དབྱི་རན་གྱིས་ཨ་རིའི་དམག་དཔུང་རྟེན་གཞི་ལ་འཕུར་མདའ་འཕངས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-09



 
     ཟླ་1ཚེས་8ཉིན། དབྱི་རན་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། དབྱི་རན་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གིས་ཨ་རིའི་དམག་དཔུང་སྡོད་པའི་དབྱི་རག་ཨ་ས་དེ་མཁའ་དམག་རྟེན་གཞི་ལ་“མེ་ཤུགས་འཕུར་མདའ་བཅུ་གྲངས་”འཕངས་པ་དང་། མིག་སྔར། འཆི་རྨས་བྱུང་བའི་གནས་འཕྲིན་མེད། 
    ཨ་རིའི་ཟུར་ལྔའི་ཐོག་ཁང་གིས་དེར་མཐུད་ནས་ར་སྤྲོད་བྱས་པ་དང་། “མེ་ཤུགས་འཕུར་མདའ་ནི་དབྱི་རན་གྱིས་འཕངས་པར”བཤད། ཕོ་བྲང་དཀར་པོས། ཨ་རི་ཕྱོགས་ཀྱིས་ཨ་དམག་དབྱི་རག་རྟེན་གཞིར་འཇབ་རྒོལ་ཐེབས་པའི་གནས་ཚུལ་སྐོར་ཤེས་རྟོགས་བྱུང་ཡོད་པར་བསྟན་པ་དང་། ཙུང་ཐུང་ཐེ་རོམ་ཕུ་ཡིས་དེའི་ཐད་ཀྱི་གསར་འགྱུར་མདོར་བསྡུས་ལ་ཉན་པ་དང་། གནས་ཚུལ་གྱི་འཕེལ་ཕྱོགས་ལ་དོ་ཁུར་ཟབ་མོ་བྱེད་བཞིན་ཡོད་ཅེས་བསྟན།
    སྨྱན་སྦྱོར་གྱིས་དབྱི་རག་བདེ་འཇགས་སྡེ་ཁག་གིས་གནས་ཚུལ་དྲངས་ནས།  ཨ་དམག་སྡོད་པའི་དབྱི་རག་གི་ཨ་ས་དེ་མཁའ་དམག་རྟེན་གཞི་རུ་ཚེས་8ཉིན་“མེ་ཤུགས་འཕུར་མདའ”ཡིས་འཇབ་རྒོལ་ཐེབས་ཡོད་པ་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1