ཨོ་པཱ་མ་དང་ཕུའུ་ཅིང་གཉིས་ཀྱིས་ཐེངས་འགར་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་གླེང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13




སྤྱི་ཟླ་11པའི་ཚེས་11ཉིན་པེ་ཅིང་དུ། ཨ་མེ་རི་ཁ་དང་ཨུ་རུ་སུ་ཕྱོགས་གཉིས་ཀས་བདེན་དཔང་བྱས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་འཛིན་ཨོ་པཱ་མ་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གཉིས་ཀྱིས་ཐེངས་འདིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ཐེངས་འགར་གྲོས་མོལ་བྱས་པར་བཤད།




ཨུ་རུ་སུའི་གསར་འགྱུར་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་གསར་འགྱུར་གྱི་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིང་དང་ཨོ་པཱ་མ་གཉིས་ཀྱིས་པེ་ཅིང་དུ་ཐེངས་འགར་གྲོས་མོལ་བྱས་པ་དང་། གྲོས་མོལ་གྱི་དུས་ཚོད་ཧ་ཅང་ཐུང་ནའང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་། སི་རི་ཡ་དང་ཡུག་རེན། ཨི་རན་སོགས་ཀྱི་གནད་དོན་གླེང་བར་བཤད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1