དབུལ་ཐར་བྱུང་བའི་འབྲོག་པས་དགའ་དགའ་སྐྱིད་སྐྱིད་ཀྱིས་ལོ་སར་བསུ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-14



        སྤྱི་ཟླ་དང་པོའི་ཚེས5ཉིན།  ལི་ཐང་རྫོང་ཚེ་མགོན་ཡུལ་ཤོག་གི་སྨར་ཁམས་གྲོང་སྡེའི་ན་གཞོན་དང་བྱིས་པ་ཚོ་འཕེལ་བློའི་གཞིས་ཁང་དུ་འཛོམས་ནས་དགའ་དགའ་སྐྱིད་སྐྱིད་ཀྱིས་ལོ་གསར་པ་བསུ་བ་དང་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་རེད།
        སྨར་ཁམས་གྲོང་སྡེ་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི4187ཡོད་པ་དང་གྲོང་སྡེར་ཁྱོན་བསྡོམས་དུད་ཚང50དང་གྲོང་མི309ཡོད་པ་རེད། དེའི་ནང་ཡིག་ཚགས་བྱང་བུ་བཟོས་བའི་དུད་ཚང་དབུལ་ཕོངས29དང་གྲོང་མི་དབུལ་ཕོངས192ཡོད།  སྨར་ཁམས་གྲོང་སྡེ་ནི་ས་བབ་མཐོ་བའི་འབྲོག་ཁུལ་དང་ཤིན་ཏུ་དབུལ་ཕོངས་ཡིན་པའི་གྲོང་སྡེ་དཔེ་མཚོན་ཅན་ཞིག་རེད།    ཉེ་བའི་ལོ་ཤས་རིང་།  ལི་ཐང་རྫོང་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་གྱིས་དབུལ་སྐྱོར་དང་བློ་སྟོབས་དབུལ་སྐྱོར། བློ་རིག་དབུལ་སྐྱོར་བཅས་ཟུང་འབྲེལ་བྱས་ཤིང་།  ཕྱི་ཡི་རོགས་སྐྱོར་དང་ནང་གནས་སྒུལ་ཤུགས་སློང་བ་ཟུང་འབྲེལ་བྱས་ཏེ།  སྨར་ཁམས་གྲོང་སྡེར་རིམ་རྩིས་བྱས་ན་མ་དངུལ་སྒོར་འབུམ16བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོའི་དབུལ་སྐྱོར།  ཐོན་ལས་དབུལ་སྐྱོར།  འཛད་སྤྱོད་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ལག་བསྟར་གཏིང་ཟབ་བྱས་པ་རེད།  དུས་ཐུང་ལོ་གཉིས་རིང་འབད་བརྩོན་བྱས་པར་བརྒྱུད་སྨར་ཁམས་གྲོང་སྡེའི་རྣམ་པར་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད།  འཚོ་བའི་ཆུ་ཚད་མངོན་གསལ་མཐོ་རུ་ཕྱིན་པ་དང་འབབ་འཕར་བརྟན་པོ།   ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་སོང་བ་དང་དྲན་དྲིན་འདུ་ཤེས་བཅས་སྔར་བས་ཇེ་དྲག་ཏུ་ཕྱིན་ནས།  སྨར་ཁམས་གྲོང་སྡེ་དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྲོག་པའི་གྲོང་སྡེ་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1