གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༠༩ཉིན།

དཀར་མཛེས་ཁུལ་གྱིས་གྲོང་སྡེའི་གློག་རྡུལ་ཚོང་དོན་ཟོང་འགྲུལ་སྡེབ་སྐྱེལ་རླངས་འཁོར52སྡེབ་སྤྲོད་བྱས།


  རང་ཁུལ་གྱིས་གྲོང་སྡེའི་གློག་རྡུལ་ཚོང་དོན་ཟོང་འགྲུལ་སྡེབ་སྐྱེལ་རླངས་འཁོར52སྡེབ་སྤྲོད་བྱས།

        སྤྱི་ཟླ་དང་པོའི་ཚེས5ཉིན། དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་སྤྱི་འདོམས་དང་སྤྱི་ཡོངས་ཀྱིས་སྐུལ་འདེད་གཏོང་བ་ཞེས་པའི་གློག་རྡུལ་ཚོང་དོན་གྲོང་སྡེར་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞིའི་ཟོང་འགྲུལ་སྡེབ་སྐྱེལ་རླངས་འཁོར་སྤྲོད་པའི་མཛད་སྒོ་དེ་དར་མདོ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ཁུལ་དུ་སྤེལ་བ་རེད། སྡེབ་སྐྱེལ་རླངས་འཁོར52དེ་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་གྲོང་སྡེར་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་ལས་གཞི13གྱི་སྒྲུབ་འགན་འཁུར་མཁན་ཁེ་ལས་ལ་བདེ་བླག་ངང་སྤྲད་པ་རེད། ད་བར་ཁུལ་ཡོངས་ཀྱིས་སྡེབ་སྐྱེལ་རླངས་འཁོར197བསྡུ་བསྒྲིལ་བྱས་ནས་ཁུལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གཤམ་གཏོང་དང་བཟོ་ལས་ཐོན་རྫས་གཤམ་གཏོང་གི་དགོས་མཁོ་སྤྱིར་ན་སྐོང་ཐུབ་པ་དང་། དེའི་ཐོག་ནས་རང་ཁུལ་གྱི་གྲོང་སྡེའི་གློག་རྡུལ་ཚོང་དོན་ཁུལ་དང་རྫོང་། ཡུལ་ཤོག གྲོང་སྡེ་བཅས་རིམ་པ་བཞིའི་ཟོང་འགྲུལ་སྡེབ་སྐྱེལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་དུས་མཚམས་གསར་བ་ཞིག་ཏུ་བསླེབས་པ་ཡིན་ལ། རང་ཁུལ་གྱི་གྲོང་སྡེའི་ཟོང་འགྲུལ་ཐུན་མོང་ཐོག་སྡེབ་སྐྱེལ་དངོས་སུ་བྱེད་འགོ་ཚུགས་པ་ཡང་རེད།།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1