དར་མདོ་རྫོང་གི་ཐང་ག་གསུམ་ཀྲུང་གོའི་ཞིང་པའི་རི་མོ་བརྩམས་ཆོས་ལེགས་གྲས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འགྲེམ་སྟོན་བྱེད་པ་ཞེས་པའི་གྲས་སུ་བདམས་ཐོན་བྱུང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-13


    ཉེ་ཆར། ཀྲུང་གོའི་ཞིང་པའི་རི་མོ་ལེགས་གྲས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འགྲེམ་སྟོན་བྱེད་པ་ཞེས་པའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས། དར་མདོ་རྫོང་གི་དྲིལ་བསྒྲགས་པུའུ་ལ་ཀྲུང་གོའི་ཞིང་པའི་རི་མོ་ལེགས་གྲས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འགྲེམ་སྟོན་བྱེད་པ་ཞེས་པའི་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཞེས་པའི་གཟེངས་བསྟོད་གནང་།

    2014ལོའི་སྤྱི་ཟླ་5པའི་ཚེས་21ཉིན། ཀྲུང་གོའི་ཡིག་རིས་ཞིབ་འཇུག་གླིང་གིས། 《འཛམ་གླིང་གི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན། ཀྲུང་གོའི་ཞིང་པའི་རི་མོ་ལེགས་གྲས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འགྲེམ་སྟོན་བྱེད་པ།》ཞེས་པའི་བྱེད་སྒོ་སྤེལ་ཞིང་། དར་མདོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས། དར་མདོ་དང་བོད་ཁུལ་གཞན་པའི་མི་རིགས་རིག་གནས་འགྲེམ་སྟོན་བྱེད་པ་གཙོ་བོར་བཟུང་ནས། དར་མདོ་རྫོང་གི་ཁོངས་གཏོགས་ས་ཁུལ་དུ་བརྩམས་ཆོས་བསྡུ་རུབ་རྒྱ་ཆེན་པོ་བྱས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་བུ་རྒན་གྱི་ཐང་གའི་བརྩམས་ཆོས་《མི་ལ་རས་པ།》 དང་《ཛམ་བྷ་ལ་སེར་པོ།》《སྒྲོལ་དཀར་ཡིད་བཞིན་ནོར་བུ།》བཅས་གསུམ་འགྲེམ་སྟོན་བྱ་རྒྱུར་བདམས་ཐོན་བྱུང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ནང་དུ་འགྲེམ་སྟོན་བྱ་རྒྱུ་རེད། དེའི་ཁྲོད་དུ། 《སྒྲོལ་དཀར་ཡིད་བཞིན་ནོར་བུ།》ཞེས་པར་གྲས་སུ་ཚུད་པའི་བྱ་དགའ་ཐོབ་པ་དང་། དར་མདོ་རྫོང་དྲིལ་བསྒྲགས་པུའུ་ལ་ཀྲུང་གོའི་ཞིང་པའི་རི་མོ་ལེགས་གྲས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འགྲེམ་སྟོན་བྱེད་པ་ཞེས་པའི་རྩ་འཛུགས་ཨུ་ལྷན་གྱིས་གནང་བའི་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1