གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༣ཉིན།

ཞི་ཅིན་ཕིང་གིས་པེ་ཅིན་ནས་ཀྲང་ཅ་ཁུག་བར་གྱི་མགྱོགས་བགྲོད་ལྕགས་ལམ་སྟེང་འགྲུལ་སྐྱེལ་བྱེད་འགོ་བརྩམས་པར་མཛུབ་སྟོན་གལ་ཆེན་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པེ་ཅིན་ནས་ཀྲང་ཅ་ཁུག་བར་གྱི་མགྱོགས་བགྲོད་ལྕགས་ལམ་སྟེང་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་འགྲུལ་སྐྱེལ་བྱེད་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་བསྟན་དོན། གཅིག་སྟོང་དགུ་ལོར་པེ་ཅིན་ནས་ཀྲང་ཅ་ཁུག་བར་གྱི་ལྕགས་ལམ་ལས་ནས་ལེགས་འགྲུབ་བྱུང་བ་དང་ཉིས་སྟོང་བཅུ་དགུ་ལོར་པེ་ཅིན་ནས་ཀྲང་ཅ་ཁུག་བར་གྱི་མགྱོགས་བགྲོད་ལྕགས་ལམ་སྟེང་འགྲུལ་སྐྱེལ་བྱེད་འགོ་བརྩམས། སྤྱིའི་ཇུས་འགོད་དང་བཟོ་སྐྲུན་མེད་པ་ནས་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་ཆུ་ཚད་དུ་ཐོད་བརྒལ་བྱུང་བ་དང་། དུས་ཚོད་གཅིག་ལ་སྤྱི་ལེ་སོ་ལྔར་བགྲོད་པའི་མགྱོགས་ཚད་ནས་སྤྱི་ལེ་སུམ་བརྒྱ་དང་ལྔ་བཅུ་ལ་བགྲོད་པའི་མགྱོགས་ཚད་དུ་བསླེབས་པ་དེ་ལས་ཀྲུང་གོའི་ལྕགས་ལམ་ལས་དོན་སྔར་ལས་འཕེལ་རྒྱས་བྱུང་བ་མཚོན་ཡོད་པ་དང་། ཀྲུང་གོའི་ཕྱོགས་བསྡུས་རྒྱལ་ཤུགས་ཇེ་ཆེར་སོང་བར་བདེན་དཔང་བྱས་ཡོད། ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ན་པེ་ཅིན་ནས་ཀྲང་ཅ་ཁུག་བར་གྱི་མགྱོགས་བགྲོད་ལྕགས་ལམ་ལ་དོན་སྙིང་གལ་ཆེན་ལྡན། བདག་གིས་ཇུས་འགོད་འཛུགས་སྐྲུན་ཁྲོད་ཞུགས་པའི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ལུགས་གསར་ལོ་སར་ལ་འཚམས་འདྲི་ཞུས་པ་ཡིན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིན་ནས་ཀྲང་ཅ་ཁུག་བར་གྱི་མགྱོགས་བགྲོད་ལྕགས་ལམ་ནི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆ་ཚང་བཟོ་སྐྲུན་གལ་ཆེན་ཞིག་ཡིན། མགྱོགས་བགྲོད་ལྕགས་ལམ་དེའི་སྟེང་འགྲུལ་སྐྱེལ་བྱེད་འགོ་བརྩམས་པ་དེ་ལས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཆ་ཚང་འཛུགས་སྐྲུན་ཐད་ནས་འཕེལ་རིམ་གསར་བ་བྱུང་བ་མཚོན་ཞིང་གྲ་སྒྲིག་བྱ་བ་སྣ་ཚོགས་ཀྱང་ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་སྒོ་ནས་ལག་བསྟར་བྱས་ནས། དགུན་ཁའི་ཨོ་རྩལ་འགྲན་ཚོགས་དུས་ལྟར་བདེ་བླག་ངང་བསྡུ་བར་འགན་སྲུང་བྱས་ཟེར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1