པར་ཤོག་ངོས་22ཡོད་པ་དང་། དེ་ལས་ཤོག་ངོས་2ཀྱི་ནང་ངོན་ནི་ལེའུ་བཞི་པ་དང་བསྐྱར་བཟློས་བྱས་པས་ནོར་འཆུག་བྱུང་བ་དང་།    ཤོག་ངོས་འདི་གཉིས་སུ་རི་མོ་ཡང་བཀོད་མེད། 《西天佛子源流录——文献与初步研究》ཡི་ཤོག་ངོས་32ནས་33བར་གྱི་པར་རིས་30དང་31ལ་གཟིགས།    
          ⑿ 张润平  罗炤:  《<西天佛子源流录.>与班丹扎释的贡献》[J]   《民族研究》2011年第2期;  又见张润平、  苏航、  罗炤编著:  《西天佛子源流录——文献与初步研究》   北京:  中国社会科学出版社  2012年  第243页。   
          ⒀ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   སྤྱི་ལོ་1917ལོའི་དཔར་2པ།  ཤོག་ངོས་684པར་གསལ།     
          ⒁ 《明代宗实录》   卷268,  景泰七年七月辛巳条
          ⒂ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1987ལོའི་དཔར་2པ། ཤོག་ངོས་679པར་གསལ།   
          ⒃ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1987ལོའི་དཔར་2པ། ཤོག་ངོས་684ནས686བར་གསལ། དྲུང་ཆེན་དཔལ་ལྡན་རྒྱ་མཆོའི་རྣམ་ཐར་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》ཡི་ནང་ཡང་བཀོད་ཡོད་དེ། 《西天佛子源流录——佛子出家修习果第品第四》 , 第l62 —l63页。     
          ⒄ 《西天佛子源流录 ་ 永乐弘恩嗣佛旨印品第五》   第171页。     
          ⒅ 智观巴 . 贡却乎丹巴饶吉著, 吴均、 毛继祖、 马世林译:  《安多政教史》 [M], 兰州:甘肃民族出版社,     l989年, 第640页。   
          ⒆ ས་ཕག་དུས་སིང་ནི་གོང་མ་ཡུང་ལིའི་སྐབས་ཡིན་པ་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མ་ལས་ཤེས་ཐུབ་ལ། རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་ཕག་མོ་གྲུ་པའི་ཞལ་ངོ་གྲགས་རྒྱལ་སོགས་ཞབས་ཕྱིར་ཁྲིད་དེ་ངོ་ཆེན་དུ་བྱོན་དུས་དེའི་ནང་དུ་ཤཱཀྱ་ཤྲི་ཡང་ཡོད་པ་འདྲ།   ལ་ལས་《མདོ་སྨད་ཆོས་འབྱུང་》ལྟར་འདི་གའི་ཤཱཀྱ་དཔལ་བཟང་པོ་ནི་རྗེ་རིན་པོ་ཆེའི་དངོས་སློབ་ཡིན་པས་《མདོ་སྨད་ཆོས་འབྱུང་》དུ་ས་ཕག་དུས་སིང་སྐོར་གྱི་མི་དང་དུས་ཚང་མ་ནོར་འདུག་པར་འདོད་གྱང་་(罗炤: 《明朝在西藏的主权地位》[J], 《中国藏学》2011年第3期, 第28页)ཞིབ་ཏུ་བརྟག་ན་དུས་ནོར་བ་ལས་མི་ནོར་མེད་ལ།   རྗེ་དཔལ་ལྡན་བཀྲ་ཤིས་ཀྱིས་ཤཱཀྱ་ཤྲི་དང་ཕག་མོ་གྲུ་པའི་ཞལ་ངོ་གྲགས་རྒྱལ་སོགས་ཞབས་ཕྱིར་ཁྲིད་དེ་གོང་མའི་ཕོ་བྲང་དུ་ངོ་ཆེན་དུ་བྱོན་པ་ཡིན་ཤོས་ཆེ།   
          ⒇ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1987ལོའི་དཔར་2པ། ཤོག་ངོས་685jཔར་གསལ།   
          21.  བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   སྤྱི་ལོ་1917ལོའི་དཔར་2པ    ཤོག་ངོས་684ནས་686བར་གསལ།     
          22. 智观巴 . 贡却乎丹巴饶吉著,  吴均、 毛继祖 、 马世林译:  《安多政教史》[M], 兰州:甘肃民族出版社,     l989年, 第640页
          23. 《西天佛子源流录﹒佛子本生姓族品第二》,   见张润平、 苏航、 罗炤编著:  《西天佛子源流录—— 文献与初步研究》   北京: 中国社会科学出版社,2012年, 第l59页。གཤམ་ནས་《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མའི་མ་ཡིག་ལུང་དུ་དྲངས་པ་རྣམས་ནི་ལེའུ་སོ་སོའི་མིང་དང་ཤོག་གྲངས་ལས་འགོད་རྒྱུ་མིན་ལ།    ཞིབ་ཆ་张润平、 苏航、 罗炤编著: 《西天佛子源流录 — 文献与初步研究》ཞེས་པར་གཟིགས་པར་བྱའོ།།   
          24. མིང་རྒྱལ་རབས་སྐབས་ཀྱི་རྒྱ་ཡིག་ཡིག་ཆ་ནང་སྒྲ་བསྒྱུར་བྱས་པའི་བོད་སྐད་དེ་ད་ལྟ་དང་མི་འདྲ་ལ། ཁྱད་པར་དུ་ཡུལ་དང་མིའི་མིང་གི་སྒྲ་བསྒྱུར་མང་པོ་དེ་བཞིན་གྱི་བོད་ཡིག་རྒྱུ་ཆ་མ་རྙེད་ཚེ་མ་ཡིག་གང་ཡིན་པ་ཁ་ཚོན་གཅོད་ཁག་པོ་རེད། དཔྱད་རྩོམ་འདིར་རྩོམ་པ་པོས་རང་ནུས་གང་དཔོག་གིས་མིང་དེ་དག་བོད་ཡིག་ཏུ་བསྒྱུར་ཡོད་ལ། གུག་རྟགས་ནང་དུ་རྒྱ་ཡིག་མ་ཡིག་བཀོད་ཡོད་པས་ཀློག་པ་པོ་རྣམ་པས་རྩད་ཞིབ་བྱེད་ཆོག
          25. 《西天佛子源流录 ﹒ 佛子本生姓族品第二》   第16o页。
          26. བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ་1987ལོ།   ཤོག་ངོས་680པར་གསལ།
          27. 《西天佛子源流录 .佛子本生姓族品第二》 , 第160页。 ཡུམ་གྱི་མཚན་དེ་《མདོ་སྨད་ཆོས་འབྱུང་》དུ་བཀོད་མེད།
          28.《西天佛子源流录 ﹒ 佛子本生姓族品第二》   第16o页。
          29. 《西天佛子源流录 ﹒.佛子诞生童时肄业品第三》 , 第161页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་610པར་གསལ།
          30.《མདོ་སྨད་ཆོས་འབྱུང་》དུ་དགུང་ལོ་བཅོ་ལྔ་ལ་རབ་བྱུང་དང་དགེ་ཆུལ་བསྒྲུབས་ཞེས་བཀོད་ཡོད།   ཤོག་ངོས་680པར་གསལ།
          31. 《མདོ་སྨད་ཆོས་འབྱུང་》དུ་ཞཱན་ཟིར་ཕེབས་ཞེས་བཀོད་ཡོད་ལ་ཕལ་ཆེར་རྒྱ་ཡིག་ཧྲན་ཞིའི་སྒྲ་བསྒྱུར་ཡིན་པ་འདྲ།   ཤོག་ངོས་680པར་གསལ།
          32. 《མདོ་སྨད་ཆོས་འབྱུང་》དུ་ཉེར་གཉིས་པ་ལ་བསྙེན་པར་རྫོགས་ཞེས་བཀོད་ཡོད།  ཤོག་ངོས་680པར་གསལ།
          33. 《西天佛子源流录 ﹒.佛子出家修习果第品第四》 , 第162 -65页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་680པར་གསལ།   
          34. 《མདོ་སྨད་ཆོས་འབྱུང་》དུ་ལྕགས་ཡོས་ལ་ངོ་ཆེན་དུ་བྱོན་ཞེས་བཀོད་ཡོད། ཤོག་ངོས་680པར་གསལ།   
          35. 《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མའི་ནང་དུ་རྗེ་ཉིད་ཀྱིས་གོང་གི་བཀའ་ལྟར་དབུས་སུ་བྱོན་པ་ནི་ལྕགས་ཡོས་ལོའི་ཟླ་གསུམ་པ་ཡིན་པ་བཀོད་ཡོད། “永乐辛卯…  是年三月,  复召佛子至奉天殿,  赐织金袭装、 表里、 钞贯、 定器, 仍奉命入乌斯国, 传宣圣化。见 《西天佛子源流录﹒永乐弘恩嗣佛旨印品第五》 , 第167页。   
          36.《མདོ་སྨད་ཆོས་འབྱུང་》དུ་ཤིང་ལུག་ལ་ཕོ་བྲང་དུ་བྱོན་ཞེས་བཀོད་ཡོད། ཤོག་ངོས་681པར་གསལ།   
          37.《མདོ་སྨད་ཆོས་འབྱུང་》ལྟར་ན་གོང་མར་མཇལ་དུས་རྗེ་ཉིད་དགུང་ལོ་ཞེ་གསུམ་ཡིན། ཤོག་ངོས་681པར་གསལ།   
          38.《མདོ་སྨད་ཆོས་འབྱུང་》ལྟར་ན་རྗེ་ཉིད་ཀརྨའི་སྤྲུལ་སྐུ་བརྟག་དཔྱད་ཀྱི་ཆེད་དབུས་སུ་ཕེབས་པའི་དུས་ནི་ཡུང་ལི་ཁྲི་ལོ་ཉེར་གཅིག་པ་ཆུ་ཡོས་ལོ་ཡིན། ཤོག་ངོས་681པར་གསལ།
          39. 《西天佛子源流录﹒永乐弘恩嗣佛旨印品第五》, 第165-173页《མདོ་སྨད་ཆོས་འབྱུང་།》ཤོག་ངོས་680ནས་681བར་གསལ།   
          40.《མདོ་སྨད་ཆོས་འབྱུང་》དུ་མེ་རྟ་ལོ་ཞེས་བཀོད་ཡོད།   ཤོག་ངོས་681པར་གསལ།   
          41.《མདོ་སྨད་ཆོས་འབྱུང་》དུ་མཚན་འདི་བོད་ལ་སྒྲ་བསྒྱུར་བྱས་ནས་ “ཙིང་གྱོ་ཚིའུ་ཙེ་ཏའི་ཀཽ་ཤྲི་”་ཞེས་བཀོད་ཡོད། ཤོག་ངོས་681པར་གསལ། འདིར་《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་ཚིགས་སུ་བཅད་པ་》 《圣胜慧到彼岸功德宝集偈》 )ཡི་རྒྱ་བོད་ཤན་སྦྱར་མའི་འགོ་བརྗོད་ལ་གཞིགས་ནས་དོན་བསྒྱུར་བྱས་པ་ཡིན།     
          42. 宣德元年正月初八日,  上遣中贵大臣杨英、  孟继、  礼部尚书吕震、 吏部尚书赛义,  持节锡封,  制曰:  “佛之道以清净为宗,  能仁为用,  其功化之大,  上以诩赞皇图,  下以利济群品,  故历代崇奖,  延及于今。  尔僧录司左阐教班丹扎释,  夙究三乘,  谨持戒律,  事我皇祖,  克秉诚心,奉使西域,  累著劳勋。  联用尔嘉,  特隆恩命,  封尔为 ‘净觉慈济大国师་ 。  尔其益务精修 , 增崇善业,  茂杨宗旨,  称此光荣。  钦哉! ”见 《西天佛子源流录 ﹒宣德尊崇教法荣显品第六》   第173页。     
          43. 是年八月十七日  加封为 “弘通妙戒普慧善应辅国阐教灌顶净觉慈济大国师”   制曰:  “ 联惟佛氏以广济之心. 开慈悲之教, 阴翊阜度, 启导群迷, 必有明悟精修之士, 宣扬其道,  而国家褒显之命, 所以及之也。尔净觉慈济大国师班丹扎释, 坚守毘尼,  存心化道  究三乘之妙义, 衍六度之正传,  事联皇祖,  亦既有年,    不惮劳勤,  远使西域,  典掌教事, 利益有情,  眷此忠诚,  良可嘉尚。 今特封尔为  ‘弘通妙戒普慧善应辅国阐教灌顶净觉慈济大国师’,尔尚益进修,    丕扬宗范,  用广能仁之化, 以膺申锡之荣。钦哉! ” 见 《西天佛子源流录﹒宣德尊崇教法荣显品第六》   第 174页。   
          44.  《西天佛子源流录﹒宣德尊崇教法荣显品第六》, 第173--179页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་681ནས་682བར་གསལ།
          45. 是月二十二日,  上诏佛子于南城斋宫,  赐以浩命、    玉印、 宝冠…  加封 “西天佛子”。 制曰:  “联惟佛之道,  清净慈悲, 化度万有,  功德高广,  利济无穷,  自非严谨毗尼, 妙悟精修,      不足以绍承其教。 今弘通妙戒普慧善应辅国阐教灌顶净觉慈济大国师班丹札释,  夙究三乘, 慧性圆融,  用阐如来之教, 用弘利济之功, 事我祖考, 始终一诚。   联嗣统以来,  命修荐扬大斋,  上资皇考宣宗章皇帝在天之福, 益笃精虔, 眷兹功能,是以褒奖。 今特颁诰命,  加封为  ‘弘通妙戒普慧善应慈济辅国阐教灌顶净觉西天佛子大国师’。  呜呼!    丕扬宗范, 式昭佛道之兴隆; 普济有情,用赞皇图于永久, 钦哉! ” 见 《西天佛子源流录﹒正统加封宠极报恩品第七》   第 180页。 
          46.  《西天佛子源流录﹒正统加封宠极报恩品第七》,第180----185页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682ནས་684བར་གསལ།    
          47. 景泰三年( l452)十月   “封西天佛子大国师班丹扎释为大智法王,  赐以诰命” 。 见 《明代宗实录》 卷222,  景泰三年十月壬子条。    
          48. 景泰七年(l452)七月 ,  “命…    广通精修妙慧阐教西天佛子大国师沙加为广通精修妙慧阐教弘慈大喜(善)法王…  俱赐诏命” 。见 《明代宗实录》 卷268,  景泰七年七月辛已条。   
          49. 《西天佛子源流录﹒正统加封宠极报恩品第 七》 , 第184页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682པར་གསལ།
          50. རྗེ་ཉིད་དགུང་ལོ་སོ་བདུན་པ། 《མདོ་སྨད་ཆོས་འབྱུང་》 ཤོག་ངོས་680པར་གསལ།
          51. 《西天佛子源流录 ﹒ 永乐弘恩嗣佛旨印品第五》   第 166页。
          52.  《མདོ་སྨད་ཆོས་འབྱུང་》དུ་ཧའི་ཡེན་སྡེ་ཞེས་བཀོད་ཡོད།   ཤོག་ངོས་681པར་གསལ།
          53.  《西天佛子源流录﹒永乐弘恩嗣佛旨印品第五》   第 170---171页。     
          54. 《西天佛子源流录﹒宣德尊崇教法荣显品第六》,   第177页。     
          55. 《西天佛子源流录  宣德尊崇教法荣显品第六》, 第 l76页。   
          56. 《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མའི་ནང་གི་ “ཞོན་ཏེ་ཆུ་བྱ་ལོ་” (宣德癸酉)དེ་ནོར་འཆུག་བྱུང་ཡོད་པ་གདོན་མི་ཟ། ཞོན་ཏེ་ཁྲི་ལོ་ནི་མེ་རྟ་ལོ་(丙午)སྟེ་སྤྱི་ལོ་1426ནས་ཤིང་ཡོས་ལོ་(乙卯)སྟེ་སྤྱི་ལོ་1435བར་ཡིན་ལ། ལོ་བཅུ་དེའི་ནང་ལ་ཆུ་བྱ་ལོ་ཞིག་མེད་པ་ཤེས་གསལ་ཡིན། འོ་ན་འདི་གའི་ “ཞོན་ཏེ་ཆུ་བྱ་ལོ་”ནི་ལོ་གང་ཡིན་ཞེ་ན། རྒྱ་འགྱུར་མ་རུ་ “ཞོན་ཏེ་ཆུ་བྱ་ལོ་”ཡི་གནས་ཚུལ་བཀོད་དུས་མུ་མཐུད་དུ་ “ལོ་དེའི་སྟོན་ཁའི་ཟླ་བདུན་པར། རྗེ་ཉིད་ཀྱིས་རྒྱ་གར་ལྷོ་ཕྱོགས་པའི་བནྡེ་བླ་མ་ཡོ་གི་ཤྭ་ར་དང་རྒྱའི་སྡེ་དཔོན་གྷཱོ་ཧའི་དང་། ཡོན་བཞད་སོགས་དགེ་སློང་གི་སྡོམ་པ་ལ་བཀོད་” ( 《西天佛子源流录﹒宣德尊崇教法荣显品第六》,第179页)ཞེས་བྲིས་ཡོད་ལ། 《མདོ་སྨད་ཆོས་འབྱུང་》ལྟར་ན། ཡོ་གི་ཤྭ་ར་དང་། གྷཱོ་ཧའི། ཡོན་བཞད་སོགས་དགེ་སློང་གི་སྡོམ་པ་ལ་བཀོད་པའི་ལོ་ནི་ཤིང་སྟག་ལོ་(《མདོ་སྨད་ཆོས་འབྱུང་》ཤོག་ངོས་682པར་གསལ།)ཡིན། རྒྱ་ལོ་དང་བོད་ལོ་ལ་ཟླ་བ་གཅིག་གཉིས་ཀྱི་ཁྱད་པར་ཡོད་པས་ 《མདོ་སྨད་ཆོས་འབྱུང་》ནང་གི་ཤིང་སྟག་ལོ་སྟེ་རྒྱའི་ཆུ་གླང་ལོ(癸丑)འམ་ཤིང་སྟག་ལོ་(甲寅)ཡིན་སྲིད་པ་དང་། ཡང་རྒྱ་ཡིག་ཏུ་ཆུ་བྱ་(癸西)དང་ཆུ་གླང་(癸丑)ནི་ཡིག་གཟུགས་འདྲ་ལ་ནོར་འཁྲུག་བྱུང་ཉན་ཆེ་ཞིང་། ཆུ་བྱ་(癸酉)དང་ཤིང་སྟག་(甲寅)གཉིས་ཡིག་འབྲི་བྱེད་སྐབས་ཡིག་གཟུགས་ཀྱི་ཆ་ནས་ནོར་འཁྲུལ་འབྱུང་མི་སྲིད་པར་སྙམ་པས། འདི་གའི་ “ཞོན་ཏེ་ཆུ་བྱ་ལོ་”  (宜德癸酉)སྟེ་ “ཞོན་ཏེ་ཆུ་གླང་ལོ་” (宣德癸丑)ཡིན་པར་འདོད།     
          57.  《西天佛子源流录 . 宣德尊崇教法荣显品第六》   第178页.     
          58.  《西天佛子源流录  正统加封宠极报恩品第七》   第 183页.   
          59.  《དད་པའི་རྒྱན་རིན་པོ་ཆེའི་འཕྲེང་བ་》རྒྱ་འགྱུར་མའི་ནང་དུ་རྗེ་འདི་ཉིད་དགུང་ལོ་བཅུ་གསུམ་དུ་རབ་བྱུང་དང་དགེ་ཚུལ་བསྒྲུབས་པ་བཀོད་ཡོད། 《西天佛子源流录.佛子出家修习果第品第四》,   第 162----165页。   
          60. 《མདོ་སྨད་ཆོས་འབྱུང་》དུ་བཀོད་པའི་ཞཱན་ཟི་ནི་ཧྲན་ཞི་ཡི་སྒྲ་བསྒྱུར་ཡིན་པར་འདོད་(《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་680པར་གསལ།)   
          61. 《西天佛子源流录﹒佛子出家修习果第品第四》, 第163页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་685པར་གསལ།   
          62. 《西天佛子源流录﹒宣德尊崇教法荣显品第六》 , 第174页《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་681པར་གསལ།   
          63. གོང་དུ་བཤད་པ་ལྟར། “ཞོན་ཏེ་ཆུ་བྱ་ལོ་” (宣德癸酉)དེ་ “ཞོན་ཏེ་ཆུ་གླང་ལོ་”  (宣德癸丑)ཡིན་པར་འདོད།     64.  《西天佛子源流录 . 宣德尊崇教法荣显品第六》   第 l79页。 
          65. 《西天佛子源流录﹒正统加封宠极报恩品第七》, 第l84页。《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682པར་གསལ།   
          66. 《藏汉合壁<圣胜慧到彼岸功德宝集偈>考略》 ,  《世界宗教研究》  l983年第4期, 张润平、 苏航、 罗炤编著:  《西天佛子源流录—文献与初步研究》, 北京: 中国社会科学出版社, 20l2年  第397页。  
          67. 《西天佛子源流录﹒永乐弘恩嗣佛旨印品第五》, 第171页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682པར་གསལ།   
          68.《མདོ་སྨད་ཆོས་འབྱུང་།》དུ་བཀོད་པ་ལྟར་ན་ཞོན་ཏེ་ཁྲི་ལོ་གསུམ་པ་ས་སྤྲེལ་ལོ་སྟེ་སྤྱི་ལོ་1428“ལོ་ཡིན《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682པར་གསལ།   
          69. 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682ནས་684བར་གསལ། 《西天佛子源流录﹒宣德尊崇教法荣显品第六》, 第175 —176页。   
          70. 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་684པར་གསལ།     
          71. 张润平、 罗炤:《<西天佛子源流录>与班丹扎释的贡献》[J] ,  《民族研究》 20 l l年第2期; 又见张润平、 苏航、 罗炤编著:  《西天佛子源流录 —文献与初步研究》, 北京:中国社会科学出版社, 20l2年  第261页。
          72. 《མདོ་སྨད་ཆོས་འབྱུང་》 ཤོག་ངོས་682པར་གསལ།
          73.  《西天佛子源流录.宣德尊崇教法荣显品第六》,第l75页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་684པར་གསལ།
          74. 《མདོ་སྨད་ཆོས་འབྱུང་》དུ་ཤིང་སྟག་ལོ་ཞེས་བཀོད་ཡོད། (《མདོ་སྨད་ཆོས་འབྱུང་། 》 ཤོག་ངོས་682པར་གསལ།
          75. 《西天佛子源流录.宣德尊崇教法荣显品第六》 , 第l79页[ 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682པར་གསལ།
          76.  《西天佛子源流录﹒正统加封宠极报恩品第七》, 第180----185页。 《མདོ་སྨད་ཆོས་འབྱུང་།》 ཤོག་ངོས་682ནས་684བར་གསལ།
          77. 《མདོ་སྨད་ཆོས་འབྱུང་》དུ་ཀརྨ་པ་དེ་བཞིན་གཤེགས་པ་བསུ་བར་མདོ་སྨད་བྲ་བོ་རྩེ་སྐང་བར་དུ་བྱོན་ཞེས་བཀོད་ཡོད། ཤོག་ངོས་680པར་གསལ།
          78. 《མདོ་སྨད་ཆོས་འབྱུང་》དུ་གོང་གིས་རྗེ་འདི་ཉིང་ཀྱི་གཙོས་པའི་བནྡེ་སོ་དགུ་ཆོས་རྗེ་ཀརྨ་པའི་ཞབས་ཕྱིར་ཕུལ་ཞེས་བཀོད་ཡོད། ཤོག་ངོས་680པར་གསལ།
          79. 《西天佛子源流录 . 佛子出家修习果第品第四》,   第 l64页;  《西天佛子源流录 ﹒ 永乐弘恩嗣佛旨印品第五》 , 第 l65页。  
          80. དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད་པའི་《དུང་དཀར་ཚིག་མཛོད་ཆེན་མོ།》 པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 20o2ལོ་ ཤོག་ངོས་34ནས་35བར་གསལ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》 པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་ 2006ལོ།   ཤོག་ངོས་509ནས་516བར་གསལ།     
          81. 《西天佛子源流录 ﹒永乐弘恩嗣佛旨印品第五》   第 165----166页。     
          82. 罗炤: 《明朝在西藏的主权地位》 [J],  《中国藏学》 20 l l年第3期, 第26 --- 33页。   
          83.84. འཇིགས་མེད་གྲགས་པས་བརྩམས་པའི་《རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར།》 ལྷ་ས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1987ལོ།   ཤོག་ངོས་44དང་།   ཤོག་ངོས་49ནས་50བར་གསལ།
          85.འཇིགས་མེད་གྲགས་པས་བརྩམས་པའི་《རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར།》 ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1987ལོ། ཤོག་ངོས་55པར་གསལ།    
          86. 永乐十一年( l413)二月 ,  “中官杨三保等使乌思藏等处还,  乌思藏帕木竹巴灌顶国师阐化王吉刺思巴监藏巴里藏卜遣侄札结等与三保偕来朝贡,命礼部复遣中官敕赐之锦币,  并赐其下头目刺麻有差。 ” 见 《明太宗实录》 卷137, 永乐十一年二月辛未条。
          87. 《西天佛子源流录 . 永乐弘恩嗣佛旨印品第五》   第171----173页;  《西天佛子源流录﹒  宣德尊崇教法荣显品第六》   第 173页。   
          88. དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད་པའི་《དུང་དཀར་ཚིག་མཛོད་ཆེན་མོ་》 པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   2002ལོ།   ཤོག་ངོས་35ནས་36བར་གསལ།   དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན།》 པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་522ནས524བར་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1