རྔ་བ་ཁུལ་གྱིས་གནམ་ལོ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་བསྡུས།

ནོར་བྷ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-06



        རྔ་བ་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་གནམ་ལོ་གསར་བ་བསུ་བའི་རིག་རྩལ་སྤྲོ་ཚོགས་འཚོགས།
        ཀྲུང་གུང་རྔ་བ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་དྲིལ་སྒྲོག་པུའུ། ཁུལ་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་བཅས་ཀྱིས་མཉམ་སྒྲུབ་དང་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་བྱས་པའི་༼མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་མཛེས་སྡུག་ལྡན་པའི་ལོ་གསར་མཉམ་དུ་བསུ༽ཞེས་པའི་རྔ་བ་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་ལོ་གསར་བསུ་བའི་རིག་རྩལ་སྤྲོ་ཚོགས་དེ་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ནུབ་མོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་ཅིན་ཅིན་ལུང་འཁྲབ་སྟོན་ཚོམས་ཆེན་ནས་བསྡུས། 


        ཐོག་མར་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད་ཅེས་པའི་མཉམ་གཞས་ཀྱི་གདངས་དབྱངས་ཁྲོད་ནས་དགོང་ཚོགས་ཀྱི་ཡོལ་བ་ཕྱེས་ཤིང་། དེར་མཐུད་ནས་མི་རིགས་རིག་གནས་དང་ས་གནས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་ཞབས་བྲོ། ཏང་དང་རྒྱལ་ཁབ་ལ་བསྟོད་གླུ། མེས་རྒྱལ་གོང་བུ་གཅིག་གྱུར་དང་སྤྱི་ཚོགས་འཆམ་མཐུན་ལ་བསྟོད་གཞས། ལྷག་པར་དུ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་རྨང་གཞི་བྱས་ཐོག རང་ཁུལ་གྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་རང་བྱུང་གི་གནོད་འཚེ་སེལ་ཐབས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་སོགས་ལ་འབད་བརྩོན་གང་ལེགས་བྱས་ཤིང་། ཁུལ་གཅིག་དང་ས་ཁུལ་གཉིས་ཁྱིམ་གཞིས་གསུམ། གཉིས་སྦྲེལ་གཅིག་སྒྲུབ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་དགོས་པ་སོགས་བྱེད་སྒོ་ཁག་གོ་རིམ་ལྡན་པའི་ངང་ནས་སྤེལ་བ་མཚོན་པར་བྱས་ཡོད་པ་རེད།

        དགོང་ཚོགས་ནི་གསར་བརྗེའི་ཁྱིམ་གཞིས་དང་གསེར་མདོག་གི་ཕ་ས། མདངས་ལྡན་གྱི་གཤིན་ས་བཅས་ལེའུ་གསུམ་གྱིས་གྲུབ་ཡོད་ལ། ཕ་ཡུལ་གྱི་རང་མདངས་དང་འགྱུར་ལྡོག་སོགས་གླུ་དང་གར་ལ་བརྒྱུས་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བས། རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་གྲངས་མེད་ཐོབ། དེ་བཞིན་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རྨེ་བའི་སྐོར་བྲོ་དང་ཀ་ལམ་གྱི་འགྱུར་ཁུགས། ཨ་རོགས་ཡ་སོགས་འཁྲབ་སྟོན་བྱས་པར་ཚོགས་ར་ཡོངས་སུ་དུས་སྟོན་གྱི་དགའ་སྤྲོའི་ཡོ་ལང་རྒྱས་པར་བྱས།
        མཇུག་མཐར་ང་ཡི་མེས་རྒྱལ་ང་ཡི་ཕ་ཡུལ་ཞེས་པའི་རྔམ་བརྗིད་ལྡན་ཞིང་དཔངས་མཐོ་བའི་གདངས་དབྱངས་ཁྲོད། རླབས་ཆེའི་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་མཛེས་སྡུག་ལྡན་པའི་ལོ་གསར་མཉམ་དུ་བསུ་ཞེས་པའི་རྔ་བ་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་ལོ་གསར་བསུ་བའི་རིག་རྩལ་སྤྲོ་ཚོགས་ལྟད་མོ་བའི་དགའ་འབོད་ཁྲི་སྟོང་གི་ཁྲོད་ནས་མཇུག་རྫོགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1