གནས་སྤོ་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ།

རྩོམ་སྒྲིག་པ།ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 01-13




 
     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ། ང་ཚོས་ད་ལྟ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཅེས་འཇོལ་རྫོང་ཡུན་ལིན་ཤང་འབྲུ་རྭ་གྲོང་མི་ཚོ་ཆུང་གི་གནས་སྤོ་ཡུལ་གྱི་རྒན་མོ་སྒྲོལ་དཀར་གྱིས་འདི་ལྟར་བཤད་བྱུང་།
    འབྲུ་རྭ་གྲོང་མི་ཚོ་ཆུང་ནི་འཇོལ་རྫོང་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཁྲོད་ཚོ་ཆུང་ཧྲིལ་བོ་གནས་སྤོ་བའི་རྣམ་གྲངས་ས་ཚིགས་ཡིན་པ་རེད། དེ་སྔོན་འབྲུ་རྭའི་གྲོང་མི་ཚོ་ཆུང་དེ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི3400ཡིན་པའི་མཐོ་སྒང་དུ་ཆགས་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་། རྡོ་ཧྲུག་གིས་གྲུབ་པའི་ཀྱག་ཀྱོག་གི་ལམ་ཆུང་ཞིག་ཡོད་པ་དང་། དེ་བས་གདུག་རྩུབ་ཆེ་བ་ནི་ཆུ་དཀོན་པ་དང་། དབྱར་དུས་ཐན་པ་དང་ཆུ་དཀོན་པ། དགུན་དུས་གྲང་ངར་ཆེ།ད་ལྟ་གྲོང་མི་ཡོངས་ཀྱིས་འཚོ་སྡོད་འཚམས་པའི་རྫ་ཆུའི་འགྲམ་དུ་གནས་སྤོར་བ་དང་། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་གྱི་སྒོ་འགྲམ་དུ་ཐོན་ཡོད་པ་མ་ཟད། ད་དུང་ལས་འགོ་བཙུགས་ནས་སྣུམ་ནག་འདིང་རྩིས་བྱེད་ཀྱི་ཡོད། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་མ་ཟད། རང་འབབ་ཆུ་ཡང་ཁྱིམ་ཚང་རེ་རེའི་ཁྱིམ་དུ་འབྱོར་ཡོད། གསར་འགོད་པས་བགྲེས་སོང་སྒྲོལ་དཀར་གྱི་ཁྱིམ་དང་དེ་བཞིན་གཙང་སྦྲ་དོད་པོ་ཡོད་པ་མཐོང་བྱུང་།       མཛེས་སྤྲས་བྱས་པ་ཡང་བཟང་། རྒན་རྒོན་གྱིས་ད་ལྟ་རྫོང་དུ་སོང་ན་ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད། དེ་སྔོན་རི་སྟེང་དུ་དགུན་ཁར་སླེབས་སྐབས་ཕྱི་རོལ་དུ་ཁ་བས་གཡོགས་པ་དང་། མགོ་བོ་ན་བ་དང་ཚ་བ་རྒྱག་པ་སོགས་ནད་གཞི་ཆུང་ངུ་སོགས་བྱུང་ན་སྨན་ཁང་དུ་གཏན་ནས་སྐྱོད་ཐུབ་ཀྱི་མེད་ཟེར། ས་མཐོར་འཚོ་བ་སྐྱེལ་བཞིན་ཡོད་པའི་དབང་གིས་གྲོང་ཚོའི་རྒན་རྒོན་མང་པོར་ཁྲག་ཤེད་མཐོ་བའི་ནད་སོགས་ས་མཐོའི་ནད་གཞི་ཕོག་ཡོད། ད་ཆ་དྲག་སྐྱེད་བྱུང་ནས་ནད་གཞི་ཞི་ལྷོད་དུ་ཕྱིན་པ་མ་ཟད། ནད་བཅོས་བྱེད་རྒྱུ་ཡང་ཧ་ཅང་སྟབས་བདེ་བ་དང་ཁྱིམ་ཚང་ཚང་མས་རླངས་འཁོར་ཉོས་ནས་ཆུ་ཚོད་ཕྱེད་ཀ་ཙམ་ནང་རྫོང་དུ་སླེབས་ཐུབ་ཀྱི་ཡོད། རྒན་མོའི་ཚ་བོ་གཉིས་རྫོང་མཁར་དུ་སློབ་ཆུང་འགྲིམ་བཞིན་ཡོད་པ་དང་མག་པ་རྫོང་དུ་སླེབས་ནས་གཟའ་མཇུག་ཏུ་རང་སྦྱོང་གྲོལ་རྗེས་ཕྲུ་གུ་ཁྱིམ་དུ་བསུ་བར་ཡོང་གི་ཡོད་ཅེས་བཤད། 
    གསར་འགོད་པས་གནས་སྤོས་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་མཐོང་བ་དང་། གནས་སྤོས་དུད་ཚང་དག་ཁ་སང་གི་དབུལ་པོའི་གནས་ལས་རྦད་དེ་ཐར་ཡོད་ལ་གནས་སྤོས་དུད་ཚང་གི་འབྱུང་འགྱུར་དེ་བས་བདེ་སྐྱིད་ལྡན་པ་ཡང་མཐོང་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1