གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༦ཉིན།

ཧིན་རྡུ་ཉི་ཞི་ཡར་ཆུ་ལོག་གི་གནོད་འཚེ་ཐོན་ནས་མི་16རྐྱེན་ལམ་དུ་ཤོར་བ།

   ཟླ་1ཚེས་2ཉིན། ཧུན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གནོད་འགོག་ཧྲུའུ་ཡིས་བརྡ་ཁྱབ་བཏང་དོན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཏ་དང་དེའི་ཉེ་འཁོར་ས་ཁུལ་དུ་ཉེ་ཆར་དྲག་ཆར་བབས་པ་དང་ཆུ་ལོག་གི་གནོད་འཚེ་ཐོན་ནས་མི་16རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་3.56ཕྱི་འཐེན་བྱེད་དགོས་བྱུང་ཡོད།  
   ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གནོད་འགོག་ཧྲུའུ་ཡི་མགྲིན་ཚབ་པ་ཨ་གུའུ་སི་ཝེ་པའོ་ཨོ་ཡིས་ཚེས་2ཉིན་གསལ་བསྒྲགས་ཤིག་ཡོངས་བསྒྲགས་བྱས་པའི་ནང་། ཅ་ཁ་ཏ་དང་དེའི་ཉེ་འཁོར་གྱི་ས་ཁུལ་དུ་2019ལོའི་ཟླ་12ཚེས་31ཉིན་གྱི་དགོང་མོ་ནས་བསྟུན་མར་དྲག་ཆར་བབས་པ་དང་། ས་ཁུལ་མང་པོའི་རགས་ཁ་ཤོར་ནས། སྡོད་ཁང་དང་ཞིང་ཁ་ཆུས་སྣུབ་པ་དང་། གྲོང་ཁྱེར་གྱི་ས་བབ་དམའ་ཁུལ་ཁ་ཤས་སུ་ཆུ་འཁྱིལ་ཡོད་ཅེས་བརྗོད་ཡོད་པ་རེད།
    ཨ་གུའུ་སི་ཡིས། ཚེས་2ཉིན་གྱི་ཆུ་ཚོད་12བར་(པེ་ཅིང་གི་དུས་ཚོད་ཆུ་ཚོད་13)དྲག་ཆར་དང་ཆུ་ལོག་ནང་མི་16རྐྱེན་ལམ་དུ་ཤོར་ཡོད་པའི་ནང་གི་མང་ཆེ་བ་གློག་འཁྱུད་པ་དང་། ཆུའི་ནང་དིམ་ནས་ཤི་བ་ཡིན་པ་རེད།  
       ལོ་རེའི་ཟླ་11ནས་སང་ལོའི་ཟླ་4པའི་བར་ནི་ཧུན་རྡུ་ཉི་ཞི་ཡའི་ཆར་ཆུ་འབེལ་བའི་དུས་ཚིགས་ཡིན་ལ། རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་ཐོན་མང་བའི་དུས་ཚིགས་ཀྱང་ཡིན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1