གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༦ཉིན།

བུ་འཇོན་པོ་དཀའ་སྡུག་ཁྲོད་ནས་བྱུང་།


བུ་འཇོན་པོ་དཀའ་སྡུག་ཁྲོད་ནས་བྱུང་།

    ཉེ་ཆར། དཀར་མཛེས་ནས་བཟོས་པའི་གློག་བརྙན་ཞིག་འཛམ་གླིང་ལ་བཀྲག་མདངས་རྣམ་པར་འཚེར། བྱ་ར་བ་ཞེས་པའི་གློག་བརྙན་ཞིག་དུས་ཆེན་མང་པོར་བསྟན་ཞིང་།  ཏུང་ཅིན་དུ་ཆེས་ལེགས་པའི་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ་ཐོབ་ཅེས་པའི་གསར་འགྱུར་དེ་དཀར་མཛེས་ཁུལ་མི་དམངས་ཀྱི་གྲོགས་ཚོམས་སུ་གཏོང་མང་ཤོས་སུ་གྱུར། ང་ཚོ་དཀར་མཛེས་ཁུལ་ལའང་རང་ས་གནས་ཀྱི་འཁྲབ་སྟོན་པ་གསར་པ་ཡག་ཤོས་ཤིག་ཀྱང་ཐོན་ཡོད་པ་རེད། སྐྱེས་པ་གཙོ་འཁྲབ་པའི་ཐོབ་ཐང་དེ་སྨྱན་སྦྱོར་ཆེ་གྲས་ཁག་གིས་རིམ་པ་རེ་རེ་བཞིན་བཏོན་ཞིང་། ཁོང་ནིབྱ་ར་བཞེས་པའི་གློག་བརྙན་ནང་གི་བསྟན་འཛིན་རེད། ཁོང་གི་འདྲ་པར་མཐོང་སྐབས་སྔོན་ལ་རིག་མྱོང་ཞིང་ངོ་ཤེས་མཁན་ཞིག་ཡིན་སྣང་ཤར་སྲིད། ཁོང་ནི་རོང་བྲག་རྫོང་སྤྲོ་སྣང་ཡུལ་ཤོག་ཏུ་སྐྱེས་པའི་ཡུའེ་ཀྲེང་ཅན་ཡིན་ཞིང་། ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་པར་མ་ཟད། རྒྱལ་རོང་ཕོ་གསར་གྱི་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་འཇོན་པོ་ཆགས་པ་ཞིག་རེད།

བུ་འཇོན་པོ་དཀའ་སྡུག་ཁྲོད་ནས་བྱུང་།

ལོ་དེར། 

ཁོང་གཞན་ཡུལ་དུ་འཁྱམས་ནསཁེབས་འཁོརའཁྲབ་སྟོན་པ་ཞིག་ཏུ་གྱུར།

     ཡུའེ་ཀྲེང་ཅན་ལ་ཆུང་དུས་ནས་སྐད་ངག་སྙན་མོ་ཞིག་ཡོད་པ་དང་ཆུང་དུས་གྲོང་ཚོའི་ནང་མནའ་མ་བསུ་ལེན་བྱེད་ཡུལ་སོགས་སུ་ཁོང་གི་གླུ་སྒྲ་མི་ཐོས་ས་མེད་ཅིང་། བྱིས་དུས་ཀྱི་སྐབས་ནས་ཁོང་གྲོང་གསེབ་ཏུ་སྐད་གྲགས་ཆོད་པའིགཞས་པ་གྲགས་ཅནཞིག་ཏུ་གྱུར་ཡོད།

     ཡུའེ་ཀྲེང་ཅན་གྱི་ངོས་ནས་བརྗོད་ན། “གཞས་པ་གྲགས་ཅནབྱེད་པ་ནི་ཁོང་གི་ཕུགས་འདུན་མ་ཡིན་ལ། ཁོང་ལགློག་བརྙན་འཁྲབ་སྟོན་པཞིག་བྱ་རྒྱུའི་འདོད་པ་ཧ་ཅང་ཆེ། ཕུགས་འདུན་དེའི་སྐོར་གླེང་སྐབས་ཡུའེ་ཀྲེང་ཅན་གྱིས་འཛུམ་དམུལ་དམུལ་ངངཆུང་དུས་གྲོང་སྡེའི་ནང་བརྙན་འཕྲིན་ཡོད་པའི་ཁྱིམ་ཚང་གཉིས་ལས་མེད་པས་ང་ཉིན་ལྟར་དེ་ཚོ་སར་སོང་ནས་བརྙན་འཕྲིན་ལ་བལྟས།  སྐབས་དེརགངས་རིའི་ཝ་མོ།ཞེས་པར་བལྟས་པ་ཡིན། བརྙན་འཕྲིན་ཟློས་གར་ནང་གི་དུམ་ཚན་དེ་ངས་ད་ལྟའང་གསལ་ལྷང་ངེར་དྲན་གྱིན་འདུག  དགོང་མོ་བརྙན་འཕྲིན་ལ་བལྟས་ཤིང་བརྙན་འཕྲིན་ནང་གི་ཟློས་གར་གྱི་ནང་དོན་ཡིད་ལ་འཆར་དུས་སློབ་གྲྭར་སོང་ནས་ཡི་གེ་སྦྱོང་འདོད་དང་བྱ་བ་སྒྲུབ་དུས་སེམས་གཡེང་བས་ཕ་མས་གཅར་རྡུང་མང་པོ་རག་སོང་ཞེས་བཤད་པ་རེད།

ལོ་བཅོ་ལྔ་ལ་སླེབས་པའི་ལོ་དེར་ཁྱིམ་གྱི་དཔལ་འབྱོར་ཆ་རྐྱེན་གྱི་དབང་གིས་དམའ་རིམ་སློབ་འབྲིང་ཐོན་རྗེས་ཡུའེ་ཀྲེང་ཅན་སློབ་མཚམས་བཞག་པ་རེད། འོན་ཀྱང་ཉིན་ལྟར་ཁྱིམ་དུ་སྐྱིད་འདོད་ལས་གཡོལ་བྱེད་པ་ནི་ཐབས་ཤེས་ཤིག་མ་ཡིན་པས་རང་ཉིད་ཀྱིས་ལག་ཟུང་ལ་བརྟེན་ནས་རང་ཉིད་གསོ་དགོས་པ་ལས། ཕ་མའི་གནོན་ཤུགས་ཆུང་དུ་གཏོང་མི་ཐུབ་ནའང་ཁྱིམ་གྱི་ཁུར་པོ་བྱེད་མི་རུང་སྙམ་སྟེ། ལོ་བཅོ་ལྔ་ལ་སླེབས་པའི་ཡུའེ་ཀྲེང་ཅན་ཕྱི་རོལ་ཏུ་སོང་ནས་གླ་པར་བྱ་རྒྱུའི་ཐག་བཅད། ལོ་གཅིག་གི་དུས་ཚོད་ནང་ཁོང་གིས་ཞབས་ཞུ་བ་དང་ཤིང་ཏོག་ཚོང་བ། རླངས་འཁོར་བཟོ་པའི་དགེ་ཕྲུག་བཅས་བྱས་མྱོང་། དཀའ་ངལ་ཆེས་ཆེ་བའི་སྐབས་སུ་ཐ་ན་གནམ་ཟམ་འོག་གི་ཟམ་ཕུག་ཏུ་ཉལ་ཡང་མྱོང་བ་རེད།

      ལོ་གཅིག་གི་དུས་ཚོད་ནི་སྐར་མདའ་འཕངས་པ་བཞིན་སྐད་ཅིག་ཉིད་ལ་འདས་ཤིང་། གཉེན་ཉེ་བ་དང་རྩ་རྒྱུད་པ་རྣམས་ཀྱིས་ཡུའེ་ཀྲེང་ཅན་དེ་འདྲ་སོང་ན་དཀའ་ལས་མྱོང་བ་ལས་འབྲས་བུ་ཞིག་ཡོད་ས་མ་རེད་བསམས་ནས་ལག་གདང་སྦྲེལ་ཞེས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་ཞིག་ཏུ་བཏང་། དེ་ནི་གྲོང་གསེབ་ཏུ་འཆམ་ཞིང་ཁྲོམ་སྲང་གང་སར་བསྐྱོད་པའི་ཁེབས་འཁོར་ལྟ་བུའི་འཚོང་གཉེར་ཚོགས་པ་ཞིག་རེད། ཡུའེ་ཀྲེང་ཅན་གྱིས་ལོ་གསུམ་གྱི་དུས་ཚོད་ནང་ཡུན་ནན་དང་ཀུའེ་ཀྲུའོ། སི་ཁྲོན་བཅས་སུ་སོང་མྱོང་ཞིང་། དགེ་ཕྲུག་ཡིན་པའི་ངོས་ནས་ང་ཚོར་ཟས་དང་ཉལ་ས་ཙམ་ལས་གླ་ཕོགས་མེད་པ་དང་།  རང་གིས་གླུ་ལེན་པ་དང་ཞབས་བྲོ་འཁྲབ་པ། འཁྲབ་སྟོན་བྱེད་པ་སོགས་ཚང་མ་ཤེས་དགོས། ངས་ད་དུང་རྩལ་རྩེད་འཁྲབ་སྟོན་ཁྲོད་བཞད་གད་པ་འཁྲབ་དགོས་ཤིང་། འཁྲབ་སྟོན་གྱི་ཆ་རྐྱེན་མེད་པས་དཀའ་ཚེགས་ཆེན་པོ་ཡིན། སྐབས་འགར་ང་ཚོས་ས་སྟོང་ཞིག་བཙལ་ནས་གར་སྟེགས་སྟབས་བདེ་ཞིག་བཟོས་པ་དེ་ནི་ང་ཚོའི་གར་སྟེགས་ཡིན། དབྱར་ཁར་ཆར་བ་འབབ་སྐབས་ལུས་ཡོངས་བརླན་པར་གྱུར་པ་དང་། དགུན་ཁར་ཁ་བ་བབས་ནས་འཁྱགས་ཏེ་ལུས་པོ་ཤིང་ལྟར་རེངས་པ་དང་། ཆམ་པ་སོགས་ན་ན་ཡང་འཁྲབ་སྟོན་ལ་ཆད་མི་ཆོག་ཅིང་། འཁྲབ་སྟོན་བྱས་ཚར་རྗེས་ཚང་མ་ངལ་དུབ་ཀྱིས་མནར་ནས་ཐད་ཀར་གར་སྟེགས་འོག་ཏུ་འཛུལ་ཏེ་གཉིད་དུ་ཡུར། སྐབས་དེ་དུས་ལོ་ན་ཆུང་བས་འཁྲབ་སྟོན་བྱེད་ཟེར་དུས་ཧ་ཅང་དགའ་ཞིང་། རྩལ་ནུས་ཡོངས་རྫོགས་བསྟན་པས་ལྟད་མོ་བར་སྤྲོ་བ་བརྟས་ནས་ཐལ་མོའི་རྡེབ་སྒྲ་དང་སྤྲོ་སེམས་འཕེལ་བའི་དགའ་འབོད་ཐོས་དུས་གྲུབ་འབྲས་ཤིག་ཐོབ་པའི་ཚོར་སྣང་སྟེར་གྱིན་འདུག  འཁྲབ་སློང་གི་ལོ་གསུམ་གྱི་དུས་ཚོད་ནང་སྒོར་མོ་མ་ལོན་ཡང་སྤྱི་ཚོགས་ཀྱི་ཉམས་མྱོང་མང་པོ་ཞིག་བསགས་ཐུབ་པས་འདིའང་རིན་ཐང་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་ཅེས་བཤད།

བུ་འཇོན་པོ་དཀའ་སྡུག་ཁྲོད་ནས་བྱུང་།

ལོ་དེར། 

ཁོང་ཕ་ཡུལ་དུ་ལོག་ནས་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གྲྭའི་སློབ་མ་ཞིག་ཏུ་གྱུར།

     2009ལོར། སི་ཁྲོན་གྱིས་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་ཤིང་། ཡུའེ་ཀྲེང་ཅན་ཕ་ཡུལ་དུ་ལོག་ནས་དེར་མིང་ཐོ་བཀོད་ཅིང་། ལོ་དེར་ཁོང་ཏག་ཏག་ལོ20ལ་བསླེབས་ནས་དཀར་མཛེས་ཁུལ་གྱི་དགུ་ཐོག་གསུམ་སྣོན་གྱི་ཕན་པ་ཐོབ་པའི་སློབ་མ་ཁག་དང་པོར་གྱུར། ཡུའེ་ཀྲེང་ཅན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་བཟང་བས་སློབ་གྲྭར་སློབ་སྦྱོང་དང་ཟ་མ། སྡོད་ས་བཅས་ལ་རིན་པ་མི་དགོས་པས་ངས་ཀྱང་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་ལ་རྨང་གཞི་ལེགས་པ་བཞག་པ་ཡིན་ཟེར། ཁོང་གིས་མུ་མཐུད་ནས་ང་ནི་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ལས་རིགས་ལག་རྩལ་སློབ་གྲྭར་གློག་རྡུལ་ཨར་ལས་ཆེད་ལས་སྦྱོང་བ་ཡིན། མ་གཞིརགློག་རྡུལདངསྒྱུ་རྩལགྱི་ཆེད་ལས་གཉིས་འདེམས་ཆོག་ཀྱང་ངས་ཨ་མར་མངགས་བཅོལ་བྱས་ནས་ཆེད་ལས་འདེམས་རོགས་ཟེར་བ་ཡིན། རེད་དེ་ཨ་མས་ཡི་གེ་མི་ཤེས་པས་རྟགས་རྒྱག་ནོར་ཐེབས་པས་ང་རང་གློག་རྡུལ་ཆེད་ལས་ཀྱི་སློབ་མར་གྱུར་བ་རེད་ཅེས་ཟེར།

      སློབ་གྲྭར་བསླེབས་རྗེས་ཡུའེ་ཀྲེང་ཅན་གྱིས་ཉིན་རེར་གློག་རྡུལ་ཆེད་ལས་ཀྱི་སློབ་ཚན་ལེགས་གྲུབ་བྱས་པར་ཕུད། ཧ་ལམ་ཉིན་ལྟར་སྒྱུ་རྩལ་ཆེད་ལས་ཀྱི་དགེ་རྒན་དང་སློབ་མ་དེ་ཚོ་དང་མཉམ་དུ་འགྲོ་བ་རེད། གང་ལགས་ཤེ་ན། ལོ་གསུམ་ལ་འཁྲབ་སློང་བྱས་མྱོང་སྟབས་ཡུའེ་ཀྲེང་ཅན་ལ་སྒྱུ་རྩལ་འཁྲབ་སྟོན་ཐད་ལ་ཁྱད་ཆོས་འབུར་དུ་ཐོན་པ་ཡོད་པས་སློབ་གྲྭས་འཁྲབ་སྟོན་བྱེད་དུས་ཁོང་གིས་གཙོ་སྐྱོང་དང་འཁྲབ་སྟོན། འཁྲབ་བཀོད་བཅས་ཀྱི་འགན་འཁུར་གྱི་ཡོད་པས་སྒྱུ་རྩལ་ཆེད་ལས་ཀྱི་དགེ་རྒན་རྣམ་པས་ཁོང་ལ་ལྟ་སྟངས་ལེགས་ཤིང་མཐོང་ཆེན་བྱས་པ་རེད།  ཡུའེ་ཀྲེང་ཅན་གྱིས་སྐབས་དེ་དུས་སྒྱུ་རྩལ་ཆེད་ལས་ཀྱི་དགེ་རྒན་ཚོས་ང་ལ་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་གནང་ཞིང་། རྒྱུན་དུ་ཁོ་ཚོའི་འཁྲབ་སྟོན་དང་བྱེད་སྒོ་སོགས་སུ་ང་ཞུགས་སུ་བཅུག་པས་མ་ཚད་གར་སྟེགས་ཟློས་གར་ལ་ལྟ་རུ་ཁྲིད་སྟབས་འཁྲབ་སྟོན་པ་ཞིག་བྱེད་པའི་རྨང་གཞི་ཤེས་བྱ་མང་པོ་ཞིག་ཤེས་སོང། ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གྲྭ་ནས་ཐོན་རྗེས་ཡུའེ་ཀྲེང་ཅན་མཐོ་རིམ་ཀོར་ཧྥུ་སྤོ་ལོ་སྤྲོ་འཛོམས་ཁང་དུ་དངོས་སྦྱོང་བྱས་པ་རེད། དེ་ལ་ཉིན་ལྟར་འཕྲད་པའི་མི་འདྲ་མིན་སྣ་ཚོགས་ཤིག་ཡོད་པས་མི་དང་འབྲེལ་བ་བྱེད་པའི་ཐབས་ཤེས་མང་པོ་ཤེས་ཐུབ་པ་རེད།

      2012ལོར་ཡུའེ་ཀྲེང་ཅན་གླུ་གཞས་འགྲན་བསྡུར་སྣ་ཚོགས་ནང་ཞུགས་ནས་ཕྱི་ཕྱོགས་ལ་རང་ཉིད་འོས་སྦྱོར་བྱེད་འགོ་ཚུགས། སྟེས་དབང་གི་གོ་སྐབས་ཤིག་ལས་ཁོང་གིས་གློག་བརྙན་ཐུང་གྲསབདེ་སྐྱིད360ཞེས་པ་དེ་རོང་བྲག་ཏུ་བརྙན་ཕབ་བྱ་རྒྱུ་ཡིན་པ་ཐོས་རྗེས་ཁོང་ཕ་ཡུལ་དུ་ལོག་ནས་འཁྲབ་ཁྲིད་པར་རང་ཉིད་འོས་སྦྱོར་བྱས་ཤིང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིསམ་ཧྲ་ཐེའིབཟོ་ལྟ་དེས་འཁྲབ་ཁྲིད་པའི་ཡིད་དབང་འཕྲོག་སྟེ། བདེ་སྐྱིད360ཞེས་པའི་མི་སྣ་གཙོ་བོ་ནི་མ་གཞི་ནས་རང་འཁྲིའི་ལས་ཀ་མི་བྱེད་པ་དང་ཉིན་ལྟར་ཆང་རག་འཐུང་མཁན་གྱི་གྲོང་མི་ཞིག་ཡིན་ལ། འཁྲབ་ཁྲིད་པས་ཡུའེ་ཀྲེང་ཅེའིམ་ས་ཐེའིབཟོ་ལྟ་དེ་ཆང་རྐྱལ་ཞིག་དང་འདྲ་པོ་འདུག་ཅེས་བཤད་པ་དང་། དེ་བས་ཡུའེ་ཀྲེང་ཅན་གྱིས་ཁོང་གི་གློག་བརྙན་གྱི་འཚོ་བ་སྐྱེལ་འགོ་བཙུགས་པ་དང་དེ་རྗེས་སླར་ཡངཕོ་རྒོད་ནི་ཇི་ལྟར་ཆགས་པ་ཡིན།ཞེས་པ་དང་། གུང་ཁྲན་ཅ་མུཞེས་པ་སོགས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚནཁམས་བོད་ཇའི་བླ་སྲོགསོགས་འཁྲབ་སྟོན་བྱས་པ་རེད།

བུ་འཇོན་པོ་དཀའ་སྡུག་ཁྲོད་ནས་བྱུང་།

འདི་ལོར། བུ་འཇོན་པོ་དཀའ་སྡུག་ཁྲོད་ནས་བྱུང་ཞེས་པ་བཞིན་ཁོང་འཁྲབ་སྟོན་པ་རྩེ་གྲ་གསར་དར་ཞིག་ཏུ་གྱུར།

     གློག་བརྙནབྱ་ར་བཞེས་པ་ལ་འཇར་པན་དུ་ཏུང་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱིསྐྱེས་པའི་འཁྲབ་སྟོན་པ་རྩེ་གྲ་གསར་དར་ཡག་ཤོས་ཀྱི་བྱ་དགའདངརྩེ་གྲ་གསར་དར་ཡག་ཤོས་ཀྱི་གཏམ་རྒྱུད་གློག་བརྙན་བྱ་དགའཐོབ་པས་གཏམ་བཟང་དེ་དཀར་མཛེས་ཁུལ་གྱི་ས་གཞི་ཡོངས་ལ་ཁྱབ། ཡུའེ་ཀྲེང་ཅན་གྱིས་ང་ཚོའི་ཚོགས་པར་བྱ་དགའ་ཆེན་པོ་འདི་འདྲ་ཐོབ་པ་ནི་མིང་དོན་མཚུངས་པ་ཞིག་ཡིན་ཏེ། ང་ཚོས་འབད་བརྩོན་བྱས་པ་དང་བློས་གཏོང་བྱས་པ་དེ་གཞན་ལས་མང་ཞིང་། དཀའ་ལས་བརྒྱབ་ན་འབྲས་བུ་འཐོབ་རྒྱུ་ང་ཚོ་ལ་ཡིད་ཆེས་བརྟན་པོ་ཡོད། མ་འོངས་པར་དེ་ལས་འབད་བརྩོན་བྱས་ཏེ་བརྩམས་ཆོས་གང་མང་ཕུད་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།

      ཡུའེ་ཀྲེང་ཅན་གྱིས་གློག་བརྙནབྱ་ར་བཞེས་པའི་བརྙན་ཕབ་སྐོར་གླེང་སྐབས་ང་ལ་ནམ་ཡིན་ཡང་ཕུགས་འདུན་ཞིག་ཡོད་པ་ནི་གསར་བརྗེའི་གློག་བརྙན་ཞིག་བརྙན་ཕབ་བྱ་རྒྱུ་ཡིན་པས།བྱ་ར་བཞེས་པའི་གློག་བརྙན་དེས་རང་ཉིད་ཀྱི་རེ་འདོད་བསྐངས་ཤིང་། ང་ཚོའི་ཚོགས་པས་བརྙན་ཕབ་པའི་བརྒྱུད་རིམ་ནང་འབད་བརྩོན་མང་པོ་བྱས་པ་དང་འདམ་རྫབ་ནས་གངས་རི། རྩྭ་ཐང་ནས་ནགས་ཚལ་སོགས་སུ་པར་ལེན་བྱས་པ་དང་། ཚོགས་མི་ཡོངས་ཀྱི་བརྩེ་སེམས་རྣལ་མ་དེ་བརྙན་ཕབ་དང་འཁྲབ་སྟོན་དུ་འདྲེས་གང་ཐུབ་བྱས་ཤིང་། འཁྲབ་གཞུང་ཐོབ་པའི་དུས་ནས་བཟུང་ང་རང་གི་ལུས་སེམས་ཡོངས་རྫོགས་གཏམ་རྒྱུད་འདིའི་ནང་དུ་ཞུགས་ཡོད། བརྙན་ཕབ་པའི་བརྒྱུད་རིམ་ནང་ང་ཉིན་ལྟར་ཞོགས་པ་ཆུ་ཚོད་བཞི་པ་ནས་དུས་ཐོག་ཏུ་ལངས་ཏེ་འཁྲབ་ཚིག་བློར་འཛིན་པ་ཡིན། ཐེངས་འདིའི་བརྙན་ཕབ་བྱེད་སའི་གནས་དེའང་ང་ཚོར་མཚོན་ན་འགྲན་སློང་ཆེན་པོ་ཞིག་རེད། བརྙན་ཕབ་བྱེད་སྐབས་མཚོ་འཕགས་སྨི4000ཡོད་པའི་སར་ཟློས་གར་ཞིག་ལེགས་འགྲུབ་ཡོང་ཆེད་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ10ལྷག་ཙམ་གྱི་འདམ་རྫབ་ནང་ཆུ་ཚོད་བཞི་ཙམ་སྦངས་དགོས་ཤིང་། ཕྱིར་ཐོན་དུས་ངའི་རྐང་པ་ཧ་ལམ་སྤོ་མི་ཐུབ་པར་གྱུར།  དེ་མིན་མཚོ་འཕགས་སྨི་ལྔ་སྟོང་ལྷག་གི་གངས་རིའི་སྟེང་དུ་མི་ཁུར་ནས་སྤྱི་ལེ་འགའ་ལ་འགྲོ་དགོས་པ་སོགས་དེ་དག་རྡོ་ལ་རི་མོ་བརྐོས་པ་བཞིན་ད་ལྟའང་གསལ་ལྷང་ངེར་དྲན་གྱི་འདུག་ཅེས་བཤད་དོ།།      

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1