རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་འཚོགས་པ་དང་་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 01-10


        ཟླ་དང་པོའི་ཚེས་དགུའི་ཉིན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། 

        རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་པུའུ་ཀྲང་གྲོས་ཚོགས་ཚེས་དགུའི་ཉིན་པེ་ཅིན་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་ལེན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པ། ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དུ་བསྟར་ཏེ། རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མིའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས་ཟེར།
        ཝང་དབྱང་གིས་འདས་པའི་ལོ་གཅིག་རིང་གི་འཐབ་ཕྱོགས་ཁོངས་གཏོགས་ཀྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁྲོད་ཀྱི་ལམ་ལུགས་ཀྱི་ལེགས་ཆ་སྔོན་འདོན་གཏིང་ཟབ་བྱེད་པ། གང་ཞིག་རྒྱུན་འཁྱོངས་སྲ་བརྟན་དུ་གཏོང་དགོས་པ་དང་གང་ཞིག་འཐུས་ཚང་འཕེལ་རྒྱས་སུ་གཏོང་དགོས་པ་གསལ་བོར་ཤེས་པར་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས་བྱས་རྗེས་འཇོག་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གོང་བུ་སྒྲིལ་ཤུགས་གཅིག་བསྡུ་བྱེད་པ་གཙོ་གནད་དུ་བཟུང་ནས། ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་ལ་གནད་འཁེལ་དབུལ་སྐྱོར་བྱེད་པའི་བྱ་འགུལ་ལ་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། དམངས་གཙོ་ཏང་ཁག་གིས་མུ་མཐུད་དུ་འགོ་ཁྲིད་ནས་དབུལ་ཐར་མཁྲེགས་གཏོར་དམངས་གཙོ་ལྟ་སྐུལ་བཟང་བོར་སྒྲུབ་པ་དང་། ཏང་ཕྱིའི་མི་སྣ་དག་ལ་མཐུན་སྒྲིལ་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་བཟང་བོར་འཆད་དགོས་པར་མ་ཟད། དྲང་ཕྱོགས་ཀྱི་ནུས་ཚད་དྲིལ་སྒྲོག་བཟང་བོ་བྱེད་དགོས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་ནུས་ཡོད་སྒོས་སྐུལ་འདེད་གཏོང་བ་དང་། རྨང་གཞི་བཟང་བོ་བརྟན་པོར་འདིང་བ་དང་གཞི་རྩ་དམ་འཛིན་བྱེད་པ། ཡུན་རིང་ལ་ཕན་པའི་བྱ་བ་སྒྲུབ་ནས་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ངེས་པ་དོན་གྱིས་ཁག་ཁུར་བྱེད་ཐུབ་དགོས་ཟེར།
        ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱིག་ཆོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐར་གྲོས་ཚོགས་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1