ཞི་ཅིན་ཕིང་གིས་དམག་དཔུང་ཡོངས་ལ་བསྒྲགས་པའི་སྦྱོང་རྡར་འགོ་བརྩམས་པའི་སྐུལ་སློང་བཀའ་ཁྱབ་ལ་དམག་དཔུང་ཡོངས་ཀྱི་དཔོན་དམག་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-06


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བཀའ་ཁྱབ་དང་པོའི་སྟེང་མིང་བཀོད་དེ་དམག་དཔུང་ཡོངས་ལ་སྦྱོང་རྡར་འགོ་བརྩམས་པའི་སྐུལ་སློང་བཀའ་ཁྱབ་བསྒྲགས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཀོད་པའི་བཀའ་ཁྱབ་ལ་དམག་དཔུང་ཡོངས་ཀྱི་དཔོན་དམག་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ་པ་དང་དམག་དཔུང་སོ་སོའི་ཁྲོད་དུ་ལོ་གསར་བའི་ནང་དམག་དོན་སྦྱོང་རྡར་བྱེད་པའི་ཚ་རླབས་ཤིག་བསླངས།
        རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བཤད་རྒྱུར།འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མར་ལོ་གསུམ་ལ་བསྒྲགས་པའི་སྦྱོང་རྡར་འགོ་བརྩམས་པའི་སྐུལ་སློང་བཀའ་ཁྱབ་ཡིན་ལ།དེ་ལས་དམག་དོན་སྦྱོང་རྡར་བྱེད་པའི་ཁྲིད་ཕྱོགས་གཙོ་བོ་ཆགས་པར་བྱས་པ་དང་དམག་སྦྱོང་དམག་འཐབ་ལ་གྲ་སྒྲིག་བྱེད་པའི་འབོད་སྐུལ་བཏང་བ་ཡིན།ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ།དམག་ནང་དུ་ཞུགས་ཏེ་དམག་འཁྲུག་རྒྱག་པ་དང་དམག་ཁྲིད་དེ་དམག་འཁྲུག་རྒྱག་པ།དམག་སྦྱོང་བྱས་ཏེ་དམག་འཁྲུག་རྒྱག་པའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་།སྟོབས་ཆེན་དགྲ་བོའི་འགྲན་ཡ་ལ་དམིགས་ཏེ་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་རྡར་དམ་འཛིན་བྱེད་པ་དང་།ཚད་མཐོན་པོའི་དོགས་ཟོན་རྣམ་པ་སྲུང་འཛིན་བྱས་ནས།བོས་ན་ཡོང་ཐུབ་པ་དང་ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་སྲུང་འཛིན་བྱེད་པ་ཡིན་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1