ཨི་རན་ཉིང་རྡུལ་གནད་དོན་གྱི་རེས་འཁོར་གསར་པའི་གྲོས་མོལ་མ་སི་ཁད་དུ་མཇུག་བསྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14


སྤྱི་ཟླ་11པའི་ཚེས11ཉིན་གྱི་མཚན་མོར། ཨོ་མན་གྱི་རྒྱལ་ས་མ་སི་ཁད་དུ་ཨི་རན་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་དང་ཨི་རན་གྱི་འཐུས་མིས་གཙོ་སྒྲུབ་བྱས་པའི་ཨི་རན་ཉིང་རྡུལ་གནད་དོན་སྐོར་གྱི་རེས་འཁོར་གསར་པའི་གྲོས་མོལ་ཚོགས་འདུ་མཇུག་བསྒྲིལ།

གྲོས་མོལ་མཇུག་བསྒྲིལ་རྗེས་ཀྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཨོ་མན་ཕྱི་འབྲེལ་ལས་དོན་གྱི་འགན་ཁུར་བློན་ཆེན་ཨ་ལ་ཝེ་ཡིས། འགལ་བ་མང་པོ་ཐག་གཅོད་བྱེད་དཀའ་བའི་རྐྱེན་གྱིས་ཨི་རན་ཉིང་རྡུལ་གནད་དོན་སྐོར་གྱི་དབྱེ་འབྱེད་གྲོས་མོལ་ལ་གྲུབ་འབྲས་ཐོབ་རྒྱུ་དཀའ་མོ་འདུག འོན་ཀྱང་དབྱེ་འབྱེད་གྲོས་མོལ་ནང་ཞུགས་མཁན་ཕྱོགས་ཁག་སོ་སོས་ཟླ་འདིའི་ཚེས་24ཉིན། ཨི་རན་ཉིང་རྡུལ་གནད་དོན་སྐོར་ལ་ཕྱོགས་ཡོངས་ཀྱི་གྲོས་ཆོད་འཇོག་ཐུབ་པའི་བསམ་འདུན་དྲག་པོ་ཡོད་ཅེས་བསྟན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1